མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་བོད་ཀྱི་མ་འོངས་མདུན་ལམ་གྱི་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཅེས་པའི་ལྷན་ཚོགས་ཐེངས་བཞི་བའི་ཉིན་མཐའ་མར་༧གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་སྩལ་གནང་ཞིང་། ༧སྐུ་ཉིད་དགུང་གྲངས་ཉི་ཤུ་ལྷག་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་མ་འོངས་མདུན་ལམ་གྱི་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་དང་བཀའ་སློབ་བསྩལ།
བོད་ཀྱི་དུས་བབ་ཀྱི་པར། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན།

ཉེ་བའི་ཉིན་གྲངས་ལྔའི་རིང་འཚོགས་པའི་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཅེས་པའི་ལྷན་ཚོགས་ཐེངས་བཞི་བའི་ཉིན་མཐའ་མ་སྟེ། དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་བཀའ་སློབ་ཅི་སྩལ་སྐོར་འབྲེལ་མཐུད་པ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། ངོས་རང་ཉུང་མཐར་ལོ་ ༢༠ འཚོ་བཞུགས་གནང་གི་རེད། ཁྱེད་རང་ཚོས་སེམས་ཁྲལ་གནང་དགོས་མ་རེད། ལོ་ཉི་ཤུའི་ནང་རྒྱ་ནག་ལ་འགྱུར་བ་འགྲོ་ཡི་རེད་ཅེས་གསུངས་བྱུང་བ་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཐེངས་འདིའི་ལྷན་ཚོགས་སྟེང་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་དང་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྣམ་གཉིས་ནས་བཀའ་སློབ་ལམ་སྟོན་སྩལ་བ་སོགས། འཛམ་གླིང་རྒྱལ་ཁབ་ཁག་བདུན་ཙམ་ནས་ཕེབས་པའི་ཚོགས་བཅར་བ་ཁྱོན་ ༩༠ ལྷག་ཙམ་གྱིས་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ། ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག  རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གི་གནས་སྟངས་སོགས་དང་འབྲེལ། བོད་དང་བོད་མིའི་རྩ་དོན་དེ་ཆེས་ཛ་དྲག་དང་གལ་གནད་ཆེ་བའི་དུས་ཚོད་ཅིག་ལ་བསླེབས་ཡོད་པ། འདས་དོན་ལ་བསྐྱར་ཞིབ་དང་འབྱུང་འགྱུར་ལ་བསམ་གཞིགས་ཀྱིས་བོད་ཀྱི་མ་འོངས་པའི་ཆབ་སྲིད་དང་། བོད་མིའི་ངོ་བོ། སྐད་ཡིག རིག་གཞུང་བཅས་སྲུང་སྐྱོབ་ཀྱི་ལས་དོན་ལ་ནུས་པ་ལྡན་ལ་ཁ་ཕྱོགས་མ་ནོར་བའི་གོམ་སྟབས་ཤིག་ཅི་ནས་ཀྱང་སྤོ་ཐུབ་པ་བྱ་དགོས་སྐོར་སོགས་ཀྱི་བརྗོད་གཞི་མང་པོའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

ཚོགས་འདུའི་སྟེང་ཚོགས་བཅར་བ་རྣམས་ཀྱིས་འདས་པའི་ལོ་རྒྱུས་ཐོག་གི་བོད་ཀྱི་གནས་བབ་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སོགས་ཀྱི་ཐད་གཅིག་གྱུར་གྱིས་ངོས་འཛིན་བྱུང་ཡོད་པའི་དོན་ཚན་ཁག་གསུམ་ནི། གཅིག་བོད་ནི་ལོ་ངོ་སྟོང་ཕྲག་རིང་མང་པོའི་ལོ་རྒྱུས་ལྡན་པའི་རང་བཙན་དང་ཞི་བདེའི་རྒྱལ་ཁབ་ཅིག་ཡིན་པ་དང་། གཉིས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་འོག བཙན་བྱོལ་ནང་མང་གཙོའི་ལམ་སྲོལ་གཏོད་པ་ནས་བོད་དེ་ཞི་བདེ་དང་རང་དབང་གི་ས་ཁུལ་ཞིག་ཏུ་བསྒྱུར་རྒྱའི་དགོངས་བཞེད་སོགས་ལ་བརྟེན་ནས། གནའ་དེང་གི་ཤེས་ཡོན་ལྡན་པའི་མི་རབས་ཤིག་གསོ་སྐྱོང་གནང་སྟེ། བོད་ཀྱི་མ་འོངས་པར་རེ་བའི་སྟོབས་ཤུགས་སྩལ་ཡོད། གསུམ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་བོད་མིའི་ངོ་བོ་སྐད་ཡིག་དང་རིག་གཞུང་། སྣོད་བཅུད་སོགས་གཏོར་བརླག་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱས་ཏེ། བོད་ཀྱི་སྐད་ཡིག་རིག་གཞུང་དང་ངོ་བོ་བཅས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འཛིན་བཞིན་པ་མངོན་གསལ་ཡིན་སྐོར་སོགས་རེད་འདུག

ཡང་ལྷན་ཚོགས་དེ་བརྒྱུད་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་སེམས་འཚབ་ཆེན་པོས་གནད་དོན་གལ་ཆེན་ཁག་ཅིག་གི་ཐོག་འབོད་སྐུལ་དང་ནན་བརྗོད་ཞུས་པའི་དོན་ཚན་བདུན་ཡོད་པ་དག་ནི། གཅིག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དང་བོད་མི་རྣམས་ནི་གང་གི་གདུལ་བྱ་ཡིན་པ་དང་། ཚེ་རབས་ནས་ཚེ་རབས་བར་དུ་༸གོང་ས་མཆོག་དང་བོད་མིའི་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་རྒྱུན་གནས་ཡོང་དགོས་རྒྱུར་ངོས་འཛིན་གཅིག་གྱུར་ཐོག་༸གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངེས་པར་དུ་ཕེབས་དགོས་པ་དང་། གཉིས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ་མཆོག་གི་བར་བརྒལ་གྱི་དུས་སྐབས་སུ་རྒྱ་ནག་གཞུང་གིས་སིམ་འཛུལ་དང་གཡོ་ཇུས་ལ་གདོང་ལེན་གྱི་གྲ་སྒྲིག་དགོས་པ་ཧ་ཅང་གལ་ཆེན་ཡིན་པས། སྐབས་དེར་ནུས་པ་ལྡན་པའི་སྐུ་ཚབ་ཅིག་ངེས་པར་དུ་བསྐོ་གཞག་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།

གསུམ་བོད་དང་བོད་མིའི་ཐུན་མོང་གི་དམིགས་ཡུལ་དང་མདུན་ལམ་དེའི་ཆེད་དུ་འཆམ་མཐུན་གྱི་ཁོར་ཡུག་ཅིག་དང་། ནུས་ལྡན་གྱི་འཐབ་རྩོད་ཅིག་ཡོད་དགོས་པས། བསམ་ཚུལ་དང་། ལངས་ཕྱོགས། ལས་ཕྱོགས་སོགས་སྣ་ཚོགས་རང་བཞིན་ལྡན་པའི་འཆམ་མཐུན་གྱི་སྟོབས་ཤུགས་དང་སྣ་མང་གི་ནུས་པ་ཡོད་པའི་འཐབ་རྩོད་བྱ་མཁན་གྱི་མི་རབས་ཤིག་དང་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུར་ངེད་ཚོགས་བཅར་བ་ཡོངས་ཀྱིས་མ་སྐུལ་དང་བླངས་ངང་དམ་བཅའ་འབུལ་རྒྱུ་དང་། ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་བོད་མི་ཡོངས་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

བཞི་རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་གོང་སྤེལ་དང་གོ་སྐབས་དམ་འཛིན་ཡོང་སླད་ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་དཀར་ནག་གཉིས་ཀྱི་གནས་བབ་ལ་རྒྱུན་ཆད་མེད་པར་ཞིབ་ཚགས་པོས་དབྱེ་ཞིབ་བྱེད་དགོས་པ་མ་ཟད། བོད་ཀྱི་གནད་དོན་ལ་ཕན་ཐོགས་ཡོད་པའི་གོ་སྐབས་གཅིག་ཀྱང་མ་ལུས་པར་ལེན་ཐུབ་པ་བྱེད་དགོས།

ལྔ་གཞིས་བྱེས་བོད་མིའི་དབར་གྱི་ཡིད་ཆེས་དང་བརྩེ་བ་ནི་ནམ་ཡང་བསུབ་ཐབས་མེད་པའི་འགྱུར་མེད་རྟག་བརྟན་གྱི་ངོ་བོར་གྲུབ་ཡོད་ཀྱང་། བཙན་བྱོལ་བོད་མིའི་གོང་འོག་བར་གསུམ་ཚང་མས་གཞིས་བཞུགས་བོད་མིའི་མངོན་འདོད་དང་བདེ་སྡུག་ལ་དགོངས་བཞེས་ཀྱིས་ནང་ཁུལ་བསམ་ཤེས་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་དགོས་པ་མ་ཟད། ང་ཚོའི་ཐུན་མོང་གི་དགྲ་བོར་ངོས་འཛིན་གཅིག་གྱུར་ཐོག་གཞིས་བཞུགས་བོད་མི་ཚོ་ཡིད་ཆད་དང་བློ་ཕམ་མ་ཡོང་བ་བྱ་དགོས།

དྲུག་རྒྱ་གར་དང་། ཨ་རི། ཡོ་རོབ་སོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བོད་ཀྱི་གནད་དོན་ལ་སྔར་ལྷག་རྒྱབ་སྐྱོར་དང་དུས་ནས་དུས་སུ་བོད་ཀྱི་གནད་དོན་གླེང་སློང་གིས་ནུས་པ་ལྡན་པའི་གྲོས་འཆར་གཏན་འབེབས་ཡོང་རྒྱུར་གཞུང་སྒེར་ཁག་དང་ལྷག་པར་དུ་ཕྱི་རྒྱལ་དུ་གནས་བཞུགས་གཞོན་སྐྱེས་དང་ཤེས་ལྡན་པ་ཚོས་འགན་ཁུར་ཤུགས་སྣོན་བརྒྱག་དགོས།

བདུན་ང་ཚོས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྒྱ་དམར་གཞུང་གི་བཙན་འཛུལ་དང་དབང་བསྒྱུར་ལ་ངོ་རྒོལ་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་འོག་དཀའ་ངལ་མྱོང་བཞིན་པའི་རྒྱལ་ཁབ་ཤར་ཏུར་ཀི་སི་ཐན་དང་། ནང་སོག ཧོང་ཀོང་། དེ་བཞིན་ཐེ་ཝན་སོགས་ཀྱི་རང་དབང་འཐབ་རྩོད་པ་དང་ལྷན་དུ་ནུས་པ་མཉམ་སྤུངས་ཀྱིས་ལས་འགུལ་གང་མང་སྤེལ་དགོས་ཞེས་པ་བཅས་རེད་འདུག

བོད་ཀྱི་མ་འོངས་པའི་མདུན་ལམ་ཞེས་པའི་ལས་འགུལ་དེ། བོད་མི་ཁག་ཅིག་གིས་དང་དུ་བླངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༤ ནས་མགོ་འཛུགས་བྱས་ཏེ། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་། ཡུ་རོབ་ཀྱི་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་གྲོང་ཁྱེར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འཕྲུལ་རིག མི་འབོར། ཁོར་ཡུག སྤྱི་ཚོགས་སོགས་འབྲེལ་ཡོད་ཀྱི་བརྗོད་གཞི་གང་མང་ཞིག་གི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese