མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་མཆོག་རྡོ་རྗེ་གདན་དུ་སྐྱ་སེར་ཁྲི་གཅིག་ཙམ་གྱིས་པ་ལིའི་སྡེ་སྣོད་གསུམ་ཀློག་འདོན་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

དར་ཐང་སྲས་མོ་ཀུན་བཟང་དབང་མོ་ལགས་ཀྱི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཁབ་མི་འདྲ་བ་ ༡༡ ནས་ཡོང་བའི་སྐྱ་སེར་གཅིག་ཁྲི་ཙམ་གྱིས་པ་ལིའི་སྡེ་སྣོད་གསུམ་ཀློག་འདོན་གནང་གི་འདུག

ཟླ་འདིའི་ཕྱི་ཚེས་ ༢ ནས་ཉིན་གྲངས་ ༡༠ རིང་དར་ཐང་རིན་པོ་ཆེ་མཆོག་གི་དགོངས་བཞེད་དང་སྦྱིན་བདག་གནང་སྟེ། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ། དར་ཐང་སྲས་མོ་ཀུན་བཟང་དབང་མོ་ལགས་ཀྱི་ལམ་སྟོན་དང་གོ་སྒྲིག་གནང་ནས་རྒྱལ་སྤྱིའི་སྡེ་སྣོད་གསུམ་ཀློག་འདོན་ལྷན་ཚོགས་ཐེངས་བཅོ་བརྒྱད་པས་པ་ལི་ནང་ཡོད་པའི་སྡེ་སྣོད་གསུམ་ཀློག་འདོན་གནང་བཞིན་འདུག་ལ། སྡེ་སྣོད་ཀློག་འདོན་ནང་རྒྱ་གར་དང་། བྷང་ལ་དྷེ་ཤི། ཁེམ་བྷོ་ཌི་ཡ། ཨིན་ཌོ་ནེ་ཤི་ཡ། ལའོ་སི། འབར་མ། བལ་ཡུལ་། སིངྒ་ལ། ཐའེ་ལེན་ཌི། ཝེ་ཐི་ནམ། ཨ་རི་སོགས་རྒྱལ་ཁབ་བཅུ་གཅིག་ནས་ནང་པའི་དད་ལྡན་ཁྲི་གཅིག་ཙམ་ལྷན་འཛོམས་གནང་ཡོད་འདུག 

ལྷན་ཚོགས་དེའི་ངེས་སྟོན་པ་དར་ཐང་རིན་པོ་ཆེའི་སྲས་མོ་ཀུན་བཟང་དབང་མོ་ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། ད་ལན་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་བཅུའི་རིང་པ་ལིའི་སྡེ་སྣོད་གསུམ་ཀློག་འདོན་གྱི་ལས་གཞི་ཞིག་སྤེལ་མུས་ཡིན་ལ། དེ་ནི་གཙོ་བོ་རྒྱ་གར་གཙོས་རྒྱལ་ཁབ་མི་འདྲ་བའི་དགེ་སློང་སེར་པོའི་སྡེ་རྣམས་ལྷན་གཅིག་ཏུ་འཛོམས་རྒྱུའི་སླད་དུ་ཡིན། འདིར་ཕེབས་མཁན་ཡོངས་ལ་པ་ལིའི་སྡེ་སྣོད་ཀྱི་གླེགས་བམ་ཕུལ་ནས་ཚང་མས་ལྷན་གཅིག་ཏུ་མགྲིན་དབྱངས་གཅིག་གི་ཐོག་ནས་ཀློག་འདོན་གནང་གི་ཡོད་ལ། རྒྱལ་ཁབ་དེ་དག་ནས་ཕེབས་པའི་སེར་སྐྱ་ཕོ་མོ་ཡོངས་ཀྱིས་ཞོགས་པའི་ཆུ་ཚོད་ ༨ པ་ནས་ཀློག་འདོན་དབུ་འཛུགས་གནང་སྟེ། དགོང་མོ་རྟག་པར་ཉིན་དེར་ཀློག་འདོན་གནང་བའི་གླེགས་བམ་དེ་དག་གི་བརྗོད་བྱ་སོགས་ཀྱི་ཐད་ནས་བགྲོ་གླེང་དང་གོ་བསྡུར་གནང་གི་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གར་ནི་ནང་པའི་ཆོས་ཀྱི་མཆེད་ཁུངས་ཐོག་མ་དེ་ཡིན་པས། སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་རྣམས་སྲུང་སྐྱོབ་དང་། དུས་རབས་ཉེར་གཅིག་པའི་ནང་སླར་གསོ་ཡོང་ཆེད་དུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་། 

ཡང་སྲས་མོ་ལགས་ཀྱིས། ངའི་པ་ལགས་དར་ཐང་རིན་པོ་ཆེ་མཆོག་ལ་ནང་པའི་དགེ་སློང་སེར་པོའི་སྡེ་རྣམས་མཉམ་གཅིག་ཏུ་བསྡུས་ནས་རིག་གནས་དང་རིག་གཞུང་བརྗེ་རེས་གནང་རྒྱུའི་དགོངས་བཞེད་ཅིག་ཡོད་པ་བཞིན། ལོ་ལྟར་འདི་ལྟ་བུའི་ལྷན་ཚོགས་ཤིག་འཚོགས་ཐུབ་པར་དགེ་འདུན་པ་དང་། མི་སྒེར། སྦྱིན་བདག་སོགས་ཀྱི་རོགས་སྐྱོར་གནང་བ་དེ་བཀའ་དྲིན་ཆེན་པོ་ཡིན་ལ། སླད་མར་ཡང་འདི་འདྲ་མུ་མཐུད་ནས་འཚོག་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།  

དར་ཐང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༨༩ ལོར་རྡོ་རྗེ་གདན་དུ་སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་སྟེ། ད་བར་མི་ལོ་ཧྲིལ་པོ་ ༣༤ ཙམ་རིང་རྙིང་མའི་སྨོན་ལམ་ཆེན་མོར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་སྦྱིན་བདག་གནང་མུས་ཡིན་འདུག་ལ། ལྷག་པར་དུ་བཀའ་འགྱུར་དང་བསྟན་འགྱུར་གྱིས་གཙོས་པའི་བསྟན་བཅོས་དཀོན་པའི་རིགས་པར་སྐྲུན་གནང་སྟེ་ཚོགས་སྡེ་དང་མི་སྒེར་སོགས་ལ་རིན་མེད་གྱི་ཐོག་ནས་མཆོད་སྦྱིན་གནང་མུས་ཡིན་འདུག དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ ཉིན་ཨ་མེ་རི་ཀའི་ཕོ་བྲང་དཀར་པོའི་ནང་དུ་ས་ག་ཟླ་བ་སྲུང་གཙིའི་མར་མེ་མཆོད་འབུལ་གྱི་འདུ་འཛོམས་ཐོག་མ་དེར་ཕེབས་པ་སོགས་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་མུས་ཡིན་འདུག  

རྒྱལ་སྤྱིའི་སྡེ་སྣོད་གསུམ་ཀློག་འདོན་གྱི་ལས་གཞི་དེ་ནི་ཕྱི་ལོ་ ༢༠༠༦ ལོར་ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད་ཅིང་། ལོ་ལྟར་ཆོས་ཚོགས་Light of Buddhadharma Foundation International ཀྱི་མཐུན་འགྱུར་འོག སྲས་མོ་ཆེ་བ་ཀུན་བཟང་དབང་མོ་ལགས་ཀྱིས་སྣེ་འཁྲིད་དེ་རྒྱལ་སྤྱིའི་སྡེ་སྣོད་གསུམ་ཀློག་འདོན་ལྷན་ཚོགས་ཀྱིས་སྡེ་སྣོད་ཀློག་འདོན་གྱི་ལས་གཞི་སྤེལ་མུས་ཡིན་ལ། སྲས་མོ་འབྲིང་པདྨ་ལྷ་མོ་ལགས་ཀྱིས་རྙིང་མའི་སྨོན་ལམ་སོགས་ཀྱི་སྦྱིན་བདག་གནང་གི་ཡོད། དེ་བཞིན་སྲས་མོ་ཆུང་བ་ཚེ་རིང་དཔལ་མོ་དགེ་ལེགས་ལགས་ཀྱིས་ཝར་ན་རུ་ཡོད་པའི་སྔ་འགྱུར་རྙིང་མའི་མཐོ་སློབ་ལ་ཞིབ་འཇུག་དང་བཀའ་འགྱུར་གྱི་དཀར་ཆག་ཕྱོགས་སྒྲིག་གི་ཕྱག་ལས་གནང་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese