མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཡོངས་བསྒྲགས་གནང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་འབར་མ། བྱང་ཀོ་རི་ཡ་སོགས་འཛམ་གླིང་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་རྒྱལ་ཁབ་སྡུག་ཤོས་ཀྱི་གྲས་ཤིག་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་ལྷན་ཚོགས་ (United States Commission on International Religious Freedom) ཀྱིས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཡོངས་བསྒྲགས་གནང་ཡོད་པ་དང་། སྲིད་ཇུས་དེའི་ནང་ཨ་རིའི་གཞུང་གི་འཕྲུལ་རིག་སྲིད་ཇུས་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་གྱི་བྱ་སྤྱོད་སྤེལ་བ། དེ་བཞིན་ཨ་རིའི་ནང་རྒྱ་ནག་གིས་ཆབ་སྲིད་ཀྱི་ཤུགས་རྐྱེན་ངན་པ་སྤྲོད་ཐབས་བྱས་པ་བཅས་ལ་གདོང་ལེན་བྱེད་པའི་སྲིད་ཇུས་ཁག་ཅིག་བཀོད་འདུག

དེ་དང་འབྲེལ་བའི་ཐོག་ནས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནི་བྷི་ལི་ཀན་ (Antony Blinken) མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་ནི་འཛམ་གླིང་ནང་གི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་མཁན་དང་། ཨ་རིའི་གཞུང་གིས་བློ་འཚབ་བྱེད་ཡུལ་གྱི་རྒྱལ་ཁབ་གཙོ་བོའི་གྲས་སུ་ཐེར་འདོན་གནང་འདུག་ལ། ཕྱི་ལོ་ ༡༩༨༨ ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གཏན་འབེབས་གནང་བ་ལྟར། མི་མང་གིས་ཆོས་ལུགས་ཉམས་ལེན་དང་ཆོས་དད་རང་དབང་དར་འཕེལ་གཏང་རྒྱུ་དེ་ཨ་རིའི་ཕྱི་སྲིད་ལས་དོན་ཁྲོད་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཨ་རིའི་གཞུང་ནས་བློ་འཚབ་བྱེད་ཡུལ་ཞིག་ཆགས་ཡོད། ཅེས་གསུངས་འདུག

འཛམ་གླིང་ནང་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་སྡུག་ཤོས་ནི་འབར་མ་དང་། རྒྱ་ནག ཁུ་བྷ་ (Cuba)། བྱང་ཀོ་རི་ཡ་ (North Korea)། ཨེ་རི་ཊེ་རི་ཡ་ (Eritrea)། ཨ་རིན། ཨ་རིའི་དབུས་རྒྱུད་རྒྱལ་ཁབ་ནེ་ཁ་ར་གྷུ་ (Nicaragua)། པ་ཀི་སི་ཐན། ཨུ་རུ་སུ་ (Russia)། སོ་ཌི་ཨ་ར་བྷི་ཡ་ (Saudi Arabia)། ཏ་ཇི་ཀི་སི་ཐན་ (Tajikistan)། ཊར་མེ་ནི་སི་ཐན་ (Turkmenistan) བཅས་རེད་འདུག་ལ། དེ་བཞིན་ཨ་རིས་དམིགས་བསལ་གྱིས་ལྟ་སྲུང་བྱེད་བཞིན་པའི་རྒྱལ་ཁབ་ཁག་ནི་ཨེལ་ཇེ་རི་ཡཱ་ (Algeria) དང་ཨ་ཛར་བྷ་ཡ་ཇེན (Azerbaijan)། དབུས་ཨ་ཧྥི་རི་ཀའི་སྤྱི་མཐུན་རྒྱལ་ཁབ་ (Central African Republic) ཀོ་མོ་རོ་སི་ (Comoros)། ཝི་ཌི་ནམ་ (Vietnam) བཅས་རེད་འདུག གཞན་ཡང་། ཁ་ཆེའི་དྲག་སྤྱོད་ཚོགས་ཁག་དང་རྒྱལ་ཁབ་ཁག་ཅིག་མིང་འདོན་བྱས་ཏེ་ཨ་རིས་དམིགས་བསལ་གྱིས་བློ་འཚབ་ཡོད་སྐོར་བཀོད་འདུག

U.S. Secretary of State Antony Blinken speaks during a press conference after participating in G7 ministerial meetings in Tokyo, Japan, November 8, 2023. REUTERS/Jonathan Ernst/Pool Acquire Licensing Rights

ཡང་ཨེན་ཊོ་ནི་བྷི་ལིན་ཀིན་མཆོག་གིས། ད་རེས་མིང་འདོན་མ་བྱས་པའི་རྒྱལ་ཁབ་ཁག་ཅིག་ནང་དུའང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བའི་གནས་སྟངས་བྱུང་དང་འབྱུང་མུས་ཡིན་པར་བརྟེན། འབྲེལ་ཡོད་རྒྱལ་ཁབ་ཁག་གི་གཞུང་ནས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཉམས་ལེན་པ་དང་། ཆོས་ལུགས་ཀྱི་གནས་ཆེན་ཁག་ལ་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པ་མ་ཟད། ཞི་བའི་ལམ་ནས་བསམ་ཚུལ་ཤོད་མཁན་རྣམས་ལ་དྲག་རྩུབ་དང་། ཁྲིམས་ཆད་རིགས་མཚམས་འཇོག་བྱེད་དགོས། སྤྱིར་བཏང་རྒྱལ་སྤྱིའི་སྟེང་ཆོས་ལུགས་རང་དབང་གི་ཁོར་ཡུག་དང་ལམ་ལུགས། སྡང་འཛིན་སོགས་ལ་གདོང་ལེན་ཆེན་པོ་བྱེད་དགོས་པ་ཞིག་ཏུ་འགྱུར་གྱི་ཡོད་ཀྱང་། འཁོན་འཛིན་དང་སྡང་སེམས་མེད་པར་བསམ་ཤེས་ཐུབ་མཁན་ཡང་ཡོད་པར་བརྟེན། ང་ཚོས་ཉིན་གཅིག་འཛམ་གླིང་མི་མང་རྣམས་འདྲ་མཉམ་དང་ཆེ་མཐོང་ལྡན་པའི་ངང་འཚོ་གནས་ཐུབ་ཀྱི་ཡོད་པ་མཐོང་ཐུབ་རྒྱུ་ཡིན་སྐོར་གསུངས་འདུག

ཁ་སང་གསལ་བསྒྲགས་བྱས་པའི་སྲིད་ཇུས་དེའི་ནང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལག་བསྟར་དང་འབྲེལ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་འབྱུང་འགྱུར་ལོ་བཅུའི་ནང་རྒྱ་ནག་གིས་ནང་འདྲེན་དངོས་ཟོག་ཨ་སྒོར་དུང་ཕྱུར་ཁྲི་ ༢༢ ལས་བརྒལ་རྒྱུ་ཡིན་ཚུལ་བརྗོད་འདུག་ལ། རྒྱ་ནག་གིས་རྒྱལ་ཁབ་མང་པོ་ཞིག་དང་ལྷན་དུ་ཚོང་དོན་གྱི་གྲོས་ཆོད་ལ་མིང་རྟགས་བཀོད་དེ། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་སྔར་ལྷག་འཕེལ་རྒྱས་གཏང་རྒྱུ་ཡིན་སྐོར་བསྒྲགས་པ་དང་། རྒྱ་ནག་གི་འཕྲུལ་རིགས་བཟོ་གྲྭ་ཁག་ནས་ཨ་རིའི་རྒྱལ་སྲུང་བདེ་འཇགས་དང་། ཚན་རིག་ལག་རྩལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག ཕྱི་ལོ་ ༢༠༡༨ ནས་བཟུང་ཨ་རྒྱ་གཉིས་བར་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྤར་རེས་བྱས་ཏེ་ཚོང་དམག་མགོ་བརྩམས་ཡོད་ཅིང་། ད་ལྟའི་ཆར་རྒྱ་ནག་གིས་འཛམ་གླིང་རྒྱལ་ཁབ་ ༡༠༠ ལྷག་དང་ཚོང་འབྲེལ་བྱེད་མུས་ཡིན་པར་བརྟེན། ཨ་རི་དང་ཨ་རིའི་མཉམ་ལས་ཚོང་འབྲེལ་རྒྱལ་ཁབ་ཁག་གིས་གལ་གནད་ཆེ་བའི་འཕྲུལ་ཆས་རིགས་རྒྱ་ནག་ལ་ཕྱིར་ཚོང་བྱ་རྒྱུར་དམ་དྲག་དགོས་པ་དང་། དམིགས་བསལ་རྒྱ་ནག་གིས་རྒྱ་ནག་ནང་དང་རྒྱལ་སྤྱིའི་སྟེང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཐབས་སུ་དམིགས་པའི་སྔོན་ཐོན་འཕྲུལ་རིགས་ཉོ་ཚོང་མཚམས་འཇོག་ངེས་པར་དུ་བྱེད་དགོས་སྐོར་སོགས་བཀོད་འདུག་ལ། རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་དང་ལྟ་སྤྱོད་མི་མཐུན་པའི་བོད་བརྒྱུད་ནང་པ་དང་ཡུ་གུར་ཁ་ཆེ་བ་སོགས་ཚུད་པའི་ཆོས་ལུགས་སྡེ་ཁག་དང་། ཆབ་སྲིད་ཀྱི་ལྟ་ཕྱོགས་མི་མཐུན་པ་རྣམས་ལ་བསུན་གཙེར་བཟོ་བ་དང་སྡིགས་ར་སྐུལ་བ། དེ་བཞིན་རྡུང་རྡེག་གཏོང་བ་སོགས་དྲག་གནོན་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་སྐོར་ཡང་ཐེར་འདོན་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གཞུང་གིས་ལས་བྱེད་ཚོས་བྱེད་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ་ཀྱི་པར་བཤུས། དུས་བབ་ལ་མཁོ་སྤྲོད་བྱས་པའི་པར་རིས།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
བོད་བོང་སྟག་མུ་རུའི་རྩྭ་ཐང་དུ་མི་ལོ་ ༤༠ ལྷག་རིང་རྡོ་སོལ་སྔོག་འདོན་བྱས། ༢༠༡༨ དྲ་ལམ་གྱི་པར།
Mobile App

ལོ་ལྔའི་ནང་རྒྱ་ནག་གཞུང་གིས་སྔར་ལྷག་རྡོ་སོལ་སྔོག་འདོན་བྱ་རྒྱུ་ཡིན་འདུག

༢༠༢༥/༠༨/༢༥
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

༢༠༢༥/༠༥/༡༥
Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese