མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་ཕེབས་ནས་ཨ་རྒྱ་གཉིས་བར་གྱི་སྲིད་འབྱོར་རིག་གསུམ་གྱི་དཀའ་རྙོག་སེལ་ཐབས་སྐོར་གོ་བསྡུར་གནང་འཆར་ཡོད་འདུག

Blinken to travel to China this weekend as US looks to reset relations after spy balloon incident. photo :CNN

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བདུན་ཕྲག་འདིའི་གཟའ་མཇུག་ཙམ་ལ་ཨ་རིའི་ཕྱི་སྲིད་བློན་ཆེན་ཨན་ཐོ་ནེ་བྷི་ལི་ཀན་ (Antony Blinken)མཆོག་རྒྱ་ནག་ཏུ་ཕེབས་ཏེ།  ཨ་རྒྱ་གཉིས་བར་བྱུང་དང་འབྱུང་བཞིན་པའི་དཀའ་རྙོག་སོགས་ཀྱི་ཐོག་གླེང་སློང་བྱ་རྒྱུ་ཡིན་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་སྤེལ་འདུག་ལ། དེ་ནི་ཕྱི་ལོ་ ༢༠༡༩  རྗེས་ནས་ཨ་རིའི་གནད་ཡོད་མི་སྣ་ཞིག་དང་དམིགས་བསལ་སྲིད་འཛིན་བྷའེ་ཌན་སྲིད་གཞུང་གི་ཆེས་མཐོའི་མི་སྣ་ཞིག་རྒྱ་ནག་ཏུ་སྐྱོད་ཐེངས་དང་པོར་གྱུར་ཡོད་པ་རེད།

ད་ལྟ་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ཏུ་བསྐྱོད་རྒྱུ་ཡིན་པ་ཙམ་ལས་གཞུང་འབྲེལ་གྱི་ལས་རིམ་གང་ཡང་ཁ་གསལ་མེད་ཁར། ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝིན་བྷིན་ (Wang Wenbin) གྱིས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་ད་ལྟ་ཨ་རིའི་ཕྱི་སྲིད་བློན་ཆེན་བྷི་ལི་ཀན་རྒྱ་ནག་ཏུ་ཕེབས་མིན་ཅི་ཡང་གོ་ཐོས་མ་བྱུང་ཡང་། གལ་ཏེ་ཁོང་ཉིད་ཕེབས་འཆར་ཡིན་ན་རྒྱ་ནག་གཞུང་གིས་དུས་དང་འཚམ་པའི་ཐོག་ནས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ལུགས་དང་། ཨ་རིས་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་སོགས་ལ་བརྩི་སྲུང་དང་། རྒྱ་ནག་གི་མངའ་ཁུལ་དང་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་ལུགས་སོགས་བརྗོད་འདུག

འོན་ཀྱང་། སི་ཨན་ཨན་དང་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ད་ལྟ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ངེས་གཏན་མེད་པའི་གནས་སྟངས་འོག་ཡོད་སྟབས། ཨ་རིས་ཐེངས་འདིར་ཨ་རྒྱ་གཉིས་ཀྱི་གནད་ཡོད་མི་སྣ་ཁག་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་དོན་མེད་རྙོག་གྲ་འབྱུང་རྒྱུ་སྔོན་འགོག་དང་། ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་གནོན་ཚབས་ཆེ་བའི་འཐབ་འཁྲུག་བྱེད་པར་འདོད་བློ་མེད་སྐོར་བསྟན་འདུག་ལ། དེའི་ཐད་ཨ་རིའི་རྒྱལ་སྲིད་བདེ་འཇགས་ཀྱི་སློབ་སྟོན་པ་སྐུ་ཞབས་ཀི་ཌིན་བྷི་རིན་ཀི་ (Kritenbrink) ལགས་ཀྱིས་ད་ལན་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས། ཨ་རྒྱ་གཉིས་ཀྱི་དམག་དོན་གྱི་ཐད་ནས་གླེང་སློང་གནང་རྒྱུ་ཡིན་པའི་ཁར། ཨ་རྒྱ་གཉིས་ཀྱི་གུ་ཡངས་ཀྱི་ཐོག་ནས་གལ་གནད་ཆེ་བའི་འགལ་ཟླའི་སྐོར།   ཕན་ཚུན་གོ་ནོར་ཐེབས་པའི་གནད་དོན་དང་། གོ་ནོར་ཐེབས་པའི་གནད་དོན་གྱི་ཉེན་ཁའི་རིགས་གཙང་སེལ་བྱ་རྒྱུ་བཅས་དམིགས་བསལ་དོན་ཚན་གསུམ་གྱི་ཐོག་གྲོས་བསྡུར་བྱ་སྲིད་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་དོན་མེད་འཛིན་བཟུང་བྱས་པའི་ཨ་རི་བ་མཀ་སི་ཌན་(Mark Swidan )། ཀའེ་ལི་(Kai Li)།  ཌ་ཝི་ཌི་ལིན་(David Lin ) གསུམ་གྱི་སྐོར་ལའང་གླེང་སློང་གནང་བའི་ཚོད་དཔག་ཀྱང་གནང་འདུག

དེ་རིང་སི་ཨན་ཨན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་བྷི་ལི་ཀན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་གང་ (Qin Gang) དང་ཁ་པར་བརྒྱུད་ཁ་བརྡ་བྱས་ཏེ། ཨ་རིའི་ཕྱི་སྲིད་བློན་ཆེན་གྱི་ཕྱོགས་སྐྱོད་འདི་དང་བསྟུན། ཨ་རྒྱ་གཉིས་མཉམ་འབྲེལ་རྒྱ་སྐྱེད་དང་། ཕྱོགས་གཉིས་ཀྱི་རྩོད་རྙོག་ཆེ་བའི་ས་ཁུལ་ཁག་ཏུ་ཞི་འཇམ་ཡོང་ཐབས། དེ་བཞིན་ཨ་རྒྱ་གཉིས་ཀྱི་དམག་མིའི་གདོང་ཐུག་དང་རྙོག་གླེང་ཞི་ཐབས། ཐའེ་ཝན་དང་ཡོ་ཁུ་རེན་གྱི་གནད་དོན་སོགས་ཀྱི་ཐད་ལ་གྲོས་བསྡུར་བྱ་རྒྱུ་ཡིན་སྐོར་གསལ་འདུག

སྤྱིར་བཏང་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ཕྱི་འབྲེལ་མི་སྣ་སོགས་སུ་ཐུག་འཕྲད་གནང་འཆར་ཡོད་ཀྱང་། ཟླ་དེའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་ཨ་རིའི་མཁའ་དབྱིངས་སུ་མྱུལ་ཞིབ་ལྒང་ཕུག་ (surveillance balloon) ཅིག་མངག་གཏོང་བྱས་ཏེ། ཨ་རིའི་གཞུང་གི་ལས་དོན་ཁག་ལ་གསང་བའི་ལྟ་ཞིབ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་རྗེས། བློན་ཆེན་ཨེན་ཊོ་ནི་བྷི་ལི་ཀན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུའི་གཞུང་འབྲེལ་ཕྱོགས་སྐྱོད་དེའང་ཕྱིར་འགྱངས་བྱས་ཡོད་འདུག

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ཁུལ་དུ་གནམ་མཚོ་གཉིས་ཀྱི་དྲག་རྒོལ་དམག་མི་མངག་གཏོང་བྱས་ཏེ། ཐའེ་ཝན་གཞུང་མང་གཉིས་ལ་སུན་གཙེར་ཡང་ཡང་བཟོས་དང་བཟོ་མུས་ཡིན་སྟབས། ཨ་རིས་ཐའེ་ཝན་གཙོས་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་དམག་ཤུགས་སྐྱེད་པར་རྒོལ་ལན་ཡང་ཡང་སློག་གི་ཡོད་པ་མ་ཟད། འདས་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་པེ་ལོ་སི་མཆོག་གིས་ཀྱང་། རྒྱ་ནག་གཞུང་གིས་གནོན་ཤུགས་དང་བཙན་བཀའ་སྣང་མེད་དུ་བཞག་ནས། ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པར་བརྟེན། ཕྱོགས་ཡོངས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་གྱུར་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་རིས་ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་སླད་རོགས་འདེགས་བྱེད་མུས་ཡིན་པ་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese