མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཉིན་དྲུག་རིང་ཨོ་གླིང་དང་ནེའུ་ཛི་ལན་ཌི་རུ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་འདུག

Kalon with the former representatives of Office of Tibet, Canberra and leaders of the Canberra Tibetan community

ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༢༠ བར་ཉིན་གྲངས་དྲུག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོ་གླིང་དང་ནེའུ་ཛི་ལན་ཌི་ (New Zealand) རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་པ་དང་། ཕྱི་ཚེས་ ༡༤ ཉིན་ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་རུ་ཕེབས་འབྱོར་བྱུང་ཡོད་འདུག་ལ། ཐེངས་འདིར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཀའ་བློན་གྱི་ལས་འཁུར་བཞེས་ནས་ཨོ་གླིང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ཐོག་མ་ཆགས་ཀྱི་ཡོད་འདུག

དེ་རིང་དང་སང་ཉིན་ཉིན་གཉིས་རིང་ཕྱི་དྲིལ་ལས་ཁུངས་དང་ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་ཡོད་པའི་བོད་ཀྱི་དོན་གཅོད་ཁང་གཉིས་ཀྱི་གོ་སྒྲིག་འོག ཁེན་བྷེ་ར་རུ་ཨོ་གླིང་གི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ (V-TAG Australia Strategy Meeting and Advocacy Training) འཚོག་མུས་ཡིན་པ་ལྟར། ཚོགས་འདུ་དེའི་དབུ་འབྱེད་མཛད་སྒོའི་སྟེང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཆེད་བཅར་ཞུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་དོན་དང་འབྲེལ་བའི་ཕྱོགས་འགལ་ཚོགས་པའི་བློན་ཆེན་སྐུ་ཞབས་ (Simon Brimingham) ལགས་དང་། ཨོ་གླིང་གྲོས་ཚོགས་འཐུས་མི་སྐུ་ཞབས་པི་ཊར་ (Peter Khalil) ལགས་གཉིས་དང་མཇལ་འཕྲད་ཀྱིས་ཆུ་ཚོད་གཅིག་ཙམ་གྱི་རིང་བོད་དོན་སྐོར་གླེང་སློང་གནང་ཡོད་འདུག་ལ། ཉིན་དེར་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་དོན་ངོ་སྤྲོད་ (Tibet Briefing) ཀྱི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དེའི་ནང་དུ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་མཉམ་ཞུགས་གནང་སྟེ། བཀའ་བློན་མཆོག་གིས། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པའི་གནས་བབ། དེ་བཞིན་འབྱུང་འགྱུར་ཕྱི་ལོ་ ༢༠༢༤ ཟླ་ ༡ པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གི་གནད་དོན་ཐོག་ཞིབ་འཇུག་ (Universal Periodic Review on China) གནང་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གླེང་སློང་ངེས་པར་དུ་གནང་དགོས་སྐོར་སོགས་ནན་བརྗོད་གནང་ཡོད་འདུག

བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་ལས་རིམ་དེའི་ནང་ཨོ་གླིང་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ (Sharon Claydon) ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སུ་སན་རེ་ཡེ་ (Susan Templeman) ལགས། དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌིན་ (Dean Smith) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇའེ་ནེ་ཊི་ (Janet Elizabeth Rice) ལགས་སོགས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལྷན་ཞུགས་གནང་ཡོད་འདུག

Kalon Norzin Dolma presenting souvenir to Shadow Foreign Minister of Australia, Senator Simon Birmingham

ཕྱི་ཚེས་ ༡༥ ཉིན་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་རུ་ཡོད་པའི་ལོ་ཝི་བསྟི་གནས་ཁང་ (Lowy Institute) དུ་ཆེད་ཕེབས་ཀྱིས་ཉམས་ཞིབ་པ་བགྲེས་པ་རི་ཆར་ཌི་ (Richard Mcgregor) དང་ཐུག་འཕྲད་གནང་སྟེ། རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་སྲིད་ཇུས་ལག་བསྟར་འོག་བོད་ནང་དུ་ཆོས་དད་རང་དབང་མེད་པ་དང་། བོད་ཕྲུག་ཕ་མ་དང་ཁ་བྲལ་བཏང་ནས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ངོ་སྤྲོད་གནང་འདུག དེ་བཞིན་ས་གནས་དེར་ཡོད་པའི་ (Bill Crews) ཐེབས་རྩ་ཁང་དུ་ཆེད་ཕེབས་ཀྱིས་སྐུ་ཞབས་བྷིལ་ (Bill Crew) ལགས་དང་ཐུག་འཕྲད་གནང་འདུག ཉིན་དེའི་ཉིན་རྒྱབ་ཏུ་ཨོ་གླིང་གི་གྲོང་ཁྱེར་ཁེན་བྷེ་རར་ཕེབས་འབྱོར་གྱིས་ཁེན་བྷེ་རའི་སྐུ་ཚབ་དོན་གཅོད་ཟུར་པ་ཁག་ཅིག་དང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་དང་ཐུག་འཕྲད་གནང་ཡོད་འདུག

ཡང་སང་ཉིན་ཕྱི་ཚེས་ ༡༨ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་རུ་ཕེབས་རྒྱུ་ཡིན་པ་དང་། སྐབས་དེར་ཨོ་གླིང་བོད་དོན་ལས་འགུལ་ཁང་ (Australia Tibet Council) གི་འཛིན་སྐྱོང་འགན་འཛིན་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག་ལ། སི་ཌི་ནི་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་པའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་རྒྱ་ནག་གི་མང་གཙོའི་ལས་འགུལ་བ་རྣམས་ལ་ཐུག་འཕྲད་གནང་སྟེ། ཕྱི་ཚེས་ ༡༩ ཉིན་ནིའུ་ཛི་ལེན་ཌི་རྒྱལ་ཁབ་ཏུ་འཐོན་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese