མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པ་དེ་དངོས་ཡོད་ཅན་དུ་འགྱུར་ཉེན་ཡོད།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

དྲང་བདེན་མིན་པའི་ལོ་རྒྱུས་དེ་དག་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བཀོལ་སྤྱོད་བྱས་ཚེ་དེ་ནི་དངོས་ཡོད་ཀྱི་ལོ་རྒྱུས་བཞིན་གལ་ཆེན་ཞིག་ཏུ་འགྱུར་ཉེན་ཡོད་སྐོར་བརྗོད་སོང་།

བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༥།༢༢

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྒྱ་གར་གྱི་འབུམ་རམས་པ་སྐུ་ཞབས་ཇཱ་བྷིན་ཐོ་མ་སི་ (Dr Jabin thomas Jacob) ལགས་ཀྱིས་རྒྱ་ནག་གཞུང་གི་རྒྱལ་སྤྱི་དང་རྒྱལ་ནང་གི་བྱེད་སྒོ་ ( China’s  International Domestic affairs) ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་ཅིང་། ཚོགས་འདུ་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་སོགས་ཀྱིས་ཀྱང་མཉམ་ཞུགས་གནང་འདུག

སྐབས་དེར་འབུམ་རམས་པ་སྐུ་ཞབས་ཇཱ་བྷིན་ཐོ་མ་སི་ལགས་ཀྱིས།  ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་རྐྱེན་གྱིས་རྒྱ་དཀར་ནག་གཉིས་གཙོས་ཨེ་ཤ་ཡའི་རྒྱལ་སྤྱིའི་ཆབ་སྲིད་སྣེ་འཁྲིད་ཀྱིན་པའི་ལེའུ་དེ་མཇུག་བསྒྲིལ་ཡོད་ཅིང་། རྒྱ་གར་ལ་ཆ་མཚོན་ན། དུས་དེ་ནས་བཟུང་རྒྱ་ནག་ཕྱི་གསལ་ནང་གསལ་གྱིས་རྟོགས་ཐུབ་ཡོད། དེང་གི་ཆར་རྒྱ་ནག་གཞུང་དེ་རྒྱལ་ཁབ་རང་ག་བ་ཞིག་མིན་ལ། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་བཟུང་བའི་ཚོང་འབྲེལ་ལའང་དམིགས་འབེན་ངེས་ཅན་ཞིག་ཡོད་པའི་ཁར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་སྲུང་བྱེད་ཀྱི་མེད་སྐོར་དང་། སྤྱིར་མི་མང་པོ་ཞིག་གིས་རྒྱ་ནག་ནི་མགོ་ཁྲིད་སོགས་ཡོད་པའི་རྒྱལ་ཁབ་རང་ག་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་ནི་ཆབ་སྲིད་ཚོགས་པ་གཅིག་གིས་དབང་བསྒྱུར་འོག་གི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་དེ་རྒྱལ་ཁབ་རང་ག་བ་ཞིག་ཡིན་པའི་འདུ་ཤེས་དེ་དོར་ཐབས་བྱ་དགོས་པ་མ་ཟད། རྒྱལ་ཁབ་མང་པོ་ཞིག་གི་ཆབ་སྲིད་ཚོགས་པ་མང་དག་ཅིག་ལོ་ནས་ལོ་རེར་བརྗེས་དང་བརྗེ་མུས་ཡིན་ཡང་། རྒྱ་ནག་དམར་ཤོག་གཞུང་གིས་ཆབ་སྲིད་ཀྱི་དབང་ཆ་གཅིག་སྡུད་བྱེད་ཀྱི་ཡོད་པ་ལས།   རྒྱ་ནག་གཞུང་དམངས་གཉིས་སུ་དམིགས་བསལ་གྱི་སེམས་ཁུར་དང་གཞོགས་འདེགས་གང་ཡང་བྱེད་ཀྱི་མེད་པར། དམར་ཤོག་ཚོགས་པའི་དབང་ཆ་དང་གོ་གནས་སྲ་བརྟན་གཙོ་བོར་འཛིན་གྱི་ཡོད་པས། རྒྱལ་ཁབ་གཞན་གྱི་ལམ་ལུགས་དང་། ལངས་ཕྱོགས། དམིགས་འབེན་སོགས་དང་མི་འདྲ་སྐོར་སོགས་བརྗོད་སོང་།

ཁོང་གིས། རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་དང་དཔལ་འབྱོར་སོགས་ཀྱི་ཐད་ནས་རྒྱལ་ཁ་ཤུགས་ཆེན་བླངས་ཡོད་པས། རྒྱ་ནག་གིས་འཛམ་གླིང་འཕེལ་རྒྱས་ཀྱི་གནད་དོན་དེ་དག་སྣང་མེད་ལ་འཇོག་གི་ཡོད་ཀྱང་། རྒྱ་གར་གཙོས་རྒྱ་ནག་གི་ཁ་གཏད་དུ་ལང་མུས་ཡིན་པའི་རྒྱལ་ཁབ་དག་གིས་རྒྱ་ནག་གི་དར་རྒུད་ཀྱི་གནད་དོན་དེ་དག་ཤེས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། ཉེ་ལམ་རྒྱལ་ཁབ་གཞན་དུ་ཡོད་པའི་རྒྱ་ནག་དམར་ཤོག་འཐུས་མི་ཁག་གིས་ཀྱང་། རྒྱ་ནག་གི་ལྟ་བ་དང་ལངས་ཕྱོགས་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་དག་གི་མི་མང་དང་སྒྲིག་འཛུགས་ཁག་ལ་འཇིགས་སྐུལ་དང་ཉེན་བརྡ་གཏོང་གིན་ཡོད་ཅིང་། དེ་ནི་མགོ་ཁྲིད་དང་འཐུས་མི་དེ་དག་གིས་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་ཁ་ཕྱོགས་དང་བསྟུན་ནས་ལས་དོན་གཉེར་གྱིན་ཡོད་པ་ལས། རྒྱ་ནག་གི་མི་མང་དང་རྒྱལ་ཁབ་ཀྱི་ཆེད་དུ་གཉེར་བའི་ལས་དོན་ཞིག་གཏན་ནས་མིན་སྐོར། དེ་བཞིན་རྒྱ་ནག་དམར་ཤོག་རིང་ལུགས་ཀྱིས་རྒྱ་ནག་ནང་དུ་རིག་གནས་གསར་བརྗེ་ཡི་ལས་འགུལ་སྤེལ་སྐབས། རྒྱ་ནག་གཞུང་གིས་རྒྱ་ནག་གི་གནའ་བོའི་ཤེས་རིག་དང་རིག་གནས་མང་དག་ཅིག་རྩ་མེད་དུ་བཏང་ཡོད་ཀྱང་། དེང་སྐབས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚུད་པའི་མི་རིགས་མང་པོ་ཞིག་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དྲང་བདེན་མེད་པའི་ལོ་རྒྱུས་མང་དག་ཅིག་བྲིས་ཡོད་སྐོར་སོགས་བརྗོད་སོང་།

ཡང་ཁོང་གིས། བོད་ལ་རིག་གཞུང་དང་ལོ་རྒྱུས་སོགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གཞུང་གི་ཁྱབ་ཁོངས་ཡིན་པའི་དྲང་ཚུགས་མེད་པའི་ལོ་རྒྱུས་མང་དག་བྲིས་ཡོད་ཅིང་། དྲང་བདེན་མེད་པའི་ལོ་རྒྱུས་དེ་དག་གི་ཁྲོད་ནས་རྒྱ་ནག་གཞུང་གིས་བོད་མིའི་མཆེད་ཁུངས་སོགས་ཀྱི་ཐད་འཁྱོག་བཤད་མང་དག་ཅིག་བྱེད་ཀྱི་ཡོད་པས། བོད་མི་ཚོས་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱེད་མུས་ཡིན་པའི་ལོ་རྒྱུས་དེ་དག་སྣང་མེད་དུ་མི་འཇོག་པར། དེའི་ཐད་གླེང་སློང་དང་དོ་སྣང་བྱ་དགོས་ཏེ། དྲང་བདེན་མིན་པའི་ལོ་རྒྱུས་དེ་དག་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བཀོལ་སྤྱོད་བྱས་ཚེ། དེ་ནི་དངོས་ཡོད་ཀྱི་ལོ་རྒྱུས་བཞིན་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མཚམས་རེར་སྤྱི་ཚོགས་ཀྱིས་དྲང་བདེན་མིན་པའི་ལོ་རྒྱུས་ལ་ངོས་འཛིན་དང་དང་ལེན་བྱེད་ཀྱི་ཡོད། དཔེར་ན། ད་ལྟ་མི་མང་དག་ཅིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་མང་དག་ཅིག་གི་གཞུང་སྒེར་ཚོགས་པ་ཁག་ལ་བོད་དེ་རྒྱ་ནག་གཞུང་གི་ཆ་ཤས་ཡིན་པ་སྐུལ་མ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese