མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེན་པ་དང་འཚེ་བ་མེད་པ་གཉིས་ཡག་པོ་བྱས་ནས་ཤེས་པ་ཡིན་ན་འཐབ་རྩོད་གཞན་འཚོལ་དགོས་པ་ཧ་ལམ་མེད་པ་ལྟ་བུ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༡༣ ནས་ ༡༥ བར་ཉིན་གྲངས་གསུམ་རིང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱ་གར་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཞིག་འཚོག་བཞིན་འདུག

དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་འཚོག་བཞིན་པ། ༢༠༢༣།༡༡།༡༣ དུས་བབ་ཀྱི་པར།

ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ (Lok Sabha) འཐུས་མི་ཀི་ཤན་ཀ་པུར་ (Kishan Kapoor) ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། དེ་བཞིན་རྒྱ་གར་གྱི་ས་གནས་མི་འདྲ་བ་ ༩ ནང་སློབ་གཉེར་བྱེད་བཞིན་པའི་གཞོན་སྐྱེས་མི་གྲངས་ ༣༣ མཉམ་ཞུགས་གནང་འདུག་ལ། ཚོགས་འདུའི་ཐོག་མ་འོངས་པར་ལས་དོན་གནང་ཕྱོགས་དང་བོད་དོན་ཞུ་གཏུག་གནང་སྟངས་ཀྱི་ཐོག་ལ་ལམ་སྟོན་དང་གོ་བསྡུར་གནང་གི་འདུག

ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཚོགས་འདུ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་རྗེས། རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཀི་ཤན་ཀ་པུར་ལགས་ཀྱིས། ཁོང་ན་ཡི་ཡོད་ནའང་བོད་དོན་ལ་རྒྱབ་སྐྱོར་དང་མི་རབས་གསར་པ་དང་མཉམ་དུ་འབྲེལ་བ་བཟང་པོ་ཡོང་སླད། ཚོགས་འདུ་འདི་གལ་ཆེན་དུ་རྩིས་ཏེ་ཆེད་མངགས་ཀྱིས་བཅར་ཡིན་སྐོར་དང་། རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཤུགས་ཆེན་བྱས་ཏེ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་གར་གྱིས་རྒྱ་ནག་ལ་ཐབས་ལམ་མི་འདྲ་བའི་ཐོག་ནས་གནོན་ཤུགས་སྤྲད་དེ་རྒྱ་ནག་ནང་དུའང་འགྱུར་བ་ཤུགས་ཆེན་འགྲོ་མུས་ཡིན་སྐོར་དང་། འདས་པའི་ལོ་ངོ་བཅུ་ཕྲག་བདུན་རིང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་དོན་དུ་བོད་མི་རྣམས་ཀྱིས་བཙན་བྱོལ་ནས་ལས་འགུལ་སྤེལ་མུས་ཡིན་པ་དང་། འདས་པའི་ལོ་རྒྱུས་ནང་གཞོན་སྐྱེས་རྣམས་ཀྱིས་དྭང་དུ་བླངས་ཏེ་བོད་དོན་ལས་འགུལ་སྤེལ་ཚེ་གྲུབ་འབྲས་ལེགས་པོ་སོན་ངེས་ཡིན་པ་ལྟར། བོད་ཀྱི་གཞོན་སྐྱེས་རྣམས་ནས་ཀྱང་དེ་ལྟར་ལས་འགུལ་ལ་མཉམ་ཞུགས་ཀྱིས་འཐབ་རྩོད་བྱས་ཚེ། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་རྒྱུའི་ཡིད་ཆེས་དང་རེ་བ་ཡོད་སྐོར་སོགས་གསུངས་སོང་།

རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཀི་ཤན་ཀ་པུར་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༣།༡༡།༡༣ དུས་བབ་ཀྱི་པར།

སྐུ་མགྲོན་གཙོ་བོ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེ་རིང་གི་བརྗོད་གཞི་གཙོ་བོ་དེ་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཆེད་དུ་ཐབས་བྱུས་འཚོལ་རྒྱུ་དང་དེའི་ཆེད་དུ་ཟབ་སྦྱོང་གནང་རྒྱུར་དམིགས་པ་ཞིག་རེད། ང་རང་ཚོའི་བོད་དོན་ཞུ་གཏུག་འདི་ལས་བགོས་གནང་རྒྱུ་སྟབས་བདེ་པོ་ཞིག་རེད་བསམ་གྱི་འདུག རྒྱུ་མཚན་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་གནད་དོན་གང་ཡིན་པ་གསལ་པོ་བཟོས་གནང་ཡོད་པར་བརྟེན། ལམ་སྟོན་དེའི་ཐོག་ལ་ཤར་བསྐྱོད་བྱ་རྒྱུ་མ་གཏོགས་ང་ཚོས་ཐབས་ལམ་གསར་པ་འཚོལ་རྒྱུ་དང་གནས་ཚུལ་གསར་པ་བསྒྲུབ་དགོས་པའི་གནས་སྟངས་རྩ་བ་ནས་མེད་པ་རེད། སྤྱིར་བཏང་བོད་ཀྱི་དཀའ་རྙོག་ཅེས་པ་དེ་ངོ་འཕྲོད་པ་བྱ་རྒྱུ་གལ་ཆེན་པོ་རེད། རྒྱལ་སྤྱིའི་ནང་ལ་དཀའ་རྙོག་མང་པོ་ཡོང་གི་ཡོད་པ་ཚང་མ་འཐབ་རྩོད་ཀྱི་ངོ་བོ་ཤ་སྟག་ཅིག་རེད། ང་ཚོ་ཐོག་མར་སྐྱབས་བཅོལ་དུ་འབྱོར་ཚུལ་གྱི་ཐོག་ལ་ནུབ་ཕྱོགས་པ་མང་པོ་ཞིག་གིས་ཞིབ་འཇུག་བྱས་ཏེ་བོད་པའི་འཐབ་རྩོད་འདི་ག་རེ་རེད་ཅེས་འདྲི་ཡི་ཡོད་པ་རེད། མི་རིགས་གཉིས་འཆམ་མཐུན་མི་ཡོང་བའི་འཐབ་རྩོད་ཅིག་རེད་དམ། ཡང་ན་སྲིད་དོན་གྱི་ལྟ་གྲུབ་མི་མཐུན་པའི་འཐབ་རྩོད་ཅིག་རེད་དམ། ས་མཚམས་ཀྱི་འཐབ་རྩོད་ཅིག་རེད་དམ། ཆབ་སྲིད་དབང་ཆའི་འཐབ་རྩོད་ཅིག་རེད་དམ། དེང་སང་གི་འཐབ་རྩོད་མང་ཆེ་བ་དེའི་ཁོངས་སུ་བསྡུ་ཡི་ཡོད་པར་བརྟེན། བོད་པའི་གནད་དོན་ཡང་དེ་ལྟ་བུ་ཞིག་རེད་དྲན་གྱི་ཡོད་པ་རེད། ང་ཚོ་བོད་མི་རིགས་དང་རྒྱ་མི་རིགས་གཉིས་ཀྱི་བར་ལ་འགལ་ཟླ་གང་ཡང་མེད། ཅེས་སོགས་གསུངས།

བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྟོན་བཀའ་སློབ་གནང་བཞིན་པ། ༢༠༢༣།༡༡།༡༣ དུས་བབ་ཀྱི་པར།

ཡང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༧གོང་ས་མཆོག་ནས་བོད་ཀྱི་གནད་དོན་འདི་ཞི་འགྲིག་ཡོང་ཐབས་སུ་བདེན་པ་དང་འཚེ་བ་མེད་པ་གཉིས་པོ་དེ་ཞི་བདེའི་སྒང་ནས་གསུངས་པ་རེད། བདེན་པར་གནས་པ་ཡིན་ན་འཚེ་བ་ཡོང་ཐབས་མེད་པ་དང་། འཚེ་བ་མེད་པར་གནས་པ་ཡིན་ན་བདེན་པ་ལས་གཞན་པའི་འཐབ་རྩོད་གང་ཡང་བྱ་རྒྱུ་ཡོད་པ་མ་རེད། དེར་བརྟེན་བདེན་པ་དང་འཚེ་བ་མེད་པ་གཉིས་པོ་དེ་ང་ཚོས་གནས་ཚུལ་ཡག་པོ་བྱས་ནས་ཤེས་པ་ཡིན་ན། འདིའི་ཐོག་ལ་འཐབ་རྩོད་གཞན་འཚོལ་དགོས་པ་ཧ་ལམ་མེད་པ་ལྟ་བུ་ཞིག་རེད། ཡིན་ནའང་། བདེན་པ་འདི་ག་རེ་ཡིན་པ་དེ་ཚང་མས་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད། ཡང་དག་པ་མ་ཡིན་པ་དང་དྲང་བདེན་མ་ཡིན་པའི་གནས་ཚུལ་ག་རེ་འབྱུང་གི་ཡོད་པ་དེ་མཁྱེན་དགོས་པ་ཞིག་རེད། ང་རང་ཚོའི་མ་འོངས་པའི་འཐབ་རྩོད་དེ་ག་དུས་ཡིན་རུང་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་དགོས་པ་ཞིག་དང་། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་གཞིར་བཟུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་དེ་རེད། དབུ་མའི་ལམ་གྱི་སྲིད་ཇུས་དེ་ལ་གཉིས་སྨན་ལབ་དགོས་དོན་ནི། ཕན་ཚུན་གཉིས་ཀ་ལ་ཕན་པ་ཞིག་མ་གཏོགས་གཅིག་རྒྱལ། གཅིག་ཕམ་པ་ཟེར་བ་དང་། གཅིག་ལ་ཕན། གཅིག་ལ་གནོད་ཟེར་བ་དེ་མེད་པ་ངེས་པར་དུ་ཐུགས་ལ་མཁྱེན་དགོས་པ་ཞིག་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese