མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་ནང་དུ་བཙོན་ཁང་དང་བཀག་ཉར་ཁང་སོགས་རྒྱ་སྐྱེད་གཏོང་གིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་ནང་དུ་བཙོན་ཁང་གསར་འཛུགས་དང་དེའི་མཐུན་རྐྱེན་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་པར་བརྟེན། བོད་ནང་དུ་བཙོན་ཁང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

A night-time lighting analysis of Tibet’s prisons and detention centres

ཁ་སང་ཕྱི་ཚེས་ ༢༧ ཉིན་ཨ་རིའི་ (Rand) ཞིབ་འཇུག་ལྟེ་གནས་ཁང་གི་ཡུ་རོབ་ཚན་པས་བོད་ནང་རྒྱ་ནག་གཞུང་གིས་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་མི་མང་པོ་ཞིག་བཙོན་འཇུག་བྱེད་བཞིན་པ་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་བཙོན་ཁང་དང་བཀག་སྐྱིལ་ཁང་སོགས་བོད་མིར་དམ་དྲག་དང་བཙོན་འཇུག་བྱེད་ཡུལ་གྱི་མཐུན་རྐྱེན་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་ཞིང་། ད་བར་རྒྱ་གཞུང་གིས་བོད་ནང་དུ་བཙོན་ཁང་ ༧༩ བཙུགས་ཡོད་པ་དང་། བཙོན་ཁང་ ༧༩ ཁྲོད་ཀྱི་མང་ཤོས་ཤིག་ཕྱི་ལོ་ ༢༠༡༡ སྔོན་ནས་བརྒྱབ་ཡོད་ཀྱང་། འདས་པའི་ལོ་བཅུའི་རིང་བོད་ནང་དུ་ཡོད་པའི་བཙོན་ཁང་དེ་དག་རྒྱ་སྐྱེད་སྔར་མུ་མཐུད་ནས་བཏང་ཡོད་པ་སོགས་གསལ་འདོན་བྱས་འདུག

ཞིབ་འཇུག་སྙན་ཐོ་དེའི་ནང་དུ། རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲ་བརྟན་ཟེར་བའི་འོག་ནས། བོད་ནང་གི་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་དྲང་བདེན་མིན་པའི་བཙོན་འཇུག་ཁྲིམས་ཐག་སོགས་བཅད་དང་གཅོད་མུས་ཡིན་ནའང་། བོད་མི་རྣམས་བཙོན་འཇུག་བྱས་པའི་གནས་ཚུལ་དང་ངལ་རྩོལ་བསྒྱུར་བཀོད་ཁང་ཟེར་བ་སོགས་ཀྱི་གནས་ཚུལ་རྒྱལ་སྤྱིའི་སྟེང་ཤུགས་ཆེན་ཁྱབ་སྤེལ་མ་ཐུབ་པའི་སྟོང་ཆ་ཞིག་ལྷག་ཡོད་སྟབས། ཞིབ་འཇུག་ལྟེ་གནས་ཁང་དེས་བོད་ནང་གི་བཀག་ཉར་དང་བཙོན་ཁང་རྒྱ་སྐྱེད་གཏོང་བཞིན་པ་སོགས་ལ་ཞིབ་འཇུག་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་ལྷག་གིས་རྡོག་རོལ་གཏོང་མུས་ཡིན་པའི་གནས་ཚུལ་སོགས་འགྲེལ་བརྗོད་བྱེད་ཐབས་བྱས་ཡོད་སྐོར་སོགས་བརྗོད་འདུག་པ་མ་ཟད། ཞིབ་འཇུག་ཁང་དེས་འཁོར་སྐར་བརྒྱུད་དེ་ཞིབ་འཇུག་གྲུབ་དོན་དེ་བཏོན་ཡོད་སྐོར་ཡང་བརྗོད་འདུག

དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དོ་དམ་དང་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་པ་དང་། བོད་ནང་དུ་བཙོན་ཁང་གསར་འཛུགས་དང་དེའི་མཐུན་རྐྱེན་སོགས་རྒྱ་སྐྱེད་བཏང་སྟེ། རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་ཞིང་སྒྲིག་བཀོད་རང་བཞིན་ལྡན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐད། ང་ཚོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གི་བྱ་སྤྱོད་དེ་དག་དང་འབྲེལ་བའི་སྲིད་ཇུས་གཏན་འབེབ་དང་གླེང་སློང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། གཏན་འབེབ་སྲིད་ཇུས་དེ་དག་གི་ནང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱལ་འབྲེལ་གྱི་ཐོག་ནས་རྒྱ་ནག་དམར་གཞུང་གི་དཔོན་རིགས་དང་ཁོ་ཚོའི་ཡོ་བྱད་ལག་ཆ་སོགས་ལ་ཉེས་ཆད་གཏོང་དགོས་ཡོད། བོད་ཀྱི་གནད་དོན་དེ་རྒྱ་ཆེ་ས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྡིངས་ཆ་གཞན་གྱི་སྟེང་གླེང་སློང་བྱེད་དགོས་ཡོད། ཅེས་བརྗོད་འདུག

ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་  (Freedom house ) པས། ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་གི་རང་དབང་ (Freedom in the world 2023) ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་དག་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཆབ་སྲིད་ཀྱི་དབང་ཆ་བཟུང་ནས། མགོ་ཁྲིད་དེ་དག་གིས་རང་རང་གི་ཐོབ་ཐང་དང་གོ་གནས་སོགས་སྲ་བརྟན་སླད། བོད་ནང་གི་བོད་མིའི་འགྲོ་འདུག་ཚུད་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཚད་ལས་འདས་པའི་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་མ་ཟད། བོད་ནང་དུ་རྒྱ་རིགས་མང་པོ་ཞིག་གནས་སྤོར་བྱེད་དུ་བཅུག་སྟེ། བོད་མི་རིགས་ཀྱི་ཆོས་རིག་དང་ངོ་བོ་རྩ་གཏོར་གཏོང་ཐབས་དང་། གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། བོད་དེ་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ཆགས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Chinese President Xi Jinping formally removed Defense Minister Li Shangfu [left] and former Foreign Minister Qin Gang [right] from the State Council.
Mobile App

ལོ་ ༡༩ ལྷག་རིང་བོད་ནང་མགོ་འཁྲིད་བྱས་པའི་རྒྱ་རྒན་ཞིག་ལ་ལོ་ ༡༤ ཡི་ཁྲིམས་ཐག་བཅད། 

༢༠༢༤/༠༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese