མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་མཉམ་ལས་ཀྱི་ལྷན་ཚོགས་ཐོག་བོད་མི་རྣམས་ཀྱིས་བོད་དོན་གླེང་སློང་བྱེད་དགོས་པའི་སྐད་འབོད་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་དང་དང་ནེའུ་ཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་མཆོག་གི་མཚན་ཐོག་ཏུ་བོད་དོན་དང་འབྲེལ་བའི་དོན་ཚན་བདུན་ཅན་གྱི་སྙན་ཞུ་ཞིག་ཕུལ་ཏེ་ཞི་ཅིན་ཕིང་དང་མཉམ་དུ་བོད་དོན་གླེང་སློང་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཕོ་བྲང་དཀར་པོ་མདུན་ཐང་དུ་བོད་མིས་སྐད་འབོད་གནང་བཞིན་པ། ཉིའུ་ཡོག་ས་གནས་གཞོན་ལྷན་གྱི་པར། ༢༠༢༣།༡༡།༡༢

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༧ བར་ཉིན་གྲངས་བདུན་རིང་ཨ་རིའི་སཱན་ཧྥི་རན་སི་སི་ཁོ་ (San Francisco) རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལྷན་ཚོགས་ཐེངས་ ༣༠ པ་འཚོག་བཞིན་ཡོད་ཅིང་། ཐེངས་འདིའི་ཚོགས་ཆེན་དུ་ཨ་རི་དང་། ཨོ་གླིང་། ཁེ་ན་ཌ། ཉི་ཧོང་། ཐའེ་ཝན། ལྷོ་ཀོ་རི་ཡ། རྒྱ་ནག་སོགས་རྒྱལ་ཁབ་ ༢༡ གི་མགོ་ཁྲིད་མཉམ་ཞུགས་གནང་སྟེ། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དང་། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས། ཚོང་འབྲེལ་གྱི་དཀའ་ངལ། ཨི་ཛི་རེལ་གྱི་དམག་འཁྲུག་སོགས་རྒྱལ་སྤྱིའི་གནད་དོན་ཁག་ཅིག་ཐོག་གླེང་སློང་གནང་གི་ཡོད་འདུག་ལ། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཟུར་དུ་ཐུག་འཆར་ཡོད་འདུག

དེའི་ཐད་ཨ་རིའི་ནེའུ་ཡོག་དང་དང་ནེའུ་ཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་མཆོག་གི་མཚན་ཐོག་ཏུ་བོད་དོན་དང་འབྲེལ་བའི་དོན་ཚན་བདུན་ཅན་གྱི་སྙན་ཞུ་ཞིག་ཕུལ་ཏེ། ཞི་ཅིན་ཕིང་དང་མཉམ་དུ་བོད་དོན་གླེང་སློང་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་དུ་བོད་མི་མང་པོ་འཛོམས་ནས་སྐད་འབོད་ཤུགས་ཆེན་བྱས་འདུག་ལ། དེ་བཞིན་སཱན་ཧྥི་རན་སི་སི་ཁོ་ཁུལ་གྱི་ཐེངས་འདིའི་ཚོགས་ཆེན་ཚོགས་ཡུལ་གྱི་ཁང་རྩེག་ཏུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་འཕྲེད་དར་དཔྱངས་ཏེ། སྲིད་དབང་སྒེར་སྤྱོད་པ་ཞི་ཅིན་ཕིང་གི་དུས་ཚོད་རྫོགས་པ་རེད་ཅེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་དང་འབྲེལ་བའི་སྐོར་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་གྲུབ་དབང་ཆེན་ལགས་ཀྱིས། ལྷན་ཚོགས་དེའི་སྟེང་དུ་འཛམ་གླིང་སྟེང་གི་སྲིད་དབང་སྒེར་སྤྱོད་ཀྱི་དབང་ཆ་ཆེ་ཤོས་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པ་ཚང་མས་ཤེས་ཀྱི་རེད། ལྷག་པར་དུ་ཁཱ་ལི་ཧྥོར་ནི་ཡ་མངའ་སྡེའི་ནང་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཉིན་གཅིག་རིང་གི་ཡོང་འབབ་དང་ཆུ་ཚོད་བློས་གཏོང་བྱས་ཏེ། མི་མང་གང་མང་མཉམ་ཞུགས་བྱེད་པར་གོ་སྐབས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཞི་ཅིན་ཕིང་གི་སྲིད་དབང་སྒེར་སྤྱོད་བྱས་པ་ནས་བཟུང་ལས་འཆར་སྣ་མང་ལ་ཁ་གཡར་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པའི་བོད་མི་རིགས་རྩ་གཏོར་གཏོང་བཞིན་ཡོད་པས། འཛམ་གླིང་མི་མང་ལ་ཞི་ཅིན་ཕིང་ནག་ཉེས་ཅན་ཞིག་ཏུ་ངོས་འཛིན་བྱ་འཇུག་དགོས་པ་ང་ཚོའི་འགན་འཁུར་རེད། གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་མཁྱེན་གསལ་ལྟར། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པ་རྣམས་ཀྱིས་རྒྱལ་སྤྱིའི་སྟེང་དུ་ངོ་སྤྲོད་བྱ་རྒྱུ་འོས་འགན་རེད། ད་ལྟའི་ཆར་འཛམ་གླིང་མི་མང་གིས་རྒྱ་ནག་ལ་ལྟ་སྟངས་ཐད་འགྱུར་བ་འགྲོ་བཞིན་ཡོད་པའི་གོ་སྐབས་དམ་འཛིན་བྱས་ཏེ་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་འདུག

དེ་བཞིན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་པའི་ཚོགས་གཙོ་འཇིགས་མེད་ཨོ་རྒྱན་ལགས་ཀྱིས། ཕྱི་ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་སོགས་འཛམ་གླིང་གི་དཔོན་རིགས་མང་པོ་མཇལ་འཕྲད་གནང་འཆར་ཡོད་ཅིང་། ཐེངས་འདིའི་ཚོགས་ཆེན་སྐབས་རྒྱ་ནག་གི་མགོ་ཁྲིད་དང་པེ་ཅིན་གཞུང་ལ་ངོ་རྒོལ་བྱེད་པའི་གོ་སྐབས་ཡག་པོ་ཆགས་ཡོད་པ་མ་ཟད། ནམ་རྒྱུན་བོད་ནང་གི་གནས་ཚུལ་གོ་བ་ཙམ་མ་གཏོགས་ལས་ཀ་གཞན་བྱེད་ཐབས་མེད་པ་ཆགས་ཀྱི་ཡོད་ཀྱང་། འཛམ་གླིང་མི་མང་ལ་གོ་རྟོགས་སྤེལ་བའི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཡོད། དེ་བཞིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ལ་བོད་ནང་གི་དཀའ་ངལ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་མྱུར་དུ་གདན་འདྲེན་ཞུ་དགོས་པའི་གནོན་ཤུགས་སྤྲོད་དགོས་ཡོད་སྟབས། བོད་རང་བཙན་སློབ་ཕྲུག་ཚོགས་པས་སཱན་ཧྥི་སི་སི་ཁོ་རུ་སྐད་འབོད་ཅིག་གོ་སྒྲིག་ཞུ་བཞིན་ཡོད་པར་བོད་མི་གང་མང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese