མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དང་ཐའེ་ཝན་གྱི་སྐུ་ཚབ་ཚོགས་ཆུང་གཉིས་བཞུགས་སྒར་དྷ་རམ་ས་ལར་འབྱོར།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཉི་ཧོང་ཛིན་ནང་བསྟན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ཐའེ་ཝན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ལ་མཇལ་འཕྲད་གནང་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཉི་ཧོང་ཛིན་ནང་བསྟན་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་རྣམ་གཉིས་ཀྱིས་བསྒྲགས་གཏམ་གྱི་ངོ་བཤུས་འབུལ་བཞེས་གནང་བ། སྤྱི་འཐུས་ཀྱི་པར། ༢༠༢༣།༡༡།༡༤

ཁ་སང་ཕྱི་ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཉི་ཧོང་གི་དགེ་འདུན་པ་ཧཱ་ཡཱ་་ཤི་སིན་སི་ (Hayashi Shuei) ལགས་ཀྱིས་སྣེ་ཁྲིད་པའི་ཉི་ཧོང་སོ་ཏོ་ཤུ་ཛེན་ནང་པའི་ཆོས་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་ཉི་ཧོང་གི་དགོན་པ་དགུའི་སྐུ་ཚབ་རྣམས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་བཅར་གྱིས། དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་དབུས་ཚང་མ་ལྷན་འཛོམས་ཐོག རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་སོགས་ཀྱི་དོན་ཚན་བདུན་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ངོ་བཤུས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་ཕུལ་ཡོད་འདུག

སྤྱི་འཐུས་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། ཉི་ཧོང་དང་བོད་ཀྱི་ཆོས་ཕྱོགས་ཀྱི་འབྲེལ་བའི་སྐོར། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐོག་མཇལ་མོལ་གནང་འདུག ཚོགས་གཞོན་མཆོག་གིས་ཉི་ཧོང་གི་ཛིན་ནང་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་དགུའི་འཐུས་མི་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དོན་ཚན་བདུན་འཁོད་པའི་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཁོང་རྣམ་པས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཡིད་ཆེས་གནང་བར་བསྔགས་བརྗོད་ཞུས་ཡོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་བོས་ཉི་ཧོང་ཛིན་ནང་བསྟན་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་། བོད་མི་མང་སྤྱི་འཐུས་ཀྱི་པར། ༢༠༢༣།༡༡།༡༤

ཡང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་གངས་ཅན་སྐྱིད་གཤོངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་ཡོད་ཅིང་། ཚོགས་ཆུང་དེའི་ནང་དུ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་ཝུའུ་ཧའོ་ཅི་(WU Hao Jee) ལགས་དང་། སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། ལས་བྱེད་ལིན་ཞིན་ཡིས་ (Lin Hsin-yi) ལགས། ཐའེ་ཝན་ནང་ཡོད་པའི་ཧོང་ཀོང་གཞོན་སྐྱེས་ཚོགས་པ་ (Hongkong outlanders) གསར་འཛུགས་གནང་མཁན་ཧྥིན་ཐིན་ཡུས་(Sky FUNG) ལགས། ཐའེ་ཝན་ནང་གི་ཁྲིམས་དོན་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པའི་རྒྱུན་ལས་ཚའེ་མིན་ཙི་ (TSAI Meng-z)  ལགས་ལ་མཇལ་འཕྲད་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་བོས་ཐའེ་ཝན་སྐུ་ཚབ་ཚོགས་ཆུང་དང་ཐུག་འཕྲད་གནང་། བོད་མི་མང་སྤྱི་འཐུས་ཀྱི་པར། ༢༠༢༣།༡༡།༡༤

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས། བོད་མི་རྣམས་རྒྱ་གར་ནང་སྐྱབས་བཅོལ་འབྱོར་ནས་མི་ལོ་ ༦༤  ལྷག་འགྲོ་བཞིན་ཡོད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་བཀའ་དྲིན་ལ་བརྟེན་ཏེ། བོད་དོན་འཐབ་རྩོད་རྒྱུན་གནས་ཐུབ་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་ཅིང་། ཐའེ་ཝན་གཞུང་མང་གཉིས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ཐོག་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པར་དགེ་ཕན་ཆེན་པོ་བྱུང་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་བོད་དང་ཐའེ་ཝན་གཉིས་ལ་ཤུགས་རྐྱེན་སྤྲོད་བཞིན་ཡོད་པས། རྒྱ་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་མུས་ཡིན་པ་དེར། ཐའེ་ཝན་གྱིས་རྒྱ་ནག་མི་མང་ནང་དུ་དངོས་ཡོད་གནས་ཚུལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གལ་གནད་སྐོར་དང་། རྒྱ་གཞུང་གིས་བོད་ནས་འབབ་བཞིན་པའི་རྒྱུག་ཆུ་ཁག་ལ་ཆུ་མཛོད་བརྒྱབ་སྟེ། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། འཛམ་གླིང་ནང་དུ་ཞི་བདེ་ངང་གནས་ཐབས་སུ་གཙོ་བོ་རྒྱ་གཞུང་གི་བྱ་སྤྱོད་རྣམས་འགན་ཁུར་ལྡན་པ་བཟོ་དགོས་སྐོར་དང་། རྒྱལ་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་ཐོག་ནས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གལ་གནད་ཐོག་ཞིབ་འཇུག་ཚད་ལྡན་གནང་དགོས་སྐོར། བོད་པ་དང་། ཐའེ་ཝན། ཧོང་ཀོང་། ཡུ་གུར། ནང་སོག་བཅས་ཀྱི་མཛའ་འབྲེལ་གོང་མཐོར་བཏང་སྟེ། མཉམ་རུབ་ཐོག་རྒྱ་གཞུང་ལ་གདོང་ལེན་བྱེད་དགོས་སྐོར་སོགས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese