མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་སྡེ་ཁག་ ༣༥ ཡིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་ ༣༥ ཡིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ་ཏེ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་གླེང་སློང་དགོས་སྐོར་བསྒྲགས་འདུག

China will undergo its Universal Periodic Review (UPR) at the United Nations Human Rights Council. Photo: Free Tibet

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སུད་སི་ཇེ་ནེ་ཝ་ (Geneva) མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཁང་དུ། རྒྱ་ནག་གིས་རྒྱལ་ཚོགས་ལ་ཡོངས་ཁྱབ་རེས་འཁོར་སྙན་ཐོ་ (UPR) ཐེངས་བཞི་པ་སྙན་གསེང་ཞུ་གཏན་ཁེལ་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༡༡ ཉིན་འཛམ་གླིང་གི་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཚོགས་སྡེ་ཁག་ ༣༥ ཡིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ཨོ་མར་(Omar Zniber) ལགས་ཀྱི་མཚན་ཐོག་ཏུ། ཕྱི་ལོ་ ༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ལྷན་ཚོགས་སྐབས་ནས་བཟུང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཚུད་པའི་ཆོས་ལུགས་འདྲ་མིན་གྱི་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་མུས་ཡིན་སྟབས། འཚོག་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་ཀྱི་ཚོགས་འདུའི་སྟེང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་པ་རྣམས་གཙོ་བྱས་པའི་ཡུ་གུར་ཁ་ཆེ་བ་དང་། ཡེ་ཤུ་ཆོས་ལུགས་སོགས་ལ་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པའི་གནད་དོན་གླེང་དགོས་པའི་ཞུ་ཡིག་ཕུལ་འདུག

ཞུ་ཡིག་དེའི་ནང་དམིགས་བསལ་བོད་ཀྱི་ཆོས་དད་རང་དབང་སྐོར་ལ། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་ཞིང་། བོད་མི་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་མོས་སོགས་ཀྱི་རྣམ་འགྱུར་བསྟན་པ་ཙམ་ཁྲིམས་འགལ་དུ་ངོས་འཛིན་བྱེད་པ་དང་། ཆོས་ཕྱོགས་བྱེད་སྒོ་སྤེལ་མི་ཆོག་པ། ཆོས་ལུགས་ཀྱི་དབུ་འཁྲིད་བསྐོ་གཞག་བྱེད་པར་རྒྱ་གཞུང་གི་ཆོག་མཆན་འཐོབ་དགོས་སྐོར་གླེང་སློང་བྱས་འདུག

ཡང་ཁ་སང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གཙོས་བོད་ཀྱི་གནས་སྟངས་དང་འབྲེལ་བའི་ཚིག་ཐོ་གཏན་འབེབ་ནན་ཏན་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་གནའ་འབྲེལ་མཐུན་ཚོགས་གཉིས་ནས། འདས་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་སྙན་ཐོ་ཞིག་རྒྱལ་ཚོགས་ལ་ཕུལ་ཡོད་པ་ལུང་འདྲེན་དང་འབྲེལ། ཚོགས་པ་གཉིས་ནས་མུ་མཐུད་ཉམས་ཞིབ་བྱས་པ་བརྒྱུད། ད་ལྟའི་བོད་ནང་དམ་དྲག་གི་ཛ་དྲག་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་ཅིང་། རྒྱ་གཞུང་གི་སྲིད་ཇུས་དག་ནི་ཐད་ཀར་བོད་མི་རིགས་ཀྱི་རིག་གཞུང་རྩ་གཏོར་སོགས་ལ་དམིགས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་གྲོས་ཆོད་ཅིག་གཏན་འབེབ་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་གྱིས། བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་བསྒྱུར་བྱེད་བཞིན་པར་སེམས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་རྒྱ་བསྒྱུར་སྲིད་ཇུས་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད། ཡང་འདས་ལོའི་ཕྱི་ཟླ་ ༡༠ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཟུར་ཚོགས་ལྷན་ཚོགས་ཤིག་གི་སྟེང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་ཚན་པའི་འགན་འཛིན་ (Kai Müller) ལགས་ཀྱིས། རྒྱ་ནག་གིས་བོད་ནང་འབྲོག་མི་གནས་སྤོར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་བོད་མི་ ༡༦ གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནད་དོན་གླེང་སློང་བྱས་ཏེ། འཚོག་ལ་ཉེ་བའི་རེས་འཁོར་བསྐྱར་ཞིབ་སྙན་ཐོ་སྒྲོག་སྦྱངས་སྐབས་རྒྱ་ནག་ལ་གནད་དོན་དེ་དག་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་སོགས་བརྗོད་འདུག

འདས་ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་གནའ་འབྲེལ་མཐུན་ཚོགས་གཉིས་ནས་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་། བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་པ་དང་འབྲེལ་ནས། བོད་ཕྲུག་ས་ཡ་གཅིག་ལྷག་རང་རང་གི་བཟའ་མི་དང་ཁ་བྲལ་ཏུ་བཏང་སྟེ་རྒྱ་བསྒྱུར་བྱེད་བཞིན་པ་དང་། བོད་ནང་གི་ཞིང་འབྲོག་མང་ཚོགས་གནས་སྤོར་བྱེད་བཞིན་པ། དེ་བཞིན། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྔར་ལྷག་གིས་དམ་དྲག་བྱེད་བཞིན་པ་སོགས་ཀྱི་སྐོར་འཁོད་ཡོད་འདུག

ཡང་འདས་ལོར་ཕྱི་ཟླ་ ༨ ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་།  ཕྱི་ཟླ་ ༡༢ ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་ཡོངས་མང་གཙོ་ཚོགས་པ།   བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད། འཚེ་མེད་ཞི་བའི་ཐེབས་རྩ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་ལྷན་ཚོགས་ཀྱིས་བོད་ནང་གི་ཆེས་ཛ་དྲག་ཅན་གྱི་དངོས་ཡོད་གནས་སྟངས་ཁག་མངོན་གསལ་དོད་པོའི་ཐོག་ནས་རྒྱ་ནག་ལ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༥ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese