མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པ་འཚོག་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐོག་བོད་ཀྱི་སྐད་ཡིག་དང་། ཆོས་རིག་གཞུང་བཅས་རྒྱུན་འཛིན་བྱེད་ཕྱོགས་དང་།  བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་ཕྱོགས། དྭང་བླངས་དཔྱ་དངུལ་དང་འབྲེལ་བའི་གནད་དོན་སོགས་ཀྱི་ཐད་གྲོས་བསྡུར་གནང་བཞིན་འདུག

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པའི་སྐུ་མགྲོན་དང་ཚོགས་ཞུགས་པ། ༢༠༢༣།༠༩།༠༢ པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༢ ནས་ཉིན་གསུམ་རིང་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཌོའི་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ། ཀྲོ་རོན་ཌོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་དམངས་གཙོའི་ཉིན་མོ་དང་བསྟུན་ནས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པ་འཚོག་བཟིན་ཡོད་པ་དང་།  ཚོགས་ཐོག་ཏུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། བོད་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ལྷ་ལུང་པ་བསམ་འཕེལ་ལགས་དང་རྒྱུན་ལས་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། བོད་ཀྱི་ཐེབས་རྩའི་འགན་འཛིན་སྦོབ་ཨན་ཁར་སིན་ལགས། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དང་སྤྱི་ཟུར་བཅས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༡༩ ཡི་ཚོགས་བཅར་བ་མི་གྲངས་ ༤༠ ལྷག་དང་ས་གནས་མི་མང་མཉམ་ཞུགས་གནང་ཡོད་འདུག

ཚོགས་ཐོག་ཏུ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས། སྤྱི་ཚོགས་ནང་དུ་བོད་དོན་ལས་འགུལ་ཡོད་ཚད་ལ་མཉམ་ཞུགས་བྱེད་པར་ཁག་པོ་ཡོད་ཀྱང་། ལས་ཀ་གཅིག་ཚང་མས་བསྒྲུབ་ཐུབ་པ་ནི་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་འབུལ་ཐུབ་རྒྱུ་དེ་རེད། གྲོས་ཚོགས་ཀྱི་ངོས་ནས་བཀའ་ཤག་གི་དཔྱ་ཁྲལ་ལག་དེབ་ཀྱི་ཡོང་འབབ་གཏན་འབེབ་བཞིན་བརྒྱ་ཆ་ ༩༠ ཆག་ཡང་བཏང་བ་འགྲོ་མུས་ཡིན།  ཕྱོགས་གཅིག་ནས་ཡག་པོ་ཡིན་ཡང་ཕྱོགས་གཞན་ནས་སེམས་པ་སྐྱོ་བོ་ཆགས་ཀྱི་འདུག ང་ཚོ་བོད་པ་ཡིན་པའི་ཆ་ནས་སོ་སོའི་རང་བཙན་ལག་དེབ་ཀྱི་དངུལ་འབུལ་ཐུབ་ཀྱི་མེད་པས། ཆག་ཡང་སྤྲད་དགོས་ཁེལ་གྱི་ཡོད་པ་རེད། བོད་ཀྱི་ཡུལ་མི་ཡིན་པའི་དཔང་རྟགས་མཚོན་བྱེད་དཔྱ་ཁྲལ་ལག་དེབ་ལས་ལྷག་ཅིག་མེད་ལ། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བཙན་བྱོལ་མི་མང་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་ཏུ་ཡོད་པ་བརྡ་ལན་གལ་ཆེན་ཞིག་ཏུ་ཆགས་ཡོད་སྐོར་གསུངས་འདུག

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པའི་ཚོགས་ཞུགས་པ་རྣམས་ཀྱིས་གོ་བསྡུར་གནང་བཞིན་པ། ༢༠༢༣།༠༩།༠༢ པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཀྲོ་རོན་ཌོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། བོད་ཀྱི་སྤྱི་ཚོགས་ལས་དོན་གྱི་ཐོག་ད་ལྟའི་ཆར་སེམས་འཚབ་ཆེ་ཤོས་མི་རབས་རྒན་གཞོན་བར་གྱི་འབྲེལ་བ་རྒྱུན་གནས་ཐུབ་པ་དང་། བོད་ཀྱི་གཞོན་སྐྱེས་ཕན་ཚུན་བར་འབྲེལ་བ་ཆགས་རྒྱུ་ཡིན་པས། གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་ཆེད་ཚོགས་འདུ་ཐེངས་ཁ་ཤས་གོ་སྒྲིག་ཞུས་ཐུབ་ཡོད་ཅིང་། མ་འོངས་པར་བོད་དོན་ཆེད་རྒྱལ་སྤྱི་དང་ཚོགས་པ་ཁག་གི་ནང་དུ་མཉམ་ཞུགས་གོ་སྐབས་ལེན་ཕྱོགས་ཐད་རེ་སྐུལ་ཞུ་བཞིན་ཡོད་ལ། བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ལ་གང་ཐུབ་ཀྱིས་བདག་པོ་རྒྱག་པར་འབད་བརྩོན་བྱེད་མུས་ཡིན་སྐོར་བརྗོད་སོང་།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས། ད་ལན་གྱི་ཚོགས་ཆེན་འདི་ནི་བོད་ཀྱི་དམངས་གཙོ་དངོས་སུ་ལག་བསྟར་བྱས་པའི་དཔེ་མཚོན་ཞིག་ཆགས་ཡོད་ཅིང་། བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ཚང་མས་བོད་མིའི་སྒྲིག་འཛུགས་དེ་བོད་གཞིས་བྱེས་གཉིས་སུ་ཁྱབ་པའི་སྒྲིག་འཛུགས་ཤིག་གི་ཐོག་ནས་མཉམ་ཞུགས་བྱེད་བཞིན་ཡོད་པར་བཟང་སྤྱོད་དང་ལེགས་ཆ་ཞིག་ཏུ་གྱུར་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་པ་དང་། དགུང་ལོ་ ༢༥ ཐོག་བཙན་བྱོལ་ཏུ་ཕེབས་ཏེ། གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ་གསུམ་གྱི་ལས་གཞི་ཆེན་པོ་གསུམ་གྱི་ཐུགས་འགན་བཞེས་ཏེ་འབད་བརྩོན་གནང་ཡོད་ཅིང་། ད་ལྟའི་ཆར་ལས་གཞི་དེ་གསུམ་ནི་བོད་ཀྱི་མ་འོངས་མངོན་གཟིགས་སུ་ཆགས་ཡོད་པས། བཙན་བྱོལ་བོད་མི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་པ་ཡང་༧གོང་ས་མཆོག་གི་ཐུགས་སྨོན་བཀའ་དྲིན་ཉག་གཅིག་ཡིན་པ་རེད། བོད་ཀྱི་དབུ་འཁྲིད་དང་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་འཐབ་རྩོད་ལ་ཡུ་གུར་དང་། ཧོང་ཀོང་། ཐའེ་ཝན་བཅས་ཀྱིས་ཡིད་སྨོན་བྱེད་མུས་ཡིན་སྐོར་གསུངས་འདུག

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པའི་དགོང་ཚོགས་གསོལ་སྟོན། ༢༠༢༣།༠༩།༠༢ པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཐེངས་འདིའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ནང་དུ་སྐབས་སྔོན་མའི་ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་ལྟར།  བོད་དོན་ལས་འགུལ་སྤེལ་ཕྱོགས་དང་།  བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་གནང་ཕྱོགས།  བོད་དོན་ཞུ་གཏུགས་བྱེད་ཕྱོགས།  ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་གལ་གནད་ངོ་སྤྲོད་གནང་ཕྱོགས།  རང་རིགས་གཞོན་སྐྱེས་རྣམས་བོད་པའི་སྤྱི་ཚོགས་ནང་མཉམ་ཞུགས་གནང་ཕྱོགས། དྭང་བླངས་དཔྱ་དངུལ་དང་འབྲེལ་བའི་གནད་དོན་སོགས་ཀྱི་ཐད་གྲོས་བསྡུར་གནང་མུས་ཡིན་འདུག ཚོགས་འདུའི་ཉིན་མཐའ་མར་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒན་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་དང་།  བཙན་བྱོལ་བོད་མིས་དེར་གདོང་ལེན་བྱེད་ཕྱོགས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese