མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་བོད་ལྗོངས་སློབ་གྲྭ་འཛུགས་པར་སྐྱོན་བརྗོད་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་མང་པོ་སྒོ་བརྒྱབ་སྟེ་རྒྱ་ནག་ནང་ལོགས་སུ་བོད་ལྗོངས་འཛིན་གྲྭའམ་བོད་ལྗོངས་སློབ་གྲྭ་ཟེར་བ་འཛུགས་སྐྲུན་བྱས་ཏེ་ཆབ་སྲིད་ཀྱི་ལས་འགན་ཧ་ཅང་གལ་ཆེན་ཡིན་པའི་བཀོད་མངགས་འོག་ཤུགས་གནོན་རྒྱག་བཞིན་འདུག

བོད་རང་སྐྱོང་ལྗོངས་ཤེས་རིག་ལས་ཁུངས་དང་། རྒྱ་ནག་སི་ཁྲོན་ཞིང་ཆེན་ཐེན་ཧྥུ་ས་ཁུལ་གསར་པའི་མའེ་ཧྲན་དོ་དམ་མཐུན་ཚོགས་གཉིས་ཀྱི་མཉམ་འབྲེལ་མཚན་རྟགས་འགོད་པའི་མཛད་སྒོ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ༢༠༢༣།༡༠།༢༦

ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བོད་རང་སྐྱོང་ལྗོངས་ཤེས་རིག་ལས་ཁུངས་དང་། རྒྱ་ནག་སི་ཁྲོན་ཞིང་ཆེན་ཐེན་ཧྥུ་ས་ཁུལ་གསར་པའི་མའེ་ཧྲན་དོ་དམ་མཐུན་ཚོགས་གཉིས་ཀྱིས། མའེ་ཧྲན་ཐེན་ཧྥུ་ས་གནས་གསར་པ་ཞེས་པ་རུ་བོད་ལྗོངས་སློབ་གྲྭ་ཞེས་པ་ཞིག་གསར་དུ་འཛུགས་སྐྲུན་བྱ་རྒྱུའི་མཉམ་ལས་མིང་རྟགས་འགོད་པའི་མཛད་སྒོ་ཞིག་བསྡུས་ཡོད་པ་དང་། མཛད་སྒོའི་གནས་ཚུལ་དྲ་ལམ་དུ་སྤེལ་རྗེས་དཔྱད་མཆན་འགོད་མཁན་ཚོས་བོད་རང་སྐྱོང་ལྗོངས་དང་གཞིས་ཀ་རྩེ་རུ་བོད་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱ་སའི་ས་ཆ་མེད་པ་རེད་དམ་ཞེས་བོད་ཀྱི་སློབ་གྲྭ་ཞིག་རྒྱ་ནག་ནང་ག་རེ་བྱས་ནས་འཛུགས་ཀྱི་ཡོད་མེད་ཐད་དོགས་འདྲི་བྱས་འདུག

རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་དུ་གནས་ཚུལ་སྤེལ་བའི་ནང་། སློབ་གྲྭ་དེ་ནི་གཞུང་གིས་བཙུགས་པའི་བོད་རང་སྐྱོང་ལྗོངས་རྒྱུགས་གཞི་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་དགེ་རྒན་སྐྱེད་སྲིང་གི་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུ་དང་། སློབ་གྲྭའི་ནང་དམའ་འབྲིང་དང་མཐོ་འབྲིང་གི་སྡེ་ཁག་གཉིས་སུ་དབྱེ་བའི་ཐོག་ནས་ཐོག་མའི་ཆར་སློབ་ཕྲུག་གྲངས་ ༣༠༠༠ བསྡུ་རྒྱུ་དང་། སློབ་གྲྭའི་འཛུགས་སྐྲུན་བཅས་ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ནང་འགྲུབ་པ་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱ་ནག་ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭའམ་སློབ་གྲྭ་དང་འབྲེལ་བའི་གཏན་འབེབས་ཡིག་ཆ། ༢༠༡༨།༡༢།༠༢

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གསོ་གོང་འཕེལ་དུ་ཁ་གཡར་ནས་འདས་པའི་ལོ་ཤས་ནང་བོད་ཀྱི་གྲོང་ཚོ་མང་པོའི་སློབ་ཆུང་དང་། ལྷག་པར་དུ་བོད་ཀྱི་སྒེར་གཉེར་སློབ་གྲྭ་རྣམས་སྒོ་བརྒྱབ་སྟེ་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭར་རང་ལོ་ ༤ ནས་ ༡༨ བར་གྱི་སློབ་ཕྲུག་ས་ཡ་གཅིག་ཙམ་བཅུག་ཡོད་པ་རེད། དཔེར་ན། འདས་པའི་ལོ་ངོ་གསུམ་གྱི་ནང་ཉུང་མཐར་བོད་ཁུལ་གྱི་སྒེར་གཉེར་སློབ་གྲྭ་བརྒྱད་སྒོ་བརྒྱབ་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༢༡ ལོར་མགོ་ལོག་ཁུལ་དུ་ཡོད་པའི་དམངས་སྒྲུབ་སློབ་གྲྭ་དང་། སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་སོགས་ཚུད་པའི་སྒེར་གཉེར་སློབ་གྲྭ་ ༧ སྒོ་བརྒྱབས་པ་དང་། ལོ་དེའི་ཕྱི་ཟླ་ ༡༡ ནང་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་ཡོད་པ་རེད།

དེ་བཞིན། ཕྱི་ལོ་ ༢༠༠༠ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་སྐྱོར་སློབ་གསོའི་མིང་ཐོག་ནས་བོད་ཁུལ་གྱི་རྫོང་རེ་རེའི་དམའ་འབྲིང་སློབ་གྲྭ་ཁག་ནས་ལོ་འཁོར་རྒྱུགས་སྤྲོད་ནང་འཛིན་གྲྭ་རེ་རེའི་ཨང་རིམ་རྩེ་བཏོགས་གསུམ་རེ་བསྡུས་ནས་ཡིག་ངག་གཉིས་ཀྱི་ཐོག་ནས་ཡིག་ཚད་བཏང་རྗེས། ཆེས་ཕུལ་དུ་བྱུང་བའི་སློབ་མ་རྩེ་ཕུད་གཅིག་གཉིས་རེ་བདམས་ནས་རྒྱ་ནག་ནང་ལོགས་ཀྱི་ཧྲིན་ཀྲིན་སོགས་གྲོང་ཁྱེར་ཆེ་ཁག་གི་སློབ་གྲྭ་དག་གི་ནང་བཅུག་དང་འཇུག་བཞིན་ཡོད་ལ། ལས་གཞི་དེའི་འོག་ནས་བོད་ཁུལ་དུ་རྒྱ་ནག་ནང་ལོགས་ཀྱི་དགེ་རྒན་སྟོང་ཕྲག་མང་པོ་བོད་ཁུལ་དུ་ཡོང་སྟེ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་སྟབས། བོད་ཁུལ་གྱི་གཞོན་སྐྱེས་རྣམས་སློབ་མཐར་ཕྱིན་རྗེས་ལས་ཞུགས་འགྲན་རྩོད་ཁྲོད་ཕམ་སྟེ་རང་བཞིན་གྱིས་ཚོང་ལས་དང་ལག་རྩལ་སོགས་ཀྱི་ཐོག་དོ་དབྱིངས་ཞུགས་དགོས་པའི་གནས་སྟངས་ཆགས་བཞིན་ཡོད་པ་རེད།

ཧྲན་ཏུང་ཞིང་ཆེན་ཅི་ནན་བོད་ལྗོངས་སློབ་འབྲིང་། དྲ་ལམ་གྱི་པར། ༢༠༡༥།༠༩།༡༨

གཞན།  ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཧུའུ་པེ། ལོའུ་ལིན། ཅང་སུའུ། ཀྲི་ཅང་། ཧྥུ་ཅན། ཧྲན་ཏུང་། ཧའེ་ནན། ཧུའུ་ནན། ཧུའུ་པའེ། ཀང་ཏུང་། སི་ཁྲོན། ཧྲན་ཞི། ཁྲུང་ཆིན་སོགས་ཞིང་ཆེན་དང་གྲོང་ཁྱེར་ ༡༦ ཏུ། ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭའམ་སློབ་གྲྭ་དང་འབྲེལ་བའི་ཡིག་ཆ་<<关于内地西藏班(校)扩大规模有关问题的请示》ཞེས་པ་གཏན་འབེབས་བྱས་ཡོད་པ་དང་། ཡིག་ཆ་དེའི་སྔོན་གླེང་ནང་དུ། ལས་དོན་འདི་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ། ཚད་མཐོའི་དོན་གཉེར་དང་སྒྲིག་འཛུགས་དོ་ནན། རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ལས་དོན་ལེགས་འགྲུབ་དགོས་ཞེས་བཀོད་འདུག་ལ། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭ་ཟེར་བ་བཙུགས་ཏེ་ལོ་ངོ་ ༣༦ འཁོར་བའི་ལས་བསྡོམས་ཤིག་གི་ནང་། ཕྱི་ལོ་ ༡༩༨༤ ལོར་བོད་ཁུལ་གྱི་སློབ་གསོའི་བྱ་བ་རྗེས་ལུས་དང་ཤེས་ལྡན་མི་སྣ་ཉུང་བར་དམིགས་ཏེ་ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭའམ་སློབ་གྲྭ་གཉེར་ཏེ། བོད་ཁུལ་གྱི་སློབ་ཕྲུག་དང་བོད་ཁུལ་དུ་བྱ་བ་གཉེར་བཞིན་པའི་མི་རིགས་གཞན་གྱི་བྱིས་པ་བཅས་སློབ་ཕྲུག་ཁྲི་ ༡༤.༣ སློབ་འཇུག་བྱས་པའི་ཁྲོད་ནས་སློབ་ཕྲུག་ཁྲི་ ༥.༦ ལྷག་བོད་ལྗོངས་སུ་བཏང་ཡོད་སྐོར་བསྒྲགས་འདུག་ལ། རྒྱ་ནག་ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭའམ་སློབ་གྲྭ་ཟེར་བ་དེའི་ནང་དམའ་འབྲིང་དང་མཐོ་འབྲིང་གཉི་ག་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese