མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གནས་མཁར་གསར་བོད་ཡིག་སློབ་གྲྭའི་སློབ་ཕྲུག་གཉིས་ལ་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་ཐོབ་པ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གནས་མཁར་གསར་བོད་ཡིག་སློབ་གྲྭའི་སློབ་མ་བུ་མོ་བསྟན་འཛིན་ཡེ་ཤེས་ལགས་དང་བུ་ཆོལ་གསུམ་རྣམ་རྒྱལ་ལགས་གཉིས་ལ་ནེའུ་སོ་ཐི་ཝལ་མངའ་སྡེའི་བློན་ཆེན་བྱ་དགའ་ཐོབ་ཡོད་འདུག

ཨོ་གླིང་ནེའུ་སོ་ཐི་ཝལ་མངའ་སྡེའི་བློན་ཆེན་བྱ་དགའ་སློབ་པའི་གནས་མཁར་གསར་བོད་ཡིག་སློབ་གྲྭའི་སློབ་མ་གཉིས། ༢༠༢༣།༠༩།༠༤ པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་ཨོ་སི་ཁྲི་ལེ་ཡ་ནེའུ་སོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་སིཊ་ནེ་རུ་མངའ་སྡེའི་བློན་ཆེན་གྱི་བྱ་དགའི་མཛད་སྒོ་བསྡུས་ཤིང་། བྱ་དགའ་དེ་ནི་ཨོ་སི་ཁྲི་ལེ་ཡའི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་རིག་གཞུང་སྣ་མང་གི་སློབ་མ་རྣམས་ལ་བློན་ཆེན་བྱ་དགའ་སྤྲོད་སྲོལ་ཡོད་པ་ལྟར། ༢༠༢༣ ལོར་འདི་ག་གནས་མཁར་གསར་བོད་ཡིག་སློབ་གྲྭའི་སློབ་མ་ཕ་ཚུལ་ཁྲིམས་ཉི་མ་དང་མ་བསྟན་འཛིན་གཉིས་ཀྱི་བུ་མོ་བསྟན་འཛིན་ཡེ་ཤེས་དང་། ཕ་ཚེ་རིང་སྟོབས་ལྡན་དང་མ་བསོད་ནམས་དབང་མོ་གཉིས་ཀྱི་བུ་ཆོལ་གསུམ་རྣམ་རྒྱལ་གཉིས་ལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་ཤེས་རིག་བློན་ཆེན་གཞོན་པ་སྐུ་ལྕམ་(Keynote Adress)མཆོག་ནས་བྱ་དགའི་ཕྱག་འཁྱེར་གནང་། མངའ་སྡེའི་བྱ་དགའ་དེ་ནི་བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་ཚད་ཀྱི་གྲུབ་འབྲས་རྩེ་གཏོགས་རྣམས་ལ་གནང་གི་ཡོད་འདུག

དེ་བཞིན་མཛད་སྒོའི་ཐོག་ས་གནས་གྲོང་ཁྱེར་གྱི་ཤེས་རིག་འགན་འཛིན་སྐུ་ལྕམ་མ་ཁཱ་ར་༼Kara Mathewson༽ ལགས་བརྒྱུད་ནས་བོད་ཡིག་སློབ་གྲྭའི་སློབ་མ་རྣམས་བོད་གཞས་འཁྲབ་སྟོན་ཆེད་གཞུང་འབྲེལ་མགྲོན་འབོད་གནང་བ་ལྟར། བོད་ཡིག་སློབ་གྲྭའི་ངོས་ནས་ཀྱང་གལ་ཆེན་དུ་མཐོང་ནས་གྲ་སྒྲིག་གང་ལེགས་བྱས་ཏེ་གོ་སྐབས་དམ་འཛིན་བྱས་ཏེ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་རེད།

ཨོ་གླིང་ནེའུ་སོ་ཐི་ཝལ་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོར་གནས་མཁར་གསར་བོད་ཡིག་སློབ་གྲྭའི་སློབ་མ་ཚོས་གཞས་སྣ་འཁྲབ་སྟོན་ཞུས་པ། ༢༠༢༣།༠༩།༠༤ པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

སྤྱིར་མཛད་སྒོ་འདི་ལ་གཞུང་འབྲེལ་གྱི་མི་སྣ་གལ་ཆེན་དང་ལྷག་དོན་མི་རིགས་སྣ་མང་འདུ་བ་མ་ཟད། དོ་སྣང་ཤུགས་ཆེན་བྱེད་ས་ཞིག་ཏུ་གྱུར་ཡོད། ལོ་སྔོན་མར་ཡུག་ཁི་རེན་ལ་དཀའ་སྡུག་མྱོང་གི་ཡོད་པའི་སྐབས་དང་བསྟུན་ནས་ཡུག་ཁི་རེན་གྱི་སྐྱབས་བཅོལ་སློབ་ཕྲུག་རྣམས་ལ་གཞས་སྣ་འཁྲབ་སྟོན་འདི་གོ་སྒྲིག་གནང་ཡོད། ད་ལོར་གནས་མཁར་གསར་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་ལ་གོ་སྐབས་འདི་ཕུལ་བ་ཡིན་འདུག་པས། རྒྱལ་ཁབ་དང་མི་རིགས་སོ་སོའི་ཡུལ་སྲོལ་གཞས་སྣ་སོགས་ཁྱབ་བསྒྲགས་ཀྱི་གདེང་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ས་གནས་བོད་རིགས་སློབ་མ་རྣམས་ཀྱིས་བོད་རང་གི་སྲོལ་རྒྱུན་གྱི་སྒྲ་སྙན་དང་གཞས། ཞབས་བྲོ་སོགས་འཁྲབ་ནས་ལན་གྲངས་དུ་མར་འདི་འདྲའི་གལ་ཆེའི་སྡིངས་ཆ་བཟུང་མྱོང་ཡོད་པས། ད་ལན་ཡང་ཆེད་དུ་གཞུང་འབྲེལ་མགྲོན་འབོད་གནང་བ་ལྟར་བོད་རིགས་སློབ་ཕྲུག་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་མཚོན་པར་བྱས་ཡོད་པ་རེད།

ཨོ་གླིང་གནས་མཁར་གསར་བོད་ཡིག་སློབ་གྲྭའི་དགེ་རྒན་ལྷ་ཆབ་སྦྱིན་པ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese