མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་རྒྱ་ནག་གཞུང་གིས་བོད་ནང་སྔར་ལྷག་གིས་དམ་དྲག་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་སྔར་ལྷག་བྱ་རྒྱུ་ཡིན་པ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཟ་དང་ཟུར་ནས་མངོན་ཡོང་གི་འདུག

བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་དངོས་ཡུལ། དྲ་ལམ་གྱི་པར། ༡༡།༠༡།༢༠༢༤

རྒྱ་ནག་ཞི་ཧྥ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༠ བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་འཚོགས་ཡོད་ཅིང་།  ཚོགས་ཐོག་ཏུ་ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་འགྱུར་བ་མང་པོ་ཞིག་གཏོང་རྒྱུ་ཡིན་ཚུལ་བརྗོད་དེ་བོད་ནང་དམ་དྲག་སྔར་ལྷག་བྱ་རྒྱུ་ཡིན་པ་མངོན་གསལ་བསྒྲགས་འདུག

དེ་འབྲེལ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ། ཕྱི་ལོ་ ༢༠༢༤ ལོར་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བོད་ཀྱི་དགོན་སྡེ་ཁག་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་མ་ཟད། དམིགས་བསལ་དགོན་སྡེ་དོ་དམ་ལྷན་ཁང་ཟེར་བའི་ནུས་ཤུགས་རྒྱ་བསྐྱེད་དེ་དགོན་ཁག་གི་གྲྭ་བཙུན་ལ་དམ་དྲག་སྔར་ལྷག་བྱ་རྒྱུ་ཡིན་པ་གསལ་འདུག

དེ་བཞིན།  འདི་ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྱི་སྐད་བཀོལ་སྤྱོད་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་སྟེ།  ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱའི་སྐད་ཡིག་གི་ཁྱབ་ཚད་བརྒྱ་ཆ་ ༨༥ ལོན་པ་དང་ཕྱི་ལོ་ ༢༠༣༥ ལོར་རྒྱའི་སྐད་ཡིག་རྒྱ་ནག་རྒྱལ་ཡོངས་ཀྱི་མི་མང་གི་སྲོག་ཤིང་ལྟ་བུའི་སྐད་ཡིག་ཁོ་ནར་བསྒྱུར་བར་དམིགས་ཡོད་སྟབས། བོད་མི་རིགས་གཙོས་པའི་རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་སྤྱི་ཡོངས་ནས་དུས་རབས་གསར་བའི་སྐད་ཡིག་ལས་དོན་གྱི་བསམ་འཆར་ཟེར་བའི་སྲིད་ཇུས་ཤིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཚུད་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་སྤྱི་སྐད་དེ། རྒྱ་སྐད་རྒྱ་ཡིག་སློབ་འཁྲིད་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད།

ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་སྟེང་། ཕྱི་ལོ་ ༢༠༢༤ ལོར་རྒྱ་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡༡ ལྷག་གི་འགྲོ་གྲོན་བཏང་སྟེ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འཛུགས་སྐྲུན་རྒྱ་སྐྱེད་ཀྱི་ལས་གཞི་མང་དག་ཅིག་སྤེལ་རྒྱུ་ལུགས་བསྒྲགས་ཤིང་། དམིགས་བསལ་འཛུགས་སྐྲུན་གྱི་ལས་གཞི་དེ་དག་མཐའ་མཚམས་ཕྱི་སྲིད་དང་ནང་སྲིད་བདེ་འཇགས་དང་འབྲེལ་བའི་ཁང་པ་ཁྲི་ ༣།༩༥ གསར་རྒྱག་དང་། སྡེ་ཁུལ་རྙིང་གྲས་ ༣༨ ལ་བཟོ་བཅོས། གྲོང་གསེབ་ཁག་ ༡༥ ཡི་བཟོ་བཀོད་བསྒྱུར་སྤོར་བྱ་རྒྱུ། དེ་བཞིན། མེ་འཁོར་ལྕགས་ལམ་དང་གཞུང་ལམ། གནམ་ཐང་གསར་བསྐྲུན་སོགས་ལ་དམིགས་ཡོད་པ་ཉམས་ཞིབ་པས་བརྗོད་འདུག

གནས་ཚུལ་ནང་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཡུལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡིན་པ་ལས་ས་གནས་དངོས་གང་ཡིན་གྱི་གནས་ཚུལ་གསལ་མི་འདུག་མོད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གནམ་ཐང་གསར་པ་བཅུ་གསར་རྒྱག་བྱ་རྒྱུ་ཡིན་པ་དང་ལས་གཞི་ཁག་ཅིག་མགོ་བཙུགས་ཟིན་སྐོར་བོད་རང་ལྗོངས་ཟེར་བའི་མགོ་འཁྲིད་ཡན་ཅིན་ཧའེ་ཡིས་བརྗོད་འདུག

དེ་རིང་བོད་ལྗོངས་ཉིན་རེའི་ཚོགས་པར་ཐོག  མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་མཇུག་སྒྲིལ་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་གི་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། ཞེས་པའི་ཆེད་བརྗོད་ཅིག་སྤེལ་འདུག་ལ། དེའི་ནང་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ ༧༥ དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་ ༧༠ འཁོར་བར་དགའ་བསུ་ཡང་ཞུ་དགོས་ལུགས་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༢༡ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༢༣ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese