མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་པེན་གྱིས་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་གཙི་སྲུང་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་འདི་ལོའི་རྒྱལ་སྤྱིའི་པེན་གྱི་ཚབ་མཚོན་རང་བཞིན་གྱི་བཙོན་འོག་རྩོམ་པ་པོ་བཞིའི་ནང་དུ་བདམས་འདུག

འདི་ལོའི་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཚབ་མཚོན་མི་སྣ་བཞི། ༢༠༢༣།༡༡།༡༥ དུས་བབ་ཀྱི་པར།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ །༠༠ ཐོག་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་གནང་སོང་བ་དང་། འདི་ལོའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཡུ་ཁུ་རིན་གྱི་འཐབ་རྩོད་པ་ཨི་རེ་ནཱ་(Iryna Danylovych) ལགས་དང་། བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། མོ་རོ་ཁོའི་གསར་འགོད་པ་སུའུ་ལའེ་མན་ (Soulaiman Raissouni)ལགས།  ཁུ་བྷའི་རང་དབང་འཐབ་རྩོད་པ་མཱ་རེ་ཡ་(Maria Cristina Garrido Rodriguez) བཅས་འདི་ལོའི་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཚབ་མཚོན་དུ་མིང་འདོན་གནང་འདུག

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོའི་གལ་གནད་སྐོར་ལ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་སྨིན་སྣང་མཛེས་ལགས་ཀྱིས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ལོ་རྟག་པར་རྒྱལ་སྤྱིའི་བཙོན་འོག་གི་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད་ཅིང་། བོད་ནང་དུ་རྩོམ་པ་པོ་མང་པོས་གདུག་རྩུབ་མནར་གཅོད་འོག་ཏུ་དཀའ་ངལ་མྱོང་བཞིན་ཡོད་པས། རྒྱལ་སྤྱིའི་སྟེང་དུ་བོད་ནང་གི་རྩོམ་པ་པོའི་གནས་སྟངས་སྐོར་ལ་གོ་རྟོགས་སྤེལ་དགོས་པ་མ་ཟད།  བོད་མི་རྣམས་ཀྱིས་ཉིན་མོ་འདི་གཙི་སྲུང་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

ས་རཱ་མཐོ་སློབ་ཏུ་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་ཞུ་བཞིན་པ། ༢༠༢༣།༡༡།༡༥ དུས་བབ་ཀྱི་པར།

ཡང་ཁོང་མོས། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དང་འབྲེལ་ལམ་ཡག་པོ་བྱུང་སྟེ། བོད་ནང་གི་རྩོམ་པ་པོའི་གནས་སྟངས་སྐོར་ལ་གོ་རྟོགས་སྤེལ་བཞིན་ཡོད་པ་མུ་མཐུད་དུ་ཡར་རྒྱས་གཏོང་དགོས་པ་མ་ཟད། བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བཞིན་པའི་རྩོམ་པ་པོ་རྣམས་ཀྱིས་ཀྱང་མི་རབས་རྒན་པར་མིག་དཔེ་བལྟས་ཏེ། མི་རབས་ནས་མི་རབས་བར་དུ་གནས་ཐུབ་པའི་སྨྱུ་གུའི་རྩལ་ལ་བརྟེན་ནས་བོད་དོན་འཐབ་རྩོད་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

ས་རཱ་མཐོ་སློབ་ལོ་རྒྱུས་སློབ་དཔོན་ཡེ་ཤེས་བསམ་འགྲུབ་ལགས་ཀྱིས། རྒྱལ་སྤྱིའི་རྩོམ་པོ་པོའི་མཐུན་ཚོགས་ཀྱིས་བཙོན་ཁང་དུ་ཡོད་པའི་རྩོམ་པ་པོ་རྣམས་ཀློད་གྲོལ་ཐོབ་པ་དང་རང་དབང་དགོས་པའི་དམིགས་ཡུལ་ཐོག་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱ་གཞུང་གི་མནར་གཅོད་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ལ་ཞིབ་འཇུག་བྱས་ཏེ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་སུ་སྙན་ཐོ་འབུལ་བཞིན་ཡོད་ཅིང་། ད་ལོ་རྒྱལ་སྤྱིའི་རྩོམ་པ་པོའི་ཚབ་མཚོན་དུ་བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ཚུད་ཡོད་སྐོར་བརྗོད་སོང་ལ། དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོས་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཁག་ཅིག་གི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་སོང་།

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་ཞུས། ༢༠༢༣།༡༡།༡༥ དུས་བབ་ཀྱི་པར།

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་བྱེད་དགོས་པའི་གལ་གནད་སྐོར་ལ་ས་རཱ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་དཔོན་རྡོ་རྗེ་ཚེ་རིང་ལགས་ཀྱིས། བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག རྒྱལ་སྤྱིའི་པེན་ཚོགས་པའི་ནང་འཛམ་གླིང་ནང་གི་རང་བཙན་ཡོད་པའི་རྒྱལ་ཁབ་ཁོ་ན་བཞུགས་ཀྱི་འདུག དེར་བརྟེན་པེན་བོད་ཀྱི་མཐུན་ཚོགས་ལ་ངོས་འཛིན་ཐོབ་ནས། གཙོ་བོ་བོད་ནང་གི་གནས་སྟངས་སྐོར་ལ་ཤུགས་རྒྱག་གི་ཡོད་པ་རེད། རྒྱུ་མཚན་ནི་རྩོམ་པ་པོའི་གནས་སྟངས་ལབ་དུས་ཕལ་ཆེར་བོད་མི་མང་སྤྱིའི་གནས་སྟངས་མཚོན་ཐུབ་པ་འདྲ་བོ་ཞིག་ཡོད་རེད། རྩོམ་པ་པོས་སོ་སོའི་ཁེ་ཕན་ཆེད་དུ་མིན་པར་མི་མང་གི་གནས་སྟངས་སྐོར་ལ་འབྲི་ཡི་ཡོད་པ་རེད། སྤྱིར་རྩོམ་པ་པོ་ནི་སྤྱི་ཚོགས་དང་མི་མང་གི་ཆེད་དུ་ལས་ཀ་བྱེད་མཁན་གྱི་ཤེས་ཡོན་པའི་སྡེ་ཞིག་རེད།  ད་ལྟ་བོད་ནང་ལ་རྒྱ་ནག་གིས་བཙོན་ཁང་དུ་བཅུག་པའི་རྩོམ་པ་པོ་རྣམས་ཀྱིས་བོད་ནང་གི་གནས་སྟངས་སྐོར་དང་། བོད་ནང་དུ་རྒྱ་ནག་གི་སྲིད་ཇུས་ལག་བསྟར་བྱས་པ་དེ་དག་གིས་བོད་མི་རྣམས་ལ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པའི་སྐོར། དེ་བཞིན་བོད་མིའི་སེམས་ཀྱི་མངོན་འདོད་སོགས་ཀྱི་སྐོར་ལ་འབྲི་ཡི་ཡོད་པ་རེད། དེར་བརྟེན་འདིའི་བརྒྱུད་ནས་རྩོམ་པ་པོའི་གནས་སྟངས་ཙམ་མིན་པར་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་གང་ཡིན་པ་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་རྟོགས་སྤེལ་བ་དང་འགྲེམས་སྤེལ་བྱེད་ཀྱི་ཡོད་རེད། ད་དུང་རྒྱལ་སྤྱིའི་པེན་དེ་ནུས་པ་གང་ལ་གང་འཚམ་ཡོད་པའི་ཚོགས་པ་ཞིག་རེད་ལ། འཛམ་གླིང་སྤྱི་ལ་ཡོད་པའི་ཚོགས་པ་ཞིག་རེད། ད་ལོ་རྒྱལ་སྤྱིའི་པེན་ཚོགས་པས་སྒོ་ཤེས་རབ་རྒྱ་མཚོའི་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གཞུང་སོགས་ལ་ཞུ་གཏུག་བརྒྱག་གི་ཡོད་པ་རེད། དེར་བརྟེན། བོད་མི་རྣམས་ཀྱི་སྐད་ཙམ་མིན་པར་རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ནང་གི་རྩོམ་པ་པོའི་གནས་སྟངས་དང་རྒྱ་ནག་གི་སྲིད་ཇུས་ལ་སོགས་པ་མང་པོ་ཞིག་སྒྲོགས་སྦྱངས་བྱ་རྒྱུའི་གོ་སྐབས་རག་གི་ཡོད་པར་བརྟེན། ཉིན་མོ་འདི་སྲུང་གཙི་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། དེང་རབས་ཀྱི་ཤེས་ཡོན་པ་ཚད་ལྡན་ཞིག་ཡིན་ཚེ། སྤྱི་ཚོགས་ཀྱི་སྣེ་ཁྲིད་པའི་སྐབས་ལོ་རྒྱུས་དང་ཆབ་སྲིད་ཀྱི་དགོས་མཁོ་བསྐོང་ཐུབ་པའི་རིག་གནས་བསྐྲུན་རྒྱུ་གལ་ཆེན་རེད། ཅེས་སོགས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་པ་གནང་བཞིན་འདུག ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
པར་འགྲེལ། བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་རྐྱེན་རྒྱ་གར་གྱི་གནས་མཇལ་བ་ཕྱིར་ལོག་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese