མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བོད་པར་དུས་ད་ལྟ་བར་རིག་གཞུང་ལ་དཔྱད་པ་བྱས་པའི་ལམ་སྲོལ་ནུས་པ་དང་ལྡན་པ་ཞིག་ཡོད་པ་དེ། མུ་མཐུད་ནས་མི་རབས་རྗེས་མ་རྣམས་ལ་བརྒྱུད་སྤྲོད་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་ཅེས་གསུངས།

His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejorདེ་རིང་སྔ་དྲོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འཛམ་གླིང་རྒྱལ་ཁབ་ ༤༤ ནས་ཕེབས་པའི་ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དང་། གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་གྲངས་ ༤༨༤ གཙོས་ཁྱོན་མི་གྲངས་ ༥༠༠ ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ལྡི་ལི་བོད་ཁང་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་བཅས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་གནང་མཛད་ཡོད་པ་རེད།

བཀའ་ཆོས་དབུ་འཛུགས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐོག་མར་ཆོས་གྲོགས་རྣམས་ལ་འཚམས་འདྲི་མཛད་པ་དང་སྦྲགས། ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་ཆགས་ནས་ལོ་ཡུན་འདི་ཙམ་ཕྱིན་པ་དང་། རྒྱ་གར་ནང་གི་མི་མང་པོ་ངོ་ཤེས་པ་དང་བོད་གངས་ཅན་པའི་ཆོས་དང་རིག་གཞུང་ལ་གཞི་ནས་གོ་རྟོགས་གསར་པ་བསླེབས་པ་ཞིག་བྱུང་བ་རེད། རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། ། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། ། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་གསུངས་པ་རེད་ལ། ང་ཚོ་རྗེས་འཇུག་པ་ཚོར་དེ་འདྲ་གནང་དགོས་པའི་བསླབ་བྱ་བསྐྱོན་པ་རེད། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ་གསུངས་དུས། ནང་པ་མ་ཡིན་པའི་ཡུ་རོབ་གཙོས་ས་ཁུལ་དེ་དག་ཡི་ཤུ་ཆོས་ལུགས་དང་ཨ་རབ་ཁ་ཆེའི་ཆོས་ལུགས་བྱས་ནས་ཕྱིན་ཡོད་པ་མ་གཏོགས། ས་ཁུལ་དེ་དག་སྔོན་མ་ནང་ཆོས་དང་འབྲེལ་བ་མེད་པ་དང་རྒྱ་གར་གྱི་རིག་གཞུང་ལའང་དམིགས་བསལ་འབྲེལ་བ་གང་ཡང་མེད། ཡུལ་གྲུ་དེ་དག་ནང་ཆོས་དད་རང་མོས་ཡིན་ཡང་བར་སྐབས་ཆོས་ལུགས་ཀྱི་འགྲོ་སྟངས་ཐོག་ཕྱི་ཚུལ་ནས་སློབ་སྦྱོང་བྱས་ཏེ་སོ་སོའི་ཉམས་ལེན་བྱེད་པར་ཕན་ཐོགས་བྱུང་གི་ཡོད་སྟབས། དེང་སང་ཡུ་རོབ་དང་ཨ་རབ་ནང་རྒྱ་གར་གྱི་ཆོས་ལུགས་ལ་དོ་སྣང་དམིགས་བསལ་བྱེད་བཞིན་པ་ཞིག་ཡོང་གི་འདུག ཁག་ཅིག་གིས་འདོན་པ་དང་རོལ་མོ་སོགས་ལ་དོ་སྣང་བྱེད་ཀྱི་ཡོད་ཀྱང་། ཁ་ཤས་ཀྱིས་དངོས་གནས་དྲང་གནས་ནང་བསམ་བློར་འགྱུར་བ་བཏང་ནས་ཕན་ཐོགས་ཇི་ཙམ་བྱུང་གི་ཡོད་པའི་སྐོར་ལ་དོ་སྣང་བྱེད་མཁན་མང་ནས་ཇེ་མང་དུ་འགྲོ་ཡི་ཡོད། དེ་སྔ་ཆོས་ལ་དོ་སྣང་མེད་མཁན་རྣམས་ཀྱིས་བོད་གངས་པའི་ལྗོངས་ནས་ཡོང་བའི་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ལ་དོ་སྣང་གསར་པ་ཞིག་ཡོང་གི་ཡོད། ལྡི་ལི་བོད་ཁང་ལྟ་བུ་ཞིག་ཚུགས་ཐུབ་ན། སློབ་སྦྱོང་དང་བགྲོ་གླེང་བྱེད་ཡུལ་ཞིག་ཡོང་གི་ཡོད་སྟབས། ལྡི་ལི་བོད་ཁང་འདི་བཙུགས་པ་རེད།

སྔ་མོ་བོད་ལ་བོན་ཆོས་མ་གཏོགས་ནང་ཆོས་མེད་པ་དང་། དེ་ནས་ཆོས་རྒྱལ་སྲོང་བཙན་དང་ལྷག་པར་དུ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས། རྒྱ་གར་གྱི་ནང་ཆོས་དང་ལྷག་པར་དུ་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་སོགས་བོད་སྒྱུར་གནང་བ་མ་ཟད། བོད་ལ་སྐད་ཡིག་གསར་བཟོ་གནང་བ་སོགས་བོད་དུ་ནང་ཆོས་དར་སྤེལ་དང་ནང་པའི་མཁས་དབང་མང་པོ་བྱུང་བ་སོགས་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས། བར་སྐབས་ཤིག་ནས་བོད་དུ་ནང་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ། སེར་འབྲས་དགའ་གསུམ་གྱི་གཙོས་བཀྲ་ཤིས་ལྷུན་པོ་སོགས་དགོན་པ་མང་པོ་ཞིག་བཤད་གྲྭ་བྱས་པ་དང་སློབ་སྦྱོང་བྱེད་སྟངས་ཀྱང་རྟགས་གསལ་གཏོང་བ་དང་རིག་ལམ་གྱི་ཐོག་ནས་དཔྱད་པ་གཏོང་བའི་དར་སྲོལ་ཆེན་པོ་བྱུང་ཡོད། དེའི་ཐོག་ནས་གཞུང་དོན་གང་ཡིན་ལ་དཔྱད་པ་མཐིལ་ཕྱིན་པ་བྱེད་པའི་ལམ་སྲོལ་ཡག་པོ་བྱུང་འདུག་ལ། དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་ནང་པའི་ལུང་པོ་མང་པོ་ཡོད་པ་དང་དེའི་ནང་ཚན་དུ་ནཱ་ལནྡཱའི་ཆོས་བརྒྱུད་འཛིན་པ་མང་པོ་ཡོད་པ་རེད་དེ། རིག་ལམ་གྱི་ཐོག་ནས་སྒྲོ་འདོགས་བྱེད་པར་ང་ཚོ་བོད་པ་དྲག་ཤོས་རེད་འདུག དེང་སང་ནུབ་ཕྱོགས་ཀྱི་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པར་དོ་སྣང་དམིགས་བསལ་བྱེད་ཡོད་དུས། དེ་ལ་འགྲེལ་བཤད་རྒྱག་མཁན་དྲག་ཤོས་བོད་པ་ཤེས་ཡོན་ཅན་ཚོ་རེད། ཅེས་གསུངས།

ཡང་ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་ལ་༧མགོན་པོ་མཆོག་གིས། ངོས་ནས་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་གལ་ཆེན་ཡིན་པ་ཤོད་ཀྱི་ཡོད་ལ། ངོས་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ཡང་ཧིན་རྡུ་དང་ཁ་ཆེ། ཡི་ཤུའི་ལྷ་ཁང་ཚང་མའི་ནང་ཕྱིན་ཏེ། ཆོས་ལུགས་སོ་སོའི་སྐྱབས་ཡུལ་བཞིན་དད་པ་དང་རྗེས་སུ་ཡི་རངས་བྱས་ཏེ་འགྲོ་བཞིན་ཡོད། ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ཨབ་གྷན་ནེ་སི་ཐན་ནང་ཞི་ཡ་དང་སོ་ནེ་གཉིས་སྤྱི་ཡོངས་ཀྱི་ཆ་ནས་ཁ་ཆེའི་ཆོས་བརྒྱུད་གཅིག་པ་རེད་དེ། ནང་གསེས་ཀྱི་ཆ་ནས་ཞི་ཡ་དང་སོ་ནེ་བར་རྙོག་དྲ་ཏོག་ཙམ་ཡོང་གི་འདུག འོན་ཀྱང་། ཆོས་ལུགས་ཚང་མའི་བསླབ་བྱ་ནི་སེམས་བཟང་པོ་བྱ་རྒྱུ་གཅིག་གྱུར་རེད། སེམས་བཟང་པོ་བྱེད་པར་རང་རང་གི་ལྟ་གྲུབ་ཐོག་ནས་འགྲེལ་བཤད་རྒྱག་སྟངས་ཡོད་ཀྱང་། ཆོས་བྱེད་མཁན་ཚང་མའི་སྙིང་པོ་ནི་སེམས་པ་བཟང་པོ་དགོས་པ་གཅིག་གྱུར་རེད་འདུག ཅེས་གསུངས།

ངོས་རང་རྒྱ་གར་ལ་བཙན་བྱོལ་ཡོང་ནས་གནས་སྟངས་མང་པོ་ཞིག་མཐོང་ཡོང་དུས། བོད་ཀྱི་སློབ་གཉེར་བྱེད་སྟངས་དེ་ཞེ་དྲགས་སྤུས་དག་པོ་རེད་འདུག སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་བདུན་ནས་མཚན་ཞབས་པ་བདུན་ཡོད་རེད། མཚན་ཞབས་པ་ཁ་ཤས་རིག་གནས་ལ་མཁས་པ་དང་། ཡང་ཁ་ཤས་དངོས་གནས་དྲང་གནས་མཁས་པ་ཆེན་པོ་རེད། དེ་དག་གི་ཁྲོད་ལ་ངོས་རང་གིས་མཚམས་མཚམས་ཇམ་པ་བཤད། མཚམས་མཚམས་ཐུབ་ཚོད་བཤད་ནས་རྟགས་གསལ་གཏོང་གི་ཡོད། དེ་རིང་འདིར་འཛོམས་པའི་མི་མང་པོ་ཞིག་གི་མི་རབས་རྫོགས་འགྲོ་ཡི་ཡོད་པས། དུས་ད་ལྟ་བར་རིག་གཞུང་ལ་དཔྱད་པ་བྱས་པའི་ལམ་སྲོལ་ནུས་པ་དང་ལྡན་པ་ཞིག་ཡོད་པ་དེ། མུ་མཐུད་ནས་མི་རབས་རྗེས་མ་རྣམས་ལ་བརྒྱུད་སྤྲོད་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད། ངོས་རང་ལ་ཆ་མཚོན་ན་ཆུང་ནས་སློབ་སྦྱོང་བྱེད་སྐབས། འགྲེལ་བཤད་གང་བྱུང་ཚད་ལ་ཁས་ལེན་བྱ་རྒྱུ་ཁག་པོ་འདུག་ལ། ངོས་རང་ལ་ཏཱ་ལའི་བླ་མའི་མཚན་གནས་ཡོད་དུས། རྡོ་དང་དབྱུག་པ་བཀོལ་ནུས་ཀྱི་མེད་སྟབས། རིག་པས་དཔྱད་ནས་ནང་འགལ་དེ་དག་རྩལ་དུ་བཏོན་ནས་དཔྱད་པ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་རང་སྟོན་པའི་རྗེས་འབྲངས་པ་རེད། སྟོན་པའི་བསླབ་བྱ་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་རེད་འདུག ངོས་རང་ལ་ཆ་བཞག་ནའང་ཞོགས་པར་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་བསམ་བློ་བཏང་། རྟེན་འབྲེལ་བསྟོད་པ་འདོན་ནས་སྟོང་ཉིད་ཀྱི་ལྟ་བ་བསམ་བློ་བཏང་། ངོས་རང་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་མཐིལ་ཕྱིན་པ་བྱེད་ཀྱི་ཡོད། དེ་ལྟར་བྱས་ནས་བློ་བདེ་པོ་ཆགས་ཡོང་གི་འདུག ཆོས་བྱས་པའི་དོན་དག་དེ་བཤད་རྒྱུའི་དོན་དག་མ་རེད། སེམས་ལ་བཟོ་བཅོས་བརྒྱབ་ནས་དངོས་གནས་དྲང་གནས་སེམས་ལ་ཞི་བདེ་ཆགས་ཡོང་དུས། དངོས་གནས་དྲང་གནས་ཀྱིས་སེམས་ལ་ཕན་ཡོང་གི་ཡོད་པ་དང་། ལུས་ལ་ངལ་གསོ་ཐེབས་པ་སོགས་ཡག་པོ་ཞེ་དྲགས་རེད་འདུག དམིགས་བསལ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་ཀྱི་ཡོད་རེད་དེ། ཉམས་ལེན་བྱེད་དུས་དེའི་ཞོར་ལ་ལུས་བདེ་བ་དང་སེམས་སྐྱིད་པ། བག་ཕེབས་པ་ཡོང་གི་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese