མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལ་འཚམས་འདྲི་མཛད། 

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་སུ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོག་པར་འཚམས་འདྲི་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས། བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས། ༢༠༢༣། ༡༠།༩

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ། ད་ལྟ་བཙོན་ཁང་དུ་ཡོད་པའི་ཨི་རན་གྱི་རང་དབང་འཐབ་རྩོད་པ་དང་བུད་མེད་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་( Narges Mohammadi) ལགས་སུ་དབུལ་གཏན་འཁེལ་བ་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་མོའི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ནས། ཁོང་མོས་བློ་སྤོབས་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། འདྲ་མཉམ་བཅས་ཀྱི་ཆེད་དུ་ལས་འགུལ་སྤེལ་བར་བསྔགས་བརྗོད་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། དེང་གི་ཆར་དམངས་གཙོའི་རིན་ཐང་དང་། ཕྱི་གསལ་ནང་གསལ། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི། འདྲ་མཉམ་བཅས་ལ་འཛམ་གླིང་ཁྱོན་ཡོངས་ནས་གུས་བརྩི་དང་རིན་ཐང་ཆེན་པོ་བཞག་གི་ཡོད་ཅིང་། དེ་ང་ཚོར་ཁེ་ཕན་ཆེན་པོ་ཡོད་པའི་ཁར། ངོས་རང་གིས་སྐུ་ཉིད་ཀྱི་ལས་རོགས་ལྕམ་ཤི་རིན་(Shirin Ebadi)ཚུད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་འགའ་དང་ལྷན་དུ་ཐུག་འཕྲད་དང་གོ་བསྡུར་བྱས་མྱོང་། ཁོང་ཅག་གིས་བུད་མེད་ལ་གཉའ་གནོན་མཚམས་འཇོག་དང་སྤྱི་ཚོགས་ཡར་རྒྱས་གཏོང་སླད། ཞི་བའི་ལམ་ནས་འབད་བརྩོན་གནང་བར་ཡིད་སྨོན་སྐྱེ་ཡི་ཡོད། ངོས་རང་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ། བུད་མེད་རྣམས་ཀྱིས་ང་ཚོ་སྐྱེས་པའི་ཉིན་དང་པོ་ནས་ང་ཚོའི་མི་ཚེར་འགན་ཁུར་ཆེན་པོས་གཟིགས་སྐྱོང་བྱེད་པར་ངོས་འཛིན་མཚོན་ཆེད་ཕུལ་བ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་ཀྱིས། དེང་གི་ཆར་འཛམ་གླིང་འདིའི་དཀའ་རྙོག་དེ་དག་གྲོས་མོལ་དང་འཚེ་མེད་ཞི་བའི་ལམ་ནས་སེལ་ཏེ། འཛམ་གླིང་ལ་འགྱུར་བ་གཏང་རྒྱུར་འདོད་མོས་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་ཞིང་། དེ་ནི་གཞན་ཕན་དང་། བྱམས་བརྩེ། འགྲོ་བ་མིའི་འགན་ཁུར་གྱི་འདུ་ཤེས་བཅས་ཀྱི་གཞི་རྟེན་བྱས་ཡོད།  ངོས་རང་གིས་ཤེས་ཡོན་གྱི་ལམ་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་བཏང་ནས་དམིགས་ཡུལ་དེ་འགྲུབ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་གཅིག་ལ་གཅིག་རྟེན་བྱས་ཡོད་ཅིང་། དེ་ནི་འཚོ་བའི་ཆོས་ཉིད་དུ་གྲུབ་ཡོད། ཅེས་གསུངས་འདུག

ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ནི་ཨི་རན་གྱི་བུད་མེད་གསར་འགོད་པ་ཞིག་དང་། སྙིང་སྟོབས་ཞུམ་པ་མེད་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཞིག་ཡིན་སྟབས། ཁོང་མོ་ཐེངས་མང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཨི་རན་གྱི་རྒྱལ་སྲིད་ལ་ཉེན་ཁ་བཟོས་པའི་ཉེས་མིང་འོག་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་བཙོན་ཁང་དུ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese