མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་བཞི་གསར་དུ་བདམས་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་བཅུ་བའི་ལས་བསྡོམས་སྒྲོག་སྦྱངས་དང་སྐབས་ ༡༡ པའི་རྒྱུན་ལས་མང་གཙོའི་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་སོང་།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་ ༡༡ པ་བདམས་ཐོན་བྱུང་སོང་། དུས་བབ་ཀྱི་པར། ༢༠༢༣།༡༠།༦

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོར་དྷ་རམ་ས་ལའི་མེག་གྷན་དྷ་རམ་ཀོ་ཊི་ལམ་ཟུར་དུ་ཡོད་པའི་ (Lazy Monk) ཇ་ཁང་དུ་མང་གཙོའི་ཀ་བ་བཞི་བ་སྟེ། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་གསར་འགོད་པ་རྣམས་ལྷན་འཛོམས་ཐོག གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་བཅུ་པའི་ལས་བསྡོམས་སྒྲོག་སྦྱངས་དང་། མཐུན་ཚོགས་ཀྱི་མ་འོངས་ལས་དོན་བྱེད་ཕྱོགས། གསར་འགོད་ལས་རིགས་དང་འབྲེལ་བའི་བསམ་ཚུལ་བསྡུ་ལེན་དང་གྲོས་བསྡུར་གནང་བ་མ་ཟད། སྐབས་བཅུ་གཅིག་པའི་རྒྱུན་ལས་འོས་བསྡུའི་ལམ་ནས་གསར་འདེམས་གནང་སོང་།

སྐབས་དེར་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་ ༡༡ པའི་རྒྱུན་ལས་འོས་བསྡུ་གནང་བའི་ཁྲོད། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་དང་གསར་འགོད་པ་སྐལ་བཟང་སྦྱིན་པ་ལགས་ལ་འོས་གྲངས་ ༢༥ དང་། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ལ་འོས་གྲངས་ ༡༧། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ལ་འོས་གྲངས་ ༡༢། ཕ་ཡུལ་གསར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་སྒྲོན་ལགས་ལ་འོས་གྲངས་ ༡༢ ཐོབ་སྟེ། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་ ༡༡ པའི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས་དང་། ཚོགས་གཞོན་སྐལ་བཟང་འཇིགས་མེད་ལགས། དངུལ་གཉེར་དང་རྩིས་པ་གཅིག་ལྕོགས་བློ་བཟང་དགེ་ལེགས་ལགས། ལས་འཆར་འབྲེལ་མཐུད་པ་བསྟན་འཛིན་ཉི་སྒྲོན་ལགས་བཅས་བསྐོ་བཞག་བྱུང་སོང་།

བོད་ཀྱི་གསར་འགོད་མཐུན་ཚོགས་ནི་ཕྱི་ལོ་ ༡༩༩༧ ལོར་བཞུགས་སྒར་དྷ་རམ་ས་ལར་ཆེད་འཛུགས་གནང་ཡོད་པ་དང་། ཚོགས་པ་འདི་ནི་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་མཐུན་ཚོགས་ཀྱི་ཁོངས་གཏོགས་བཙན་བྱོལ་ནང་གི་གསར་ཁང་ཁག་ ༧ ནས་ཁྱོན་བོད་པའི་གསར་འགོད་པ་ ༣༣  ཚོགས་ཁོངས་སུ་ཞུགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༨ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

མཆན། 1

  1. ཨ་ཁུ་འབྲོག་པ། says:
    ལོ་ 3 སྔོན།

    དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་དང་གསར་འགོད་པ་སྐལ་བཟང་སྦྱིན་པ་ལགས་གཙོས་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་གསར་བ་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། གསར་འགོད་ལས་རིགས་ཀྱི་ལམ་བུ་འདི་ནས་རྣམ་པ་ཚོས་བོད་མིའི་སྤྱི་ཚོགས་ཁྲོད་དུ་གནས་ཚུལ་དང་གསར་འགྱུར་ཚང་མ་དྲང་བདེན་དང་དོན་དངོས་ལ་ཁ་ཕྱོགས་པར་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese