མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེ་བཙུན་མི་ལའི་མཛད་རྣམ་ཐང་ག་རིང་ཤོས་ཤིག་ལེགས་འགྲུབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ལྷ་རིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་གྱི་བརྒྱུད་རིམ་ཆ་ཚང་ཐང་གའི་ནང་དུ་འཆར་འགོད་གཙོ་བོ་བྱས་ཡོད་ཅིང་། རི་མོའི་འབྲི་སྲོལ་དང་ཐིག་རྩ་གཉིས་སྨན་བླ་དོན་གྲུབ་རྒྱ་མཚོའི་གཞུང་ལ་བསྟུན་ཡོད་པ་དང་། ཡུལ་ལྗོངས་ཀྱི་བཀོད་པ་ནི་སྤྲུལ་བའི་ལྷ་བཟོ་ནམ་མཁའ་རྒྱན་གྱི་རི་མོའི་འབྲི་སྲོལ་ལྟར་བྲིས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་རྗེ་མི་ལའི་མཛད་རྣམ་ཐང་གའི་ངོ་བོར་འབྲི་བཞེངས་ཀྱི་མཛད་སྒོ བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འགྲམ་བོད་ཀྱི་འགྲེམས་སྟོན་ཁང་དུ། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་ལོ་གཉིས་ལྷག་རིང་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་ཐང་གའི་ལམ་དུ་འབྲི་བཞེང་བྱས་པ་ལེགས་འགྲུབ་བྱུང་བའི་འགྲེམས་སྟོན་མཛད་སྒོ་ཞིག་འཚོགས་སོང་། ཐེངས་འདིའི་ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་དང་། དེ་བཞིན་དྷ་སའི་སེར་སྐྱ་མི་མང་ཁག་ཅིག་དང་གསར་འགོད་པ་བཅས་ཀྱིས་མཉམ་ཞུགས་གནང་འདུག

འདི་གའི་གསར་འགོད་པས་རྗེ་མི་ལའི་མཛད་རྣམ་ཐང་གའི་སྐོར་ལ་བཅར་འདྲི་བྱས་པར་ལྷ་རིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས། མཛད་རྣམ་འདི་བཞེངས་པའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཐང་ག་འཛམ་གླིང་དུ་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་བོད་ཀྱི་གྲུབ་ཆེན་མི་ལ་རས་པའི་མཛད་པ་འཕྲིན་ལས་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་གཞོན་སྐྱེས་རྣམས་ལ་དོ་སྣང་ཡོང་ཆེད་དུ་ཡིན། འཁྲུངས་སྐར་དང་བསྟུན་ནས་འགྲེམས་སྟོན་བྱེད་དོན་ཡང་ཐང་ག་འདི་བཞེངས་པའི་ཚོགས་དང་བསོད་ནམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་ཡིན། འདིར་རྗེ་བཙུན་མི་ལ་རས་པའི་མཛད་པ་བྲིས་པའི་ཐང་ག་ཁྱོན་ ༨༠༠ ལྷག་ཡོད་ཅིང་། ཐང་ག་ཚང་མ་མཐུད་བརྒྱབ་ཚེ་ཁྱོན་ཧྥེ་ཊི་ ༧༠ ལྷག་དང་། ཐང་གའི་མཐོ་ཚད་ལ་ཧྥེ་ཊི ༣ ཡོད།  ཐང་གའི་ནང་དུ་རྗེ་མི་ལ་རས་པའི་མཛད་རྣམ་གྱི་བརྒྱུད་རིམ་འཆར་འགོད་གཙོ་བོ་བྱས་ཡོད་ཅིང་། རི་མོའི་འབྲི་སྲོལ་དང་ཐིག་རྩ་གཉིས་སྨན་བླ་དོན་གྲུབ་རྒྱ་མཚོའི་གཞུང་ལ་བསྟུན་ཡོད་པ་དང་། ཡུལ་ལྗོངས་ཀྱི་བཀོད་པ་ནི་སྤྲུལ་བའི་ལྷ་བཟོ་ནམ་མཁའ་རྒྱན་གྱི་རི་མོའི་འབྲི་སྲོལ་ལྟར་བྲིས་ཡོད་ལ།  རྗེ་མི་ལ་རས་པའི་མཛད་རྣམ་ཐང་ག་འདི་ཉིད་ལོ་ ༢ ལྷག་གི་རིང་ལྷ་བྲིས་པ་ ༡༥ ལྷག་གིས་འབྲི་བཞེངས་བྱས་ཤིང་། ཐེངས་འདིའི་འབྲི་བཞེང་གི་ཁྲོད་དུ་མཛད་རྣམ་ནང་གི་བརྡ་རྙིང་སོགས་ལ་གོ་བ་མ་ལོན་པ་དང་། མཛད་རྣམ་ནང་གི་མི་སྣ་འབྲི་བཞེངས་བྱས་པའི་ཉམས་མྱོང་མེད་པས། འགྲོ་སོང་དང་ལས་ཀ་ལས་ཕྱོགས་ཐད་གདོང་ལེན་གང་འཚམ་བྱས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། བོད་དུ་ནང་བ་སངས་རྒྱས་པའི་བསྟན་པ་དར་ནས་ཕྱིའི་བརྩིགས་པ་བཤིག་ཀྱང་། ནང་གི་དཔེ་ཆའི་བརྩིགས་པ་མི་བཤིག་ཅེས་བཤད་སྲོལ་ཡོད་པ་ཞིག་ཡིན་ཡང་། རྒྱ་གཞུང་གིས་གཏོར་བཤིག་བཏང་ནས་མེད་པར་བཟོས་པ་རེད། ང་ཚོ་སྐྱབས་བཅོལ་དུ་སླེབས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཙོས། སྐྱེས་ཆེན་དམ་པ་མང་པོའི་བཀའ་དྲིན་ལ་བརྟེན་ནས་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་ལས་ཀ་མང་པོ་ཞིག་བྱེད་བཞིན་ཡོད་ཅིང་། སྐལ་བཟང་གི་ལྷ་བྲིས་ཚོགས་པས་ཀྱང་ལོ་མང་རིང་༧གོང་ས་མཆོག་གི་གྱ་སྟོན་གྱི་མཛད་རྣམ་འབྲི་བཞེང་གི་མཚོན་པའི་ལས་ཀར་བསྔགས་བརྗོད་ཞུ་ཡུལ་ཞིག་རེད། ཐང་གའི་ཡག་སྡུག་ནི་ལྟ་མཁན་ལ་རག་ལས་ཡོད་པ་ཞིག་རེད། སྨན་ཐང་པས། མཁས་པས་གཞི་དང་ཚུགས་ལ་བལྟ་བར་བྱེད།། བླུན་པོས་བཀྲག་དང་འོད་ལ་བལྟ་བར་བྱེད།། བྱིས་པས་བྱ་དང་ཤིང་ལ་བལྟ་བར་བྱེད།། དེས་ན་བཟོ་ཡི་མཁས་པ་རང་གིས་ནི།། བློ་ཡི་དཔྱད་ནས་ལེགས་པར་འབྲི་བར་བྱ།། ཞེས་པ་བཞིན། རྗེ་མི་ལ་རས་པའི་མཛད་རྣམ་ཐང་གར་ལེགས་ཆ་གཉིས་ཡོད་པར་གོང་དུ་བཀའ་གནང་སོང་། མགུར་གྱི་ངོས་ནས་བོད་ལ་རྗེ་བཙུན་མི་ལའི་མགུར། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར། ཤར་སྐལ་ལྡན་རྒྱ་མཚོའི་མགུར་སོགས་མང་པོ་ཞིག་ཡོད། དེ་དག་ནི་ཆོས་འགུགས་པའི་ཐབས་ལམ་ཞིག་ཡིན་ཡང་། དེང་སང་ཕལ་ཆེར་བོད་དུ་རྒྱུན་ཆད་པ་འདྲ་མཐོང་གི་འདུག་པས། མགུར་དེ་ཡང་ཉམས་གསོ་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་ཐོག་མར་འདིར་སླེབས་པ་དང་ཚོར་བ་ཞིག་བྱུང་སོང་། ལྷ་རིས་པ་སྐལ་བཟང་ལགས་ཀྱིས་ཕྱག་ལས་རྒྱ་ཆེན་པོ་གནང་བཞིན་ཡོད་པ་རེད། དུས་ཚོད་ཡོད་པ་མ་རེད་མ་གཏོགས་མཛད་སྒོ་འདི་ལས་རྒྱ་ཆེ་ཙམ་གནང་དགོས་པ་ཞིག་བསམ་བློའི་ནང་དུ་འཁོར་སོང་། ང་ཚོའི་མཛད་སྒོ་འཚོག་རྒྱུ་དེ་འཁྲབ་སྟོན་གྱི་རྣམ་པ་གང་ཡང་མ་རེད། རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་དཀའ་ལས་བརྒྱབ་པར་ཚང་མ་གོ་རྟོགས་ཡོང་བའི་ཆེད་དུ་རེད། འདིའི་ཐོག་ཏུ་གནད་ཡོད་མི་སྣ་དང་། དོ་སྣང་ཅན། མི་མང་པོ་ཡོང་བ་ཡིན་ན་ཁྱབ་རྒྱ་ཆེ་རུ་འགྲོ་ཐུབ་རྒྱུ་རེད། རྗེ་མི་ལའི་མཛད་རྣམ་ཐང་ག་འབྲི་བཞེངས་བྱས་པར་ལོ་གཉིས་ལྷག་འགོར་འདུག་ཅིང་། ལྷ་བྲིས་པ་སྐལ་བཟང་གཙོས་མི་མང་པོས་རྣམ་དཔྱོད་དང་དཀའ་ལས་བརྒྱབ་ནས་མིག་ལམ་དུ་མཐོང་རྒྱུ་ཡོད་པ་ཞིག་བཞེངས་འདུག་པས། བྱས་རྗེས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

མཆན། 1

  1. Asanga says:
    ལོ་ 2 སྔོན།

    Great!!! མཛད་རྣམ་འདི་བཞེངས་པའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཐང་ག་འཛམ་གླིང་དུ་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་བོད་ཀྱི་གྲུབ་ཆེན་མི་ལ་རས་པའི་མཛད་པ་འཕྲིན་ལས་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་གཞོན་སྐྱེས་རྣམས་ལ་དོ་སྣང་ཡོང་ཆེད་དུ་ཡིན། འཁྲུངས་སྐར་དང་བསྟུན་ནས་འགྲེམས་སྟོན་བྱེད་དོན་ཡང་ཐང་ག་འདི་བཞེངས་པའི་ཚོགས་དང་བསོད་ནམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese