མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སློབ་ཁག་གི་འགན་བདག་ ༤༤ ལ་གཞོན་སྐྱེས་མགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟབ་སྦྱོང་གི་དུས་ཡུན་ཐུང་ཐུང་ཡིན་ནའང་མཉམ་ཞུགས་པ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་། བོད་དོན་གྱི་སྐོར། སྤྱིར་བཏང་གི་ཤེས་བྱའི་ཐོག་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་བོད་སློབ་ཁག་གི་འགན་བདག་རྣམས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༡༢།༢༣

ཁ་སང་ནས་ཕྱི་ཚེས་ ༢༧ བར་ཉིན་གྲངས་དྲུག་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་སློབ་ཁག་གི་འགན་བདག་རྣམས་ལ་གཞོན་སྐྱེས་མགོ་ཁྲིད་ཟབ་སྦྱོང་ཐེངས་བཅུ་བ་འཚོག་བཞིན་ཡོད་ཅིང་། ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༡༦ ནས་སློབ་གྲྭའི་འགན་བདག་གྲངས་ ༤༤ དང་། ལམ་སྟོན་པའི་དགེ་རྒན་གྲངས་ ༡༦ བཅས་མཉམ་ཞུགས་གནང་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་ཟབ་སྦྱོང་སྐོར་ལ་བཅར་འདྲི་བྱས་པར་ཁོང་གིས། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པའི་བོད་ཀྱི་འཛུགས་སྐྲུན་དང་འབྲེལ་བ་ཡོད་པ་དང་། མ་འོངས་བོད་ཀྱི་མགོ་ཁྲིད་གསོ་སྐྱོང་བྱེད་པ་གནད་འགག་ཆེན་པོ་ཡིན་པར་བརྟེན། བོད་ཀྱི་སློབ་གྲྭ་ཁག་ ༡༦ ནས་འགན་བདག་ ༤༤ མཉམ་ཞུགས་བྱེད་བཞིན་ཡོད། ཟབ་སྦྱོང་ནང་མགོ་ཁྲིད་ཀྱི་ནུས་རྩལ་དང་། བོད་ཀྱི་དམངས་གཙོའི་འཕེལ་རིམ། དབུ་མའི་ལམ་གྱི་སྲིད་ཇུས། དཔེ་ཀློག་གི་གལ་གནད་དང་ཐབས་ལམ། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གལ་གནད། ཤེས་ཡོན་གྱི་དམིགས་ཡུལ། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། ཕོ་མོ་འདྲ་མཉམ་གྱི་གོ་རྟོགས། དྲ་རྒྱའི་སྲུང་སྐྱོབ་དང་བདེ་འཇགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་ཀྱི་བརྗོད་གཞི་ཐོག་ཟབ་ཁྲིད་གནང་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། བོད་ཀྱི་འགྲེམས་སྟོན་ཁང་། ༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་བཅས་སུ་ལྟ་སྐོར་སོགས་ཀྱི་ལས་རིམ་གོ་སྒྲིག་ཞུ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཟབ་སྦྱོང་གི་གལ་གནད་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་སློབ་ཕྲུག་རྣམས་ལ་མགོ་ཁྲིད་ཀྱི་ཟབ་སྦྱོང་མགོ་ཚུགས་ཡོད་ཅིང་། ཐེངས་འདི་གཞོན་སྐྱེས་ཀྱི་ཟབ་སྦྱོང་ཐེངས་ ༡༠ པ་ཆགས་ཡོད། སྔོན་མ་ཟབ་སྦྱོང་ནང་དུ་འཛུལ་ཞུགས་བྱེད་མཁན་འཛིན་རིམ་བཅུ་པའི་སློབ་ཕྲུག་ཡིན་ལ། དེ་དུས་སློབ་ཕྲུག་ ༣༠༠ ཙམ་མཉམ་ཞུགས་བྱས་ཡོད། ཟབ་སྦྱོང་གོ་སྒྲིག་བྱེད་མཁན་དང་མཉམ་ཞུགས་གནང་མཁན་རྣམས་ལ་བསམ་འཆར་བསྡུ་རུབ་བྱས་སྐབས། སློབ་གྲྭའི་འགན་བདག་རྣམས་ལ་ཟབ་སྦྱོང་སྤྲོད་ཐུབ་ཚེ། ཟབ་སྦྱོང་གི་དམིགས་ཡུལ་གཞིར་བཟུང་འགྲུབ་ཐུབ་པར་ཕན་ཐོགས་ཡོད་པའི་ལམ་སྟོན་འོག ཐེངས་འདིར་དམིགས་བསལ་སློབ་གྲྭའི་འགན་བདག་རྣམས་ཀྱི་ཆེད་དུ་ཟབ་སྦྱོང་སྤྲོད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཟབ་སྦྱོང་གི་ཕན་འབྲས་སྐོར་ལ་ཁོང་གིས། ཟབ་སྦྱོང་གྲུབ་པ་དང་མཉམ་དུ་ཟབ་སྦྱོང་གི་ཕན་འབྲས་ག་ཚོད་བྱུང་ཡོད་མེད་ཐོག མཉམ་ཞུགས་པ་རྣམས་ལ་བསམ་འཆར་བསྡུ་རུབ་བྱེད་བཞིན་ཡོད། དེའི་སྐབས་སུ་ཁོང་ཚོས་ཟབ་སྦྱོང་གི་བརྗོད་གཞི་བརྒྱ་ཆ་ ༨༠ ཙམ་གྱིས་ཕན་འབྲས་བྱུང་ཡོད་པར་བརྗོད་ཀྱི་འདུག གལ་ཆེ་ཤོས་ཤིག་ལ་མཉམ་ཞུགས་པ་རྣམས་སོ་སོའི་སློབ་གྲྭར་ཕྱིར་ལོག་རྗེས། སོ་སོའི་སློབ་གྲྭའི་ནང་དུ་ཟབ་སྦྱོང་ནང་སྦྱངས་བའི་བརྗོད་གཞི་རྣམས་གོ་རྟོགས་སྤེལ་བཞིན་ཡོད། འདས་བའི་ལོ་བཅུའི་རིང་རོབ་རྩིས་ཙམ་བྱས་ཚེ་ཕལ་ཆེར་སློབ་ཕྲུག་ ༢༥༠༠ ཙམ་ལ་ཟབ་སྦྱོང་གོ་སྒྲིག་ཞུས་ཐུབ་ཡོད། ཟབ་སྦྱོང་གི་དུས་ཡུན་ཐུང་ཐུང་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་། བོད་དོན་གྱི་སྐོར། སྤྱིར་བཏང་གི་ཤེས་བྱའི་ཐོག་གཏན་གཏན་ཡར་རྒྱས་འགྲོ་བཞིན་ཡོད་པར་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཟབ་སྦྱོང་དུ་མཉམ་ཞུགས་བྱེད་དགོས་པའི་དམིགས་ཡུལ་དང་ཉམས་མྱོང་སྐོར་ལ་སློབ་གྲྭ་ཁག་ཅིག་གི་འགན་བདག་རྣམས་བཅར་འདྲི་བྱེད་སྐབས། དོན་གྲུབ་གླིང་སློབ་གྲྭའི་འགན་བདག་ས་ནེ་ཧཱ་སྒྲོལ་མ་ལགས་ཀྱིས།  ང་ཚོ་སློབ་གྲྭའི་འགན་བདག་ཡིན་པའི་ཆ་ནས་མགོ་ཁྲིད་ཀྱི་འོས་འགན་འཁུར་སྟངས་ཐོག་ཤེས་རྟོགས་དགོས་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་དུ་འགན་བདག་གི་འགན་འཁུར་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་སོང་། འགན་བདག་གིས་སློབ་ཕྲུག་ཚང་མར་འདྲ་མཉམ་གྱི་འདུ་ཤེས་འཛིན་དགོས་པ་གལ་ཆེན་པོ་མཐོང་སོང་། ཞེས་བརྗོད་བྱུང་།

བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་འགན་བདག་ཕུར་བུ་བསྟན་འཛིན་ལགས་ཀྱིས། ཟབ་སྦྱོང་འདི་ནི་སློབ་གྲྭའི་འགན་བདག་རྣམས་ཀྱིས་མ་འོངས་པར་མགོ་ཁྲིད་ཀྱི་འོས་འགན་འཁུར་སྟངས་ཀྱི་ལམ་སྟོན་ཞིག་རེད། སློབ་གྲྭ་ནི་སྤྱི་ཚོགས་ཤིག་ཡིན་པས། དེའི་ནང་དུ་དཀའ་ངལ་གཏན་གཏན་ཡོད་པ་ཞིག་རེད། ཟབ་སྦྱོང་ཁྲོད་སློབ་གྲྭའི་ནང་དུ་སློབ་ཕྲུག་རྣམས་དང་མཉམ་དུ་འབྲེལ་བ་བྱེད་སྟངས་དང་། དཀའ་ངལ་ལ་གདོང་ལེན་བྱེད་སྟངས་སོགས་ལམ་སྟོན་གནང་བྱུང་། ཞེས་བརྗོད་སོང་།

ཡང་བལ་ཡུལ་ཨེས་ཨོ་ཨེས་མཐོ་སློབ་ཀྱི་འགན་བདག་པདྨ་དབྱངས་འཛོམས་བླ་མ་ལགས་ཀྱིས། ང་ཚོའི་ཕ་ཡུལ་ས་ཁུག་ཡིན་པར་བརྟེན། ད་ལྟ་བར་མགོ་ཁྲིད་མེད་པའི་དཀའ་ངལ་གྱིས་ཡར་རྒྱས་ཕྱིན་མེད་པ་རེད། ཟབ་སྦྱོང་གི་ལམ་སྟོན་འོག་མ་འོངས་བར་དེང་རབས་ཀྱི་སློབ་སྦྱོང་མཉམ་དུ་སྤྱི་ཚོགས་ཡར་རྒྱས་གཏོང་འདོད་ཡོད་པ་དང་། ཟབ་སྦྱོང་ཁྲོད་སློབ་གྲྭ་ནང་དུ་འགན་བདག་གི་འགན་འཁུར་སྐབས་མི་རིགས་འདྲ་མིན་བར་འཆམ་མཐུན་བྱེད་དགོས་པའི་གོ་རྟོགས་བྱུང་། ཞེས་བརྗོད་སོང་།

དེ་བཞིན་ཌོ་ལིན་ཇི་སམ་བྷོ་ཊ་སློབ་གྲྭའི་འགན་བདག་བདེ་སྐྱིད་སྒྲོལ་མ་ལགས་ཀྱིས། ཐེངས་འདིའི་ཟབ་སྦྱོང་ནི་སློབ་གྲྭའི་ནང་དུ་འགན་བདག་གི་འགན་འཁུར་སྐབས་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ལམ་སྟོན་ཞིག་རེད། འགན་བདག་གིས་སློབ་གྲྭའི་ཆེད་དུ་ལས་ཀ་བྱེད་སྐབས་ལས་འགན་དེ་དཀའ་ངལ་དུ་མི་འཛིན་པར་འབད་བརྩོན་བྱ་དགོས་པའི་གོ་རྟོགས་བྱུང་། ཞེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༨ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese