མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བར་ཐུགས་རེ་ཡོད།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ས་ག་ཟླ་བའི་ཉིན་དང་པོར་བོད་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་བོད་ཀྱི་རྒྱལ་ས་ལྷ་སར་བཀའ་ཆོས་འཁྲིད་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་སོང་།

༧གོང་ས་མཆོག་གིས་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་བསྟུན། ༧མགོན་པོ་གང་ཉིད་མཆོག་མགྱོགས་མྱུར་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་ཞབས་སོར་བདེ་བར་འཁོད་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་སོང་།
ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༠ ཉིན།

དེ་རིང་སྔ་དྲོ་ཆུ་ཚོད་ ༧ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ ས་ག་ཟླ་བའི་ཉིན་དང་པོའི་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ། ༧གོང་ས་མཆོག་གང་མགྱོགས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་ཞབས་སོར་བདེ་བར་འཁོད་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་སྐོར་གསུངས་སོང་།

སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་འདིར་སྐབས་སུ་འབབ་པ་ལ་མ་ཎི་དུང་སྒྲུབ་དབུ་འཛུགས་ཞུ་ཡི་ཡོད་དུས། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུང་སྔགས་བགྲང་བ་དང་ཆབས་གཅིག གཙོ་བོ་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་ཡིན་སྟབས། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་འདུག སྤྱིར་བཏང་ང་ཚོ་བོད་པ་ཚོ་མི་གཞན་དང་བསྡུར་ན་འཛུམ་ཞིག་ཞིག་ཡོད། དེ་མུ་མཐུད་རྒྱུན་འཛིན་ཐུབ་པ་དང་མི་རབས་གསར་པ་ཚོས་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་མི་ཡིན་བསམས་ཏེ། ཆུང་ཆུང་གི་སྐབས་ནས་བཟུང་སེམས་ལ་འཇགས་ཐུབ་པ་ཞིག་ཚང་མས་གནང་ཤོག་ཨཱ

ང་ཚོས་མ་ཎི་གསོག་པའི་ཚིག་ཙམ་མ་ཡིན་པར་དོན་དག་ལ་བསམ་བློ་ཡག་པོ་བཏང་སྟེ་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་ཐོག་གཞན་ཕན་གྱི་ལས་ལ་བརྩོན་དགོས་པ་དང་། གཞན་ལ་གནོད་སེམས་བརྣག་སེམས་སོགས་མི་བྱེད་པ་ནི་ང་ཚོ་བོད་པའི་གོམས་གཤིས་རེད་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་རྟགས་མཚན་ཡང་དེ་དག་ཆགས་ཡོད། དེར་བརྟེན། ངོས་རང་ཚུད་པའི་ང་ཚོ་ཚང་མས་ཧུར་ཐག་འབད་ཐག་གནང་ཤོག་ཨཱ། མ་ཎི་དུང་སྒྲུབ་ཀྱི་སྙིང་བོ་ནི་བྱང་ཆུབ་ཀྱི་སེམས་སྒོམ་ནས་བསམ་བློ་ཡག་པོ་གཏོང་རྒྱུ་དེ་རེད།

ཡང་བོད་དོན་ལ་འགྱུར་བ་ཡོང་རྒྱུ་ཡིན་སྐོར་ལ་༧གོང་ས་མཆོག་གིས། བོད་ལ་འགྱུར་བ་གཏན་ཏན་ཡོང་ས་རེད། དེ་རིང་ཁ་སང་རྒྱ་ནག་ལ་འགྱུར་བ་འགྲོ་ཡི་ཡོད། ངོས་ལའང་ཚུར་འབྲེལ་བ་དེ་འདྲ་ཡོང་གི་འདུག རིང་པོར་མ་གཏོགས་པར་ང་རང་ཚོ་བོད་གཞིས་ལུས་རྒྱ་ཆེ་མི་མང་དང་ཐུག་ནས་རྩེ་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་ཇོ་བོ་སོགས་སུ་ཡག་པོ་མཇལ་བ་དང་། ངོས་ནས་རྟག་པར་ལྷ་སའི་བཞུགས་ཁྲི་གླིང་ག་ཟེར་ནས་རྒྱ་ཆེན་པོ་ཞིག་ཡོད་པ་དེ་དྲན་གྱི་འདུག ངོས་ནས་དེར་སངས་རྒྱས་པའི་ཆོས་ངོ་སྤྲོད་དང་འབྲེལ་ནས། སོ་སོར་བསམ་ཚུལ་ཡོད་པ་དག་བཤད་པའི་གོ་སྐབས་ཤིག་ཕལ་ཆེ་ཡོད་པའི་བཟོ་འདུག དེ་ནས་ཚང་མས་ཧུར་ཐག་གནང་ཤོག དེ་རིང་ང་ཚོས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་མ་ཎི་དུང་སྒྲུབ་བྱེད་ཀྱི་ཡོད། ཁ་ནས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཚིག་བརྗོད་པ་ཙམ་མ་ཡིན་པར་སེམས་གཏིང་ནས་བསམ་པ་བཟང་པོ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་ཐབས་ཤེས་ཟུང་འབྲེལ་གྱི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་བློ་སྦྱོང་གནང་ཤོག ངོས་རང་གིས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། ཁྱེད་རང་ཚོ་ངོས་ཀྱི་ཆོས་གྲོགས་ཡིན་པས། ཞོགས་པ་ཡར་ལངས་པ་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཤོག ཅེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese