མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་དུ་ཚད་རིམ་ ༧།༡ ཅན་གྱི་ས་ཡོམ་བརྒྱབ་ཡོད་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཤིན་ཅང་དུ་ཚད་རིམ ༧། ༡ ཅན་གྱི་ས་ཡོམ་བརྒྱབ་ནས་ཡུལ་མིའི་འཚོ་གནས་ལ་དོ་ཕོག་ཆེན་པོ་བཟོས་ཡོད་འདུག

Rescuers search for survivors under the rubble after an earthquake struck China’s far western region of Xinjiang on January 23, 2024. photo:CNN

དེ་རིང་ཕྱི་ཚེས་ ༢༣ གྱི་སྔ་དྲོའི་ཆུ་ཚོད་ ༢ དང་སྐར་མ་ ༢།༠༩ ཐོག་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་ཡུ་གུར་གྱི་ཨཀ་སི་ཞིང་ཆེན་(Aksu prefecture) གྱི་ཝུ་ཤི་(Wushi) རྫོང་ཁུལ་དུ་ཚད་རིམ་ ༧།༡ ཅན་གྱི་ས་ཡོམ་བརྒྱབ་ནས། ད་བར་རྐྱེན་འདས་སུ་གྱུར་བའི་མི་གྲངས་ཁ་གསལ་མེད་ནའང་། མི་གྲངས་ ༦ ལ་གནོད་འཚེ་དང་། སྡོད་ཁང་ ༤༧ ལྷག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་ཅིང་། ད་ལྟ་ཁུལ་དེར་གློག་མེད་པ་དང་འགྲོ་སྐྱོད་སོགས་དཀའ་ངལ་ཅན་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལྟ་རྒྱ་ནག་གི་ཛ་དྲག་དོ་དམ་བློན་ཆེན་ལས་ཁུངས་(Ministry of Emergency Management) ཀྱིས་ཁུལ་དེའི་གནོད་འཚེ་ཐེབས་མཁན་རྣམས་ལ་གང་མགྱོགས་རོགས་འདེགས་མྱུར་སྐྱོར་དང་། ཛ་དྲག་གི་ས་གནས་ནས་བསྐྱབས་ཟིན་པའི་མི་རྣམས་ལ་སྡོད་གུར་གྲངས་ ༡༠༠༠ དང་། སྟོད་ལྭ་ ༥༠༠༠། མལ་ཆས་ ༥༠༠༠། དེ་བཞིན་མལ་གདན་ ༥༠༠༠ དང་། ཐབ་ཆས་ ༡༠༠༠ སྤྲད་ནས་ཛ་དྲག་གི་མྱུར་སྐྱོབ་རིམ་པ་གསུམ་པའི་ངོ་བོའི་ཐོག་ནས་རོགས་འདེགས་བྱེད་ཀྱི་ཡོད་ལུགས་བསྒྲགས་འདུག

ས་ཡོམ་དེའི་ཟབ་ཚད་ལ་སྤྱི་ལེ་ ༢༢ ཡོད་ཅིང་། བྱུང་ཡུལ་གྱི་ལྟེ་བ་ནི་སའི་གོ་ལའི་བྱང་ཐིག་ ༤༡།༢༦  དང་ཤར་ཐིག་ ༧༨།༦༣  མཚམས་སུ་ཡོད་པའི་ཤིན་ཅང་གི་ཝུ་ཤི་རྫོང་ཁོངས་སུ་ཁེལ་ཡོད་འདུག་ལ། དེ་ནི་དཀྱིལ་ཤར་ཨེ་ཤ་ཡའི་ཀར་ཛི་ཀི་སི་ཐན་དང་ཤིན་ཅང་གཉིས་ཀྱི་མཐའ་མཚམས་ཀྱི་ཉེ་འགྲམ་དུ་ཆགས་ཡོད་པ་རེད།

ད་ལྟ་མི་གྲངས་ ༦ ལ་རྨས་སྐྱོན་ཐེབས་ཡོད་པའི་ཁྲོད། མི་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་དང་། སྡོད་ཁང་ ༤༧ བརྡིབས་སྐྱོན་བྱུང་ཡོད་པ་མ་ཟད། སྡོད་ཁང་ ༧༨ ཚུད་པའི་ཞིང་ས་ལའང་གཏོར་སྐྱོན་ཐེབས་ཡོད་པས། མྱུར་སྐྱོབ་པ་མི་གྲངས་ ༨༠༠ དང་། ཁྱི་ ༣༢། མྱུར་སྐྱོབ་རླངས་ ༡༨༢ བཅས་ས་ཡོམ་བརྒྱབ་བའི་ཡུལ་དངོས་སུ་ཕྱིན་ནས། ཡུལ་དངོས་ཀྱི་ཁང་ཆག་སོགས་སུ་ཞིབ་འཇུག་དང་མྱུར་སྐྱོབ་ཀྱི་ལས་ཀ་བྱེད་ཀྱི་ཡོད་འདུག

ས་ཡོམ་དེའི་དབང་གིས་ཤིན་ཅང་གི་རྒྱལ་ས་ཨུམ་ཆི་(Urumqi) ནས་ས་གནས་གཞན་དང་གཞན་དུ་བགྲོད་པའི་མེ་འཁོར་ལྕགས་ལམ་ཁག་ལ་གནོད་འཚེ་སྟེ། མེ་འཁོར་ ༢༧ དུས་ཐོག་ཏུ་བསྐྱོད་མི་ཐུབ་པར་རེ་ཞིག་མཚམས་འཇོག་བྱ་དགོས་བྱུང་འདུག དེ་བཞིན་ཁུལ་དེར་ས་འགུལ་གྱི་དབང་གིས་གློག་དང་གྲོང་ཁྱེར་ཁག་ཏུ་བགྲོད་ལམ་འགགས་ནས་འགྲོ་སྐྱོད་ལ་དཀའ་ངལ་ཆེ་ཆེར་འཕྲད་མུས་ཡིན་འདུག

ཤིན་ཅང་གི་ཝུ་ཤི་རྫོང་ཁུལ་དུ་ཚད་རིམ་ ༧།༡ ཅན་གྱི་ས་ཡོམ་བརྒྱབ་པ་དེའི་རླབས་དེ་དཀྱིལ་ཤར་ཨེ་ཤ་ཡའི་ཀར་ཛ་ཀི་སི་སན་(Kazakhstan ) དང་ཨུ་བྷེ་ཀི་སི་ཐན་(Uzbekistan) ། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུའང་འགུལ་ཡོད་ཀྱང་། རྒྱལ་ཁབ་དེ་དག་གི་ནང་གཏོར་སྐྱོན་གང་ཡང་བྱུང་མེད་པ་རེད། སྤྱིར་ཕྱི་ལོ་ ༢༠༡༧ ལོར་ཤིན་ཅང་གི་ཇིན་ཇིག་རྫོང་(Jinghe) དང་ཕྱི་ལོ་ ༢༠༢༠ ལོར་ཀ་ཤི་གྷར་(Kashgar ) གཉིས་སུའང་ས་ཡོལ་འགུལ་ཐེབས་ཡོད་ཅིང། འདི་ལོའི་ས་ཡོལ་ནི་ཤིན་ཅང་ནང་འགུལ་བའི་ས་ཡོམ་གྱི་ཚད་རིམ་མཐོ་ཤོས་ཀྱི་གྲས་ཤིག་ཆགས་ཡོད་འདུག

ཤིན་ཅང་གི་ནུབ་རྒྱུད་དུ་ཆགས་པའི་ཝུ་སི་རྫོང་ནི་ཀར་ཛི་ཀི་སི་ཐན་གྱི་མཐའ་མཚམས་ཁུལ་དུ་ཆགས་ཡོད་ཅིང་།  ཡུལ་དེར་འབྲས་དང་། གྲོ སྲིན་བལ། ལ་ཕུག་སོགས་ཀྱི་ཐོན་སྐྱེད་བཟང་བའི་ཁར། རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ ༩༠༡༢ ཙམ་དང་། རྒྱ་ནག་གཞུང་གི་ཕྱི་ལོ་ ༢༠༢༠ ལོའི་མི་འབོར་ཞིབ་བཤེར་ལྟར་ན། ཁུལ་དེར་མི་གྲངས་འབུམ་  ༢། ༠༥ ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 2

  1. སྟག་ལྷ་འབུམ says:
    ལོ་ 2 སྔོན།

    རྩོམ་སྒྲིག་པ་ལགས། བརྒྱུད་ལམ་ཁག་གིས་ཤིན་ཅང་ཞེས་མིང་འདི་ག་རེ་བྱས་ནས་སྤྱོད་མཚམས་འཇོག་ཐུབ་ཀིམེད་རེད།

    Reply
  2. གུ་རུ་ཚེ་རིང་། says:
    ལོ་ 2 སྔོན།

    རྩོམ་སྒྲིག་པ་ལགས། ང་ཚོས་རྒྱ་དམར་པོར་རོགས་པ་བྱས་ནས་ཤིན་ཅང་ཟེར་བའི་ཚིག་འདི་ག་རེ་བྱས་ནས་བེད་སྤྱོད་གཏོང་གིན་ཡོད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese