མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་དམག་སྤྱི་ཆེན་མོ་གཉིས་གློ་བུར་ལས་བསྒྱུར་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་བཅིངས་གྲོལ་དམག་གི་མེ་ཤུགས་འཕུར་མདའ་དོ་དམ་ཚན་པའི་དམག་སྤྱི་གསུམ་གར་སོང་ཆ་མེད་དུ་གྱུར་ནས་ཟླ་གཅིག་ཙམ་རྗེས་ནས་ཁོ་ཚོར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་འདྲི་གཅོད་གཏོང་གི་ཡོད་སྐོར་བརྗོད་འདུག

Wang Houbin moves over from the navy to lead the force. Photo: Weibo

རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། དེ་རིང་ཕྱི་ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་བརྒྱད་གཅིག་ཐོག་བརྩེགས་ཁང་ཟེར་བའི་ནང་དུ། རྒྱ་ནག་བཅིངས་གྲོལ་དམག་མི་དབུ་བརྙེས་ཏེ་ལོ་ ༩༦ འཁོར་བའི་དུས་དྲན་གྱི་ཉིན་མོ་དང་བསྟུན། ཝང་ཧོའུ་པིན་ (Wang Houbin)བཅིངས་གྲོལ་དམག་མིའི་མེ་ཤུགས་འཕུར་མདའི་དམག་སྤྱི་ཆེན་མོར་བསྐོ་གཞག་བྱས་པ་དང་།  ཞུས་ཞི་ཧྲེང་ (Xu Xisheng) མེ་ཤུགས་འཕུར་མདའི་དམག་གི་ཆབ་སྲིད་ཇུས་འགོད་པར་བསྐོ་གཞག་བྱས་པ་ཡོངས་བསྒྲགས་བྱས་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཝང་ཧོའུ་པིན་ནི་དེ་སྔ་རྒྱ་ནག་བཅིངས་གྲོལ་དམག་གི་མཚོ་དམག་སྡེ་ཚན་གྱི་གཞོན་པ་ཡིན་པ་དང་ཞུས་ཞི་ཧྲེང་ལྷོ་རྒྱུད་དམག་བཅིངས་གྲོལ་དམག་ཁོངས་ནས་ཡིན་པ་དང་། ད་ལྟ་ཁོ་གཉིས་གསར་དུ་བཀོད་འདོམ་དཔོན་གྱི་གོ་གནས་ནས་ཐད་ཀར་དམག་སྤྱི་ཆེན་མོའི་གོ་གནས་ལ་བསྐོ་གཞག་བྱས་པ་དང་། གོ་གནས་དེ་ནི་རྒྱ་ནག་གི་དམག་སྲིད་ལས་དོན་ཁྲོད་ཀྱི་ཆེས་མཐོ་བའི་གོ་གནས་ཤིག་ཡིན་པ་རེད་ལ། ཁོ་གཉིས་ཀྱི་ནང་ནས་གཅིག་གིས་ཀྱང་ད་སྔ་བར་མེ་ཤུགས་འཕུར་མདའི་དམག་གི་ཁོངས་སུ་ལས་ཀ་བྱེད་མྱོང་མེད་སྐོར་བཤད་འདུག

རྒྱ་ནག་གི་དམག་དོན་གསར་འགྱུར་ཁག་ཏུ། ད་རེས་བཅིངས་གྲོལ་དམག་གི་མེ་ཤུགས་འཕུར་མདའི་དམག་སྤྱི་སྟེ། རྒྱ་ནག་གི་འཐབ་འཁྲུག་དམག་སྲིད་ཀྱི་ཆེས་གལ་འགངས་ཆེ་བའི་དམག་སྤྱི་འཕོ་འགྱུར་བྱེད་དོན་ནི། དེ་སྔའི་མེ་ཤུགས་འཕུར་མདའི་དམག་སྤྱི་ལི་ (Li Yuchao) དང་དམག་སྤྱི་གཞོན་པ་ཀྲང་ཀྲན་ཀྲོང་(Zhang Zhenzhong) དང་ལིའུ་(Liu Guangbin)བཅས་ལ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་འདྲི་གཅོད་འོག་ཡོད་སྐོར་བརྗོད་འདུག་པ་མ་ཟད། དམག་སྤྱི་གསུམ་པོ་གར་ཡོད་མ་ཤེས་པར་གྱུར་ནས་ཟླ་གཅིག་ཙམ་འགྲོ་ཡི་ཡོད་པ་དང་། ད་རེས་དམིགས་བསལ་ཞི་ཅིན་ཕིན་དངོས་སུ་དམག་སྤྱིའི་གོ་གནས་བརྗེ་བསྒྱུར་གྱི་ལས་རིམ་ནང་ཞུགས་ཏེ། མེ་ཤུགས་འཕུར་མདའི་དམག་སྤྱི་གཉིས་གསར་དུ་བསྐོ་གཞག་བྱས་པ་དེས། རྒྱ་ནག་གི་དམག་སྲིད་ལས་དོན་མི་སྣའི་བར་འགལ་ཟླ་དང་ཞི་ཅིན་ཕིན་གྱི་བཀའ་ལ་ལགས་སོ་མི་ཟེར་མཁན་གྱི་དམག་སྤྱི་ཁག་ཅིག་གི་མགོ་གནོན་ཐབས་བྱས་ཡོད་སྐོར་དབྱེ་ཞིབ་པས་བརྗོད་འདུག

ཨ་རིའི་ཨེ་ཤ་ཡའི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ (Lyle Morris) ལགས་ཀྱིས། ཞི་ཕིན་གྱིས་བཅིངས་གྲོལ་དམག་གི་འགན་དབང་ཡོངས་རྫོགས་ལ་ད་བར་བྱུང་མྱོང་མེད་པའི་སྟངས་འཛིན་བྱེད་ཐུབ་ཡོད་ཀྱང་། དམར་ཤོག་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་མཚམས་འཇོག་བྱས་ཏེ་དམར་ཤོག་ཚོགས་པར་བློ་དཀར་གཞུང་དྲང་ཡིན་པའི་ངེས་བརྟན་མེད་སྟབས། ཞི་ཅིན་ཕིན་ད་དུང་དམར་ཤོག་དཔོན་རིགས་ཚོར་ཡིད་ཆེས་མེད་པ་དང་། དམིགས་བསལ་ད་ལྟ་མེ་ཤུགས་འཕུར་མདའ་ཚན་པའི་དམག་སྤྱི་ལི་དང་ཉེ་ལམ་ཕྱི་སྲིད་བློན་ཆེན་ཆིན་གཱང་སོགས་ཀྱི་གོ་གནས་བརྗེ་བསྒྱུར་བྱ་དགོས་བྱུང་བ་དེས་ཞི་ཅིན་ཕིན་གྱིས་མགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པར་དཀའ་ཁག་ཆེན་པོ་བཟོས་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གི་བཅིངས་གྲོལ་དམག་མིའི་མེ་ཤུགས་འཕུར་མདའ་དོ་དམ་དམག་མི་ནི། རྒྱ་ནག་གཞུང་གི་རྡུལ་ཕྲན་མཚོན་བཀོལ་སྤྱོད་ཀྱི་ཁ་ཕྱོགས་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། དམིགས་བསལ་རྒྱ་ནག་གིས་ཐའེ་ཝན་ལ་དམག་སྲིད་ཀྱི་གནོན་ཤུགས་སྤྲོད་ཀྱིན་པ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་འདུག་ལ། ད་རེས་བཅིངས་གྲོལ་དམག་མིའི་མཚོ་དམག་དམག་སྤྱི་ཞིག་མེ་ཤུགས་འཕུར་མདའ་དོ་དམ་དམག་སྤྱིར་བསྐོ་གཞག་བྱས་པ་ནི་ཕྱོགས་གཅིག་ནས། རྒྱ་ནག་གིས་སོ་སོའི་ས་མཚོ་གནམ་གསུམ་གྱི་དམག་མིའི་འཇོན་ཐང་ངོམ་གྱི་ཡོད་པ་དང་། གཉིས་ནས་གོ་མཚོན་མ་ལག་གི་དམག་སྲིད་ལས་དོན་ཐོག་ཁྲག་ཚ་པོ་ཡིན་པའི་དམག་སྤྱི་ཞིག་བསྐོ་གཞག་བྱས་པ་ནི་ཏག་ཏག་གནད་ལ་ཁེལ་ཡོད་སྐོར་ཧྲང་ཧེ་ཆབ་སྲིད་ཚན་རིག་སློབ་གྲྭ་ཆེན་མོའི་དམག་དོན་ཉམས་ཞིབ་པ་ནེ་ལི་ཞོན་ (Ni Lexiong)ལགས་ཀྱིས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese