མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་མཇལ་འཕྲད་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ཚུལ་བརྗོད་དེ་རྒོལ་གཏམ་བསྒྲགས་པ་མ་ཟད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནམ་ཡང་ངོས་ལེན་བྱེད་ཀྱི་མེད་ཚུལ་བསྒྲགས།

༧གོང་ས་མཆོག་ནས་ཨ་རིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༣།༠༧།༠༩།

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་རཱ་ཛེ་ཡཱ་(Uzra Zeya)་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ལྡི་ལིའི་གཞུང་ཚབ་ཆེན་མོ་ཨེ་རི་ཁི་གྷར་སེ་ཌ་ཌི་(Eric  Garcetti) ལགས་དང་། ཨ་རིའི་རོགས་དངུལ་ཐེབས་རྩ་ཁང་གི་ཨེ་ཤ་ཡའི་སྡེ་ཚན་འགན་འཛིན་ཨན་ཇཱ་ལི་ཀྰུལ་(Anjali Kaul) ལགས་སོགས་ཀྱི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བའི་སྐོར་ལ་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས། རྒྱལ་ཁབ་གཞན་གྱིས་རྒྱ་ནག་ནང་དུ་ཐེ་གཏོགས་བྱེད་པའི་ཐོབ་ཐང་མེད། ལྕམ་ཨུ་ཛི་རཱ་ཛེ་ཡཱ་ཡི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་གནས་དེ་ནི་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་དམིགས་པའི་ཆབ་སྲིད་ཀྱི་ངན་ཇུས་ཤིག་ཡིན་པས། རྒྱ་ནག་གཞུང་གིས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། ངོས་ལེན་གཏན་ནས་བྱེད་ཀྱི་མེད། ཅེས་བསྒྲགས་འདུག

ད་དུང་བསྒྲགས་གཏམ་ནང་༧གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་ཞིག་མིན་པར་རྒྱ་ནག་ཁ་བྲལ་གཏོང་བའི་བཙན་བྱོལ་སྲིད་དོན་པ་ཞིག་ཡིན་ལ། བཙན་བྱོལ་བོད་གཞུང་ཡང་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ཆབ་སྲིད་ཁ་བྲལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་ཚུལ་དང་། ཨ་རིའི་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཤེས་རྟོགས་ཡོད་པའི་ཐོག རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་བོད་དོན་དུ་སྙད་འདོགས་བྱས་ནས་རྒྱ་ནག་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་རྒྱབ་སྐྱོར་མ་བྱེད་ཅེས་རྒོལ་གཏམ་བསྒྲགས།

༧གོང་ས་མཆོག་ནས་ཨ་རིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༣།༠༧།༠༩།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་གསར་འགོད་པར་བཀའ་ལན་གནང་བའི་ནང་དུ། ངོས་ཀྱིས་ག་དུས་ཡིན་ཡང་རྒྱ་ནག་དང་མཉམ་དུ་་འབྲེལ་མོལ་བྱ་རྒྱུར་གྲ་སྒྲིག་ཡོད། རྒྱ་ནག་གིས་བོད་མི་ཡོངས་ཀྱི་འགྱུར་བ་མེད་པའི་སྙིང་སྟོབས་ཤེས་ཐུབ་ཀྱི་ཡོད། ང་ཚོས་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་སྡོད་རྒྱུ་ཡིན་པ་ལོ་མང་པོའི་སྔོན་ནས་ཐག་བཅད་ཡོད་པས། ངོས་ཀྱིས་རྒྱ་ནག་དང་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡིན་ལ།  རྒྱ་ནག་གི་གཞུང་ཁུངས་དང་གཞུང་ཁུངས་མིན་པ་གཉིས་ཀྱི་ལམ་ནས་ངོས་ལ་འབྲེལ་བ་བྱས་ཡོང་གི་འདུག ཅེས་བཀའ་སྩལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནེ་བྷི་ལིན་ཁེན་(Antony Blinken) མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་ཚིགས་ཐོག་ཏུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ། འདི་ནི་བོད་མི་ཡོངས་ཀྱི་བཀྲ་ཤིས་དོན་འགྲུབ་ཀྱི་ཉིན་མོ་ཞིག་རེད། མགོན་པོ་གང་ཉིད་ཀྱི་ཕངས་པ་མེད་པའི་བྱམས་བརྩེས་འཛམ་གླིང་ཡོངས་སུ་བློ་སྤོབས་བསྐྲུན་ཡོད་པ་མ་ཟད། ༧གོང་ས་མཆོག་གི་འཚེ་བ་མེད་པ་དང་ཞི་བདེའི་དམ་བཅའ་ལ་ངས་སེམས་གཏིང་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། དེ་རིང་གི་ཉིན་མོ་འདི་ནི་༧མགོན་པོ་གང་ཉིད་ཀྱི་བྱམས་སྙིང་རྗེ་དང་བཟོད་པའི་ཐུགས་རེ་ཡིས་བོད་མི་ཡོངས་དང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཁས་ལེན་བྱེད་པའི་ཉིན་མོ་ཞིག་ཀྱང་ཡིན།  ཨ་རིའི་གཞུང་ངོས་ནས་བོད་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སྲུང་སྐྱོབ་བྱེད་པ།  གནོན་ཤུགས་ཅི་ཡང་མེད་པར་རང་དབང་གི་ཐོག་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་འོས་འདེམས་དང་དད་མོས་བྱེད་པར་འགྱུར་བ་མེད་པའི་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese