ཨ་ཧྥེ་རི་ཁའི་བྱང་རྒྱུད་དུ་ཆགས་ པའི་ལི་བྷི་ཡ་རྒྱལ་ཁབ་ཏུ་ཆུ་ལོ ག་རྒྱུག་ནས་ཁུལ་དེའི་ཉུང་མཐར་མི་གྲངས་ ༢༠༠༠ ལྷག་རྐྱེན་འདས་དང་མི་ ༦༠༠༠ ལྷག་གར་ཡོད་ཆ་མེད་དུ་གྱུར་ནས་མི་རྒྱུ་ གཉིས་ལ་གནོད་འཚེ་དང་གཏོར་སྐྱོན་ ཚབས་ཆེན་ཐེབས་ཡོད་འདུག
General view of flood water covering the area as a powerful storm and heavy rainfall hit Al-Mukhaili, Libya September 11, 2023, in this handout picture. (REUTERS)
སྤྱིར་འདས་པའི་ལོ་ཤས་རིང་འཛམ་གླི ང་ཁྱོན་ཡོངས་ཀྱི་ཚ་དྲོད་འཕེལ་ ནས་རང་བྱུང་གི་གོད་ཆག་དང་དཀའ་ངལ་མང་དག་ཅིག་བྱུ ང་དང་འབྱུང་བཞིན་ཡོད་པ་ལྟར། ཁ་སང་ཨ་ཧྥེ་རི་ཁའི་བྱང་རྒྱུད་དུ ་ཆགས་པའི་ལི་བྷི་ཡ་(libya) རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ཡོད་པའི་ཌི་ནའི་རྫོང་ཁུལ་དུ་ཆུ་མཛོད་གཉི ས་དུས་གཅིག་ཏུ་ཐོར་ཏེ། རྫོང་དེ་གཙོ་བོར་གྱུར་བའི་ཨལ་བྷེ་ཌ་(Al-Bayda) དང་། ཨལ་མར་ཇི་(Al-Marj) ཏོབ་རུག་(Tobruk) ཨལ་བྷ་ཡ་ཌ་(Al-Bayada) བྷ་ཊལ་(Battah) སོགས་གཙོས་བྷང་ཧ་ཛི་(Benghazi) བགྲོད་པའི་ཤར་ཁུལ་གྱི་གཞུང་ལམ་ཚང་མར་ གནོད་འཚེ་ཐེབས་ཡོད་པ་མ་ཟད། ད་ལྟ་བར་དུ་ཉུང་མཐར་ཡང་མི་གྲངས་ ༢༠༠༠ ལྷག་རྐྱེན་འདས་དང་མི་གྲངས་ ༦༠༠༠ ལྷག་བོར་བརླག་ཏུ་གྱུར་བ་དང་། མི་མང་པོ་གནས་མེད་དུ་གྱུར་ཏེ་ས་གནས་གཞན་ལ་ཉེན་གཡོལ་དུ་འགྲོ་བཞིན་ཡོད་འདུག
དེའི་ཐད་ལི་བྷི་ཡའི་ཤར་རྒྱུད་ དམག་མིའི་མགྲིན་ཚབ་པ་ཨ་མད་མི་སི ་མ་རི་( Ahmed Mismar) ཡིས། ཆུ་ལོག་དེའི་རྐྱེན་གྱིས་ཁུལ་དེའི་ ཟམ་པ་གསུམ་ལ་གཏོར་སྐྱོན་ཆེན་ཐེ བས་ཡོད་སྐོར་དང་། འདམ་བཟོས་སྡོད་ཁང་མང་དག་ཅིག་ཆུ་ ལོག་གིས་ཁྱེར་བ་སོགས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་སྟབས། མྱུར་སྐྱོབ་པ་མང་པོ་ས་གནས་སུ་བཏང་ཡོད་ཀྱང་འགྲོ་ལམ་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་ལ། མུ་མཐུད་ཁུལ་དེར་རྒྱ་མཚོ་རྒྱས་ཤིང་ཆར་པ་འབབ་བཞིན་ཡོད་སྐོར་བརྗོད་འདུག
སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་ཌེ་ནའི་ཁྲོམ་གཞུང་གི་པར་དང་བརྙན་ཐུང་ནང་དུ། གྲོང་ཁྱེར་ཌེ་ནའི་(Derna) ཁྲོམ་གཞུང་གི་ཅ་དངོས་གཙོས་རླངས་ འཁོར་དང་འཕྲུལ་རྟ་སོགས་ཆུས་འཁྱེ ར་བཞིན་ཡོད་ཅིང་། ཡུལ་དེའི་ཤར་ཕྱོགས་ཀྱི ་གྲོང་ཁྱེར་བྷེ་ཌ( Bayda) ནང་གི་མྱུར་སྐྱོབ་སྨན་ཁང་དག་ཀྱ ང་ཆུས་ཁེངས་ཡོད་པ་སོགས་ཀྱང་མཐོ ང་རྒྱུ་འདུག
ལི་བྷི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཏུར་ཀི་དང་། ཨི་ཇིབ། ཨ་རབ་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི ས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ ཡོད་ཅིང་། ལྷག་པར་དུ་ཏུར་ཀི་སྲིད་གཞུང་གིས་ཛ་ དྲག་ངང་སྡོད་གུར་དང་། མྱུར་སྐྱོབ་རླངས་འཁོར། སྐམ་གློག་སོགས་ཀྱི་རོགས་རམ་བྱེད་བཞིན་ཡོད་འདུག
ཨ་ཧྥེ་རི་ཁའི་བྱང་རྒྱུད་དུ་ཆགས་ པའི་ལི་བྷི་ཡ་རྒྱལ་ཁབ་ནི་མེ་ཌི་ཊེ་ རིན་(Mediterranean Sea) རྒྱ་མཚོའི་ཁུལ་དུ་ཆགས་ཡོད་ཅིང་ ། རྒྱལ་ཁབ་དེ་མངའ་ཁོངས་ས་ཁྱོན་གྱི་ཆ་ནས་འཛམ་གླིང་གི་རྒྱལ་ ཁབ་ཆེ་ཤོས་ཨང་བཅུ་དྲུག་པ་དེ་ཡི ན་འདུག་ལ། ད་བར་ཡུལ་དེར་ཆུ་ལོག་གི་གནོད་ འཚེ་ཆེ་མ་ཆུང་གསུམ་མང་དག་ཅིག་བྱུ ང་མྱོང་བའི་ཁྲོད། ཕྱི་ལོ ༢༠༡༣ ཟླ་ ༡༡ ཚེས་ ༣༠ ཉིན་རྒྱལ་ས་ཊི་པོ་ལི་ (Tripoli ) རུ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོ ད་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་ཛ་ཝ་ཡ་(Zawiya) གྲོང་ཁྱེར་དུ་ཆུ་ལོག་རྒྱུག་ནས་མི ་གྲངས་ ༡༦ རྐྱེན་འདས་སུ་གྱུར་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༣ ཟླ་ ༡༢ ཚེས་ ༡༣ དང་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ བཅས་སུ་ཆུ་ལོག་རྒྱུག་ཡོད་ཅིང་། ད་ལན་གྱི་ཆུ་ལོག་དེ་ནི་གནོད་སྐྱོན་ཆེ་ཤོས་ཤིག་ཡིན་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།