མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་སི་ལ་ཧྥི་ཧྥ་ཡི་ཕུལ་བྱུང་རྩེད་འགྲན་པའི་གཟེངས་རྟགས་ཐེངས་གསུམ་པ་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨར་ཇིན་ཊི་ན་རྒྱལ་ཁབ་ཀྱི་རུ་དཔོན་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་མེ་སི་ལ་སླར་ཡང་རྒྱལ་སྤྱིའི་སྐྱེས་པའི་ཕུལ་བྱུང་རྩེད་འགྲན་པའི་གཟེངས་རྟགས་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོའི་ཧྥི་ཧྥའི་རྐང་སྤོལ་རྩེད་འགྲན་གྱི་ཕུལ་བྱུང་གཟེངས་རྟགས་མ་ེསི་(༢༠༢༢)དང་། ཡུ་རོབ་ཀྱི་སི་པེན་(Spain) རྒྱལ་ཁབ་ནས་ཡིན་པའི་གདོང་ལེན་པ་( striker) ལྕམ་ཨ་ཊ་ནི་བྷོན་མཱ་ཊི་ (Aitana Bonmati ) གཉིས་ལ་ཐོབ། པར་དུས་བབ་ཀྱིས་བསྒྲིགས།

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ། ཕྱི་ལོ་ ༢༠༢༣ ལོའི་ཧྥི་ཧྥ་རྐང་སྤོལ་གྱི་གཟེངས་རྟགས་(FIFA Football Awards 2023) སྤྲོད་པའི་མཛད་སྒོ་འཚོགས་ཡོད་ཅིང་། ལྷོ་ཨ་མེ་རི་ཁའི་ཨར་ཇིན་ཊི་ན་ (Argentina) རྒྱལ་ཁབ་ཀྱི་མདུན་རྒོལ་བ་ (forward) མེ་སི་ལ་སྐྱེས་པའི་ཕུལ་བྱུང་རྩེད་འགྲན་པ་དང་། ཡུ་རོབ་ཀྱི་སི་པེན་ (Spain) རྒྱལ་ཁབ་ནས་ཡིན་པའི་གདོང་ལེན་པ་ (striker) ཨ་ཊ་ནི་བྷོན་མཱ་ཊི་ (Aitana Bonmati ) ལ་བུད་མེད་ཀྱི་ཕུལ་བྱུང་རྩེད་འགྲན་པའི་གཟེངས་རྟགས་སྤྲད་ཡོད་འདུག ཡིན་ནའང་། མེ་སི་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཐུབ་མེད་པ་རེད།

མེ་སི་ལ་ཕྱི་ལོ ༢༠༡༩ དང་༢༠༢༢ ལོ་ལའང་ཧྥི་ཧྥའི་ཕུལ་བྱུང་རྩེད་འགྲན་པའི་གཟེངས་རྟགས་དེ་ཐོབ་མྱོང་ཡོད་འདུག་ལ། ད་ལན་གཟེངས་རྟགས་དེ་ཐེངས་གསུམ་པ་ཐོབ་ཡོད་ནའང་། རྗེས་འབྲང་བ་མི་གྲངས་ས་ཡ་ ༤༩༧ ཡོད་པའི་ཁོང་གི་ཨིན་ས་ཊི་ར་གྷ་རམ་ (Instagram) སོགས་སུ་དེ་འབྲེལ་གྱི་གནས་ཚུལ་ཅི་ཡང་བཤད་མེད་སྟབས།  གནད་དོན་དེ་དང་འབྲེལ་ནས་རྐང་སྤོལ་ཆེད་མཁས་པ་རྣམས་ཀྱིས་དྲང་ལྡོག་གཉིས་ཀྱི་ཐོག་ནས་དཔྱད་བརྗོད་སྤེལ་གྱི་ཡོད་ཅིང་། འགའ་ཞིག་གིས། སྤྱིར་འདི་ལོའི་ཧྥི་ཧྥ་གཟེངས་རྟགས་དེ་མེ་སི་ལ་ཐོབ་པ་འོས་འཚམ་ཞིག་རེད་སེམས་ཀྱིན་མེད་ཀྱང་། ཁོང་ཚོས་མེ་སི་ལ་ཆེས་མཐའ་མཇུག་གི་བཀའ་དྲིན་ཆེ་ཟེར་ཆེད་སྤྲད་པ་རེད། ཅེས་དང་།  ད་ནི་ཧ་ལེན་ཌི་ (Haaland) དང་ཝེ་ནི་ཤི་སི་ (Vinicius Jr) མེམ་བྷ་པེ་ (Mbappe) སོགས་ཀྱི་གཟི་མདངས་འཚེར་བའི་དུས་སྐབས་ཡིན་པ་ལས། མི་སེ་དང་རོ་ནལ་ཌོ་གཉིས་ཀྱི་དུས་སྐབས་ནི་ཡལ་ཟིན་པ་ཡིན་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་དབྱིན་ཡུལ་གྱི་མེན་ཇེ་སི་ཊར་སི་ཊི་ (Manchester City) སྐྱེས་པའི་རྐང་སྤོལ་རུ་ཁག་གི་སྒོ་ར་བ་ཨེ་ཌིར་སོན་ (Ederson) དང་། མེན་ཇེ་སི་ཊར་ཡུ་ན་ཌི་ཁྲི་(Manchester United) ཡི་བུད་མེད་རྐང་སྤོལ་རུ་ཁག་གི་སྒོ་ར་བ་མེ་རི་ (Mary Earps) ལ་སྒོ་ར་བ་ཡག་ཤོས་ཀྱི་གཟེངས་རྟགས་དང་། མེན་ཇེ་སི་ཊར་སི་ཊི་ (Manchester City) སྐྱེས་པའི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་ (coach) པེབ་གྷོ་རི་ཡོ་ལ་ (Pep Guardiola) དང་མེན་ཇེ་སི་ཊར་ཡུ་ན་ཌི་ཁྲི་ཡི་བུད་མེད་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་ས་རི་ན་ (Sarina Wiegman) གཉིས་ལ་སློབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་འདུག

སྤྱིར་ལོ་ལྟར་ཧྥི་ཧྥ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཧྥི་ཧྥ་རྐང་སྤོལ་གྱི་ལོ་གཅིག་གི་ཕུལ་བྱུང་རྩེད་འགྲན་པའི་གཟེངས་རྟགས་དེ་སྤྲོད་སྲོལ་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོའི་ཧྥི་ཧྥའི་སྐྱེས་པའི་ཕུལ་བྱུང་གཟེངས་རྟགས་མི་སེ་དང་། ཨར་ཇིན་ཊི་ན་(Argentina) རྒྱལ་ཁབ་ཀྱི་སྐྱེས་པའི་རུ་ཁག་གི་སྒོ་ར་བ་མ་ཊི་ནེ་སི་ (Emiliano Martínez) དང་སློབ་སྟོན་པ་ལི་ནལ་སི་ཀོ་ནི་ (Lionel Scaloni) གཉིས་སུ་སྒོ་ར་བ་ཡག་ཤོས་དང་སློབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་རེད།

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༢ ནས་ཟླ་ ༢ ཚེས ༡༠ བར་ཨེ་ཤ་ཡའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་དེ་དཀྱིལ་ཤར་ཨེ་ཤ་ཡའི་ཁ་ཌར་རྒྱལ་ཁབ་ཏུ་བསྡུ་མུས་ཡིན་པ་དང་། དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཕྱི་ལོ་ ༢༠༢༣ ལོའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་དེའང་བསྡུ་མུས་ཡིན་པ་རེད། རྐང་སྤོལ་འགྲན་སྡུར་ཁག་གི་རྒྱལ་ཕམ་དབྱེ་ཞིབ་དང་ཚོད་དཔག་བྱེད་མཁན་(OPta Analyst) ཟེར་བས་ཞིབ་འཇུག་བྱས་པ་བརྒྱུད། ཨ་ཧྥེ་རི་ཁའི་སི་ནི་གྷལ་ (Senegal) རྒྱལ་ཁབ་ཀྱི་རུ་ཁག་ལ་སླར་ཡང་ཨ་ཧྥེ་རི་ཁའི་རྐང་སྤོལ་འགྲན་ཚོགས་ལས་རྣམ་པར་རྒྱལ་ཐུབ་པའི་ཚོད་དཔག་བྱས་འདུག་ལ། སི་ནི་གྷལ་རུ་ཁག་ལ་ཕྱི་ལོ་ ༢༠༢༡ ལོར་རྒྱལ་ཁ་དེ་ཐེངས་གཅིག་ཐོབ་ཚར་ཡོད་འདུག དེ་བཞིན་ཉི་ཧོང་དང་ལྷོ་ཀོ་རི་ཡ་གང་རུང་ཞིག་ལ་ཨེ་ཤ་ཡའི་རྩེད་འགྲན་ལས་རྒྱལ་ཐུབ་པའི་ཚོད་དཔག་བྱས་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese