མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཀློད་གྲོལ་བཏང་བའི་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་དང་ཁོང་གི་སྲིང་མོ་ཚེ་རིང་ལྷ་མོ་ལགས་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོར་གྱུར་འདུག

རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།

རྔ་བ་ཀིརྟི་དགོན་པའི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་རྣམས་སུ་བསྔོ་རྟེན་སོགས་ཕུལ་བའི་ཉེས་མིང་འོག ཕྱི་ལོ་ ༢༠༢༡ ཟླ་ ༤  ཚེས་ ༣ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བྱས་ཡོད་ཀྱང་། བཙོན་ཁང་དུ་འཚོ་བའི་མཐུན་རྐྱེན་དང་གཙང་སྦྲ་འཕྲོད་བསྟེན་ཞན་པའི་ཁར། ངལ་རྩོལ་སྒྱུར་བཀོད་དུ་བཏང་བར་བརྟེན་ཁོང་དང་ཁོང་གི་སྲིང་མོ་རྒན་པ་ཚེ་རིང་ལྷ་མོ་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོར་གྱུར་ཡོད་འདུག 

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོར་དགེ་བཤེས་བསོད་ནམས་རྒྱ་མཚོ་དང་ཁོང་གི་སྲིང་མོ་ཚེ་རིང་ལྷ་མོ། དེ་བཞིན་ཀིརྟི་དགོན་གྱི་གྲྭ་རྭ་ཆུང་དགེ་འདུན་གསུམ་གྱིས་བསྔོ་རྟེན་སོགས་ཕུལ་ལུགས་བཤད་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་། ཁོང་རྣམས་ལོ་གཅིག་ལྷག་རིང་བཀག་ཉར་གྱིས་འདྲི་བརྩད་བྱས་མཐར། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལོ་གཉིས་དང་། གྲྭ་རྭ་ཆུང་དགེ་འདུན་ལགས་སུ་ལོ་གསུམ་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ།  ཁ་སང་ཕྱི་ཚེས ༢༥ ཉིན་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་ནས་ཀིརྟི་དགོན་པར་ཕྱིར་ཕེབས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། 

ཡང་ཁོང་གིས། རྒྱ་ནག་གཞུང་གིས་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་གཟུགས་པོ་སྐམ་པོ་ཆགས་ཡོད་པའི་ཁར། གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོར་གྱུར་ཡོད་ཅིང་། དེ་བཞིན་ཟླ་གཅིག་ཙམ་གྱི་གོང་དུ་ཁོང་གི་སྲིང་མོ་རྒན་པ་ཚེ་རིང་ལྷ་མོ་ལགས་ཀྱང་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་མོ་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། གཟུགས་གཞིའི་གནས་སྟངས་སྐྱོ་བོར་གྱུར་ནས་ད་ལྟ་ཁྲིན་ཏུའུ་རུ་སྨན་བཅོས་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་། 

དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཆུང་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། ཨ་ཁུ་བློ་བསྟན་ལགས་ཀྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་ནས་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཡོད་ཅིང་། ཁོང་གིས་ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་འགན་ཁུར་མྱོང་འདུག་ལ། ནམ་རྒྱུན་དགོན་པ་དང་འབྲེལ་བའི་ཆབ་སྲིད་ཀྱི་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་སྟེ། ཀིརྟི་དགོན་པའི་དགེ་བཤེས་ཤེས་འཇོན་གཉིས་ལྡན་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Mobile App

ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་ཕྱོགས་བསྡུས།

༢༠༢༣/༡༢/༣༡
ཧོང་ཀོང་ནང་ཡོད་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་གསར་འགོད་རང་དབང་གི་སྙན་ཐོ།
Mobile App

བོད་ནང་དུ་གསར་འགོད་པ་སོགས་ཕྱི་མི་བསྐྱོད་པར་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན།

༢༠༢༣/༠༣/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese