རྒྱ་ནག་གཞུང་གིས་ཡུ་གུར་གྱི་སློབ་དཔོན་ཆེན་མོ་དང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་པ་གྲགས་ཅན་ལྕམ་ར་ཧིལ་ཌཱ་ཝ་ (Rahile Dawut) ལགས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག
ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་འོག་ཡུ་གུར་གྱི་སློབ་དཔོན་ཆེན་མོ་དང་། མི་རིགས་རིག་གཞུང་སྲུང་སྐྱོབ་པ་ལྕམ་ར་ཧིལ་ལགས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་མོས་བསྐྱར་དུ་ཁྲིམས་བཤེར་དགོས་པའི་ཞུ་གཏུགས་བྱས་པ་དེར་དོན་འབྲས་ཐོན་མེད་པ་རེད། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྲོས་མོལ་ཞེས་པའི་ཡུ་གུར་གྱི་འགྲོ་བ་མིའི་ཐོ
ལྕམ་ར་ཧིལ་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ནང་ཡུ་གུར་གྱི་རྒྱལ་ས་ཝུ་རོམ་ཆི་ནས་པེ་ཅིན་དུ་ཕྱིན་རྗེས་འབྲེལ་བ་བྱེད་མ་ཐུབ་པར་གྱུར་ཡོད་པ་དང་། ཁོང་མོའི་ནང་མི་དང་གྲོགས་པོ་ཚོས་ཕྱི་ལོ་ ༢༠༡༨ ཟླ་ ༨ པའི་ནང་ཁོང་མོ་བོར་བརླག་ཏུ་ཕྱིན་པ་གསལ་བསྒྲགས་བྱས། ལོ་དེའི་ལོ་མཇུག་ཏུ་ཁོང་རྒྱ་ནག་གཞུང་གི་བཀག་ཉར་འོག་ཡོད་པ་ཤེས་རྟོགས་བྱུང་། ཕྱི་ལོ་ ༢༠༡༨ ཟླ་ ༡༢ པའི་ནང་ཤིན་ཅང་ཁྲིམས་ཁང་གིས་གསང་བའི་ཐོག་ནས་ཁྲིམས་བཤེར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་གཡོགས་ཡོད་པར་བརྟེན། བསྐྱར་དུ་ཁྲིམས་བཤེར་དགོས་པའི་ཞུ་གཏུག་བྱས་ཡོད་ཀྱང་དོན་འབྲས་བྱུང་མེད་པ་རེད།
ལྕམ་ར་ཧིལ་ཌཱ་ཝ་ལགས་ནི་ཤིན་ཅང་གཙུག་ལག་སློབ་ཆེན་ནས་སློབ་མཐར་ཕྱིན་ཞིང་། ཕྱི་ལོ་ ༢༠༠༧ ལོར་ཁོང་མོས་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་(The Minorities Folklore Research Center)ཞེས་པ་གསར་འཛུགས་བྱས་ཏེ་འགན་འཛིན་གནང་ཡོད་པ་མ་ཟད། ཡུ་གུར་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་རིག་གཞུང་བཅས་སྲུང་སྐྱོབ་སླད་མི་མང་པོར་བཅར་འདྲི་བྱས་པ་སོགས་དེབ་དང་རྩོམ་ཡིག་མང་པོ་འདོན་སྤེལ་གནང་ཡོད་པ་དང་། ཧཱ་ཝལ་ཌི་གཙུག་ལག་སློབ་ཆེན་དང་ཁམ་བྷི་རི་ཇི་གཙུག་ལག་སློབ་ཆེན་སོགས་སུ་གདན་ཞུའི་གསུང་བཤད་གནང་ཡོད་འདུག ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི
ཕྱི་ལོ་ ༢༠༡༨ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་སློབ་གསོ་བསྒྱུར་བཀོད་ཁང་ཟེར་བའི་བཀག་ཉར་ཁང་མང་པོ་ཆེད་འཛུགས་ཀྱིས་ཡུ་གུར་མི་མང་ས་ཡ་གཅིག་ཡས་མས་ལ་ཆབ་སྲིད་སློབ་གསོ་སྤེལ་གྱི་ཡོད་པ་མ་ཟད། བཙན་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་འཇུག་བཞིན་ཡོད་སྐོར་གྱི་ཤོག་གྲངས་ ༡༡༧ ཅན་གྱི་སྙན་ཐོ་ཞིག་བཏོན་རྗེས། འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་སོགས་ཀྱིས་སྣེ་འཁྲིད་དེ་ངོ་རྒོལ་ཞུ་གཏུག་གི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་དང་། ཨ་རི་སོགས་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ནང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་ངོས་འཛིན་འོག་ཡོངས་ཁྱབ་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་དང་བྱེད་མུས་ཡིན་པ་མ་ཟད། འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་འགྲོ་སྐྱོད་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་རེད། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་ངལ་རྩོལ་སྲུང་སྐྱོབ་ཅེས་པའི་གྲོས་ཆོད་བཞག་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།