མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་སྲིད་ཇུས་ནང་ཚུད་དེ་ལོ་རེ་བཞིན་བུ་ལོན་འཇལ་མ་ཐུབ་པར་རྒྱལ་ཁབ་སོ་སོའི་མི་མང་གི་འཚོ་གནས་ལའང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023

ཨ་རིའི་ཨེ་ཕི་གསར་ཁང་ (AP) གི་ཉམས་ཞིབ་སྙན་ཐོ་ལྟར་ན། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་དཔལ་འབྱོར་གྱི་སྲིད་ཇུས་འོག པཱ་ཀི་སི་ཐན་དང་། ཁེན་ཡཱ། ཛམ་བྷི་ཡ། ལཱོ་སི། ལྷོ་སོག་སོགས་འཛམ་གླིང་རྒྱལ་ཁབ་ ༡༢ ཀྱིས་རྒྱ་ནག་ནས་བུ་ལོན་གཡར་བ་མང་དྲགས་པའི་རྐྱེན་གྱིས་དཔལ་འབྱོར་ཉམས་རྒུད་ཤུགས་ཆེན་ཕྱིན་པ་མ་ཟད། བུ་ལོན་ཆེན་པོའི་ནང་ལྷུང་གི་ཡོད་འདུག རྒྱལ་ཁབ་དེ་དག་གི་ཕྱི་དངུལ་ལས་བརྒྱ་ཆ་ ༥༠ ཡས་མས་རྒྱ་ནག་ནས་ཡོང་གི་ཡོད་འདུག འདས་པའི་ལོ་མང་ནང་ཛམ་བྷི་ཡ་དང་ཁེན་ཡཱ་སོགས་ཀྱིས་བུ་ལོན་སྤྲོད་མ་ཐུབ་པར་བརྟེན། བུ་ལོན་ཕྱེད་ཆག་དང་དུས་ཡུན་ཕར་འགྱངས་དགོས་པའི་རེ་འདུན་འདོན་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཆག་ཡང་དང་དུས་ཡུན་ཕར་འགྱང་གཏོང་རྒྱུ་མིན་སྐོར་བསྒྲགས།

སྤྱིར་བཏང་རྒྱ་ནག་གི་གཡར་དངུལ་དེ་དག་སློབ་གྲྭ་གསར་འཛུགས་དང་། གློག་འཛུགས་སྐྲུན། བཟའ་ཆས་དང་རླངས་རྫས་སོགས་ཀྱི་ཆེད་དུ་བེད་སྤྱོད་གཏོང་བཞིན་ཡོད་འདུག དཔེར་ན། པཱ་ཀི་སི་ཐན་ནང་དུ་ཕྱི་རྒྱལ་གྱི་དངུལ་བུན་ཆེ་དྲགས་པའི་རྐྱེན་གྱིས་གྱོན་ཆས་བཟོ་ཚོང་བྱེད་མཁན་མི་གྲངས་ས་ཡ་འགའི་ལས་ཀ་ཤོར་ཡོད་པ་དང་། སྲིད་གཞུང་ནས་གློག་གི་འཛུགས་སྐྲུན་དང་འཕྲུལ་ལས་ཐད་རང་ཁ་རང་གསོ་གཏན་ནས་ཐུབ་ཀྱི་མེད་འདུག དེ་བཞིན་སེངྒ་ལའི་ནང་དུ་རྒྱལ་སྤྱིའི་དངུལ་བུན་དུས་ཐོག་ཏུ་སྤྲོད་མ་ཐུབ་པའི་རྐྱེན་གྱིས་ལས་བཟོ་བ་འབུམ་ ༥ ཡི་ལས་ཀ་ཤོར་ཡོད་པས། རྒྱལ་ཁབ་དེའི་ཅ་དངོས་ཀྱི་རིན་གོང་བརྒྱ་ཆ་ ༥༠ འཕར་ཡོད་པ་དང་།  རྒྱལ་ཁབ་དེའི་མི་གྲངས་མང་ཤོས་ལ་འཚོ་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཛམ་བྷི་ཡ་ལྟ་བུར་མཚོན་ན། ཕྱི་རྒྱལ་གྱི་དངུལ་བུན་དེ་དག་འཕྲོད་བསྟེན་ལྟ་སྐྱོང་དང་ཞིང་པའི་ཆེད་དུ་གཏོང་བཞིན་ཡོད་ཀྱང་། དངུལ་བུན་གྱི་སྐྱེད་ཀ་ཧ་ཅང་མཐོ་བོ་ཆགས་ཡོད་པས་དངུལ་བུན་ལེན་པ་མཚམས་བཞག་འདུག  ཕྱི་ལོ ༢༠༢༠ ཟླ་ ༡༡ ནང་དུ་ཛམ་བྷི་ཡས་ཕྱི་རྒྱལ་གྱི་དངུལ་བུན་དུས་ཐོག་སྤྲོད་ཐུབ་མེད་པའི་ཁར། རྒྱལ་ཁབ་ནང་ཡུལ་ཐང་བརྒྱ་ཆ་ ༥༠ འཕར་བ་དང་། འདས་པའི་ལོ་ངོ་ ༡༧ ནང་ལས་མེད་ཀྱི་གྲངས་འབོར་ཆེས་མཐོ་ཤོས་སུ་བསླེབས། ད་དུང་ཟླ་ ༧ ཙམ་ནང་ཡུལ་དེའི་དངུལ་ལོ་ཁཱ་ཅཱ་ (kwacha) ཡི་འཛའ་ཐང་བརྒྱ་ཆ་ ༣༠ མར་ཆགས་པ་སོགས་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུལ་དེའི་ནང་མི་གྲངས་ས་ཡ་ ༣།༥ ལ་ཟ་མ་འདང་ངེས་མེད་པའི་སྙན་ཐོ་བཏོན་ཡོད་པ་རེད།

རྒྱ་ནག་ལ་ཤུགས་ཆེན་བརྟེན་པའི་ལྷོ་སོག་རྒྱལ་ཁབ་ལ་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡ གཡར་བ་དང་། པ་ཀི་སི་ཐན་ལ་ཨ་སྒོར་ས་ཡ་ ༧༠༠། ཁེན་ཡཱ་ (Kenya) རྒྱལ་ཁབ་ལ་ཨ་སྒོར་ཐེར་འབུམ་ ༦།༣༡། ཛམ་བྷི་ཡ་ (Zambia) རྒྱལ་ཁབ་ལ་ཨ་སྒོར་ཐེར་འབུམ་ ༦།༦ བཅས་དངུལ་གཡར་ཡོད་འདུག ལོའུ་སིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་ ༣།༥ ཙམ་གྱི་དབུལ་བུན་བླངས་སྟེ་ལྕགས་ལམ་རྒྱག་བཞིན་ཡོད་ལ། ལོ་རེའི་རྒྱལ་ཁབ་ཀྱི་ཡོང་སྒོ་ལས་བརྒྱ་ཆ་ ༢༥ ཙམ་དངུལ་བུན་སྤྲོད་དགོས་ཀྱི་ཡོད་འདུག དེ་བཞིན་ཛམ་བྷི་ཡ་དང་སིང་ག་ལ་རྒྱལ་ཁབ་གཉིས་ཀྱི་བུ་ལོན་འཇལ་བའི་དུས་བཅད་ཡོངས་སུ་རྫོགས་ཡོད་ཀྱང་། དངུལ་བུན་འཇལ་མ་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་རྩ་ཁང་(International Monetary Fund)གཉིས་ཀྱིས་རྒྱ་ནག་ལ་བུ་ལོན་འཇལ་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པའི་རྒྱལ་ཁབ་རྣམས་ལ་ཆག་ཡང་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། དངུལ་བུན་གཏོང་མཁན་ཚང་མས་མཉམ་འབྲེལ་གྱི་རྣམ་འགྱུར་སྟོན་དགོས་ལུགས་བརྗོད་པ་ཙམ་ལས་ཆག་ཡང་བཏང་མེད་པའི་ཁར། རྒྱ་ནག་གིས་དངུལ་བུན་སྲིད་ཇུས་ལ་འགྱུར་བ་གཏོང་མི་ཐུབ་པའི་རྒྱུ་མཚན་ནི་རྒྱ་ནག་ནང་གི་དཔལ་འབྱོར་འཁོར་བསྐྱོད་དལ་དུ་ཕྱིན་ཡོད་པ་དང་། དངུལ་ཁང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་ཚུལ་བཤད་འདུག

སྤྱིར་རྒྱལ་སྤྱིའི་ཐོག་དངུལ་བུན་སྐྱེད་ཚད་མཐོ་རུ་སོང་བའི་རྒྱུ་རྐྱེན་ཞིག་ནི་ཨུ་ཡུག་དམག་འཁྲུག་གི་དབང་གིས་སྣུམ་དང་འབྲུ་རིགས། རླངས་རྫས་དང་རྡོ་སོལ་སོགས་ཀྱི་གོང་ཚད་སྤར་བ་དང་། ཨ་རིའི་དབུས་དངུལ་ཁང་གིས་ན་ནིང་གི་ལོ་གཅིག་ནང་དུ་ཐེངས་ ༡༠ ལ་དངུལ་བུན་སྐྱེད་ཀ་སྤར་ཡོད་པས། ཕྱི་རྒྱལ་དངུལ་བུན་ལེན་མཁན་ལའང་སྐྱེད་ཀའི་འཛའ་མཐོ་རུ་གྱུར་ཡོད་འདུག

ཨ་རི་ཝི་ལིམ་མཐོ་སློབ་ཉམས་ཞིབ་ཁང་གིས་ལོ་བཅུའི་རིང་རྒྱ་ནག་གི་དངུལ་བུན་སྐོར་ཉམས་ཞིབ་བྱས་པའི་ནང་དུ། འཛམ་གླིང་གི་རྒྱལ་ཁབ་ ༨༨ ནང་དུ་ཉུང་མཐར་རྒྱ་ནག་གི་དངུལ་བུན་ཨ་སྒོར་ཐེར་འབུམ་ ༣༨༥ ལྷག་ལ་གསལ་ཁ་མེད་པ་དང་། དེའི་ཁྲོད་རྒྱལ་ཁབ་མང་པོའི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་ཡོད་ཅིང། མཐོ་སློབ་དེའི་ཉམས་ཞིབ་འགན་འཛིན་སྐུ་ཞབས་བྷི་རཱ་ཌི་པཱར་ཁི་སི་(Brad Parks)་ལགས་ཀྱིས། རྒྱ་ནག་གི་ཕྱི་རྒྱལ་དུ་དངུལ་བུན་གཏོང་སྟངས་ཐད་ལ་མི་མང་ལ་གོ་རྟོགས་དགོས་ཀྱི་འདུག རྒྱ་ནག་གིས་དངུལ་ཇི་ལྟར་གཡར་གྱི་ཡོད་མིན་མི་མང་གིས་མ་ཤེས་ཚེ། ང་ཚོས་ཉེན་ཚབས་ཆེ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱི་མི་འདུག་ཞེས་འགྲེལ་བརྗོད་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

སྐར་མ ༢༩ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༥ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༢༤ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤
པར་འདི་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese