མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་དམངས་གཙོའི་ཉིན་མོ་ཐེངས་ ༧༥ པ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་ཅན་སྐྱིད་གཤོངས་ཀྱི་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དམངས་གཙོའི་དུས་དྲན་ ༧༥ པ་གཞུང་འབྲེལ་སྲུང་གཙི་གནང་སོང་།

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་ ༧༥ པ་སྲུང་གཙི་གནང་། པར་བོད་ཀྱི་དུས་བབ།

ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ནི་རྒྱ་གར་དམངས་གཙོ་ཉིན་མོར་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ །༣༠ སྟེང་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གི་དབུས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ལྷན་ཁང་ཁག་གི་དྲུང་འཕར་དང་དྲུང་ཆེ་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུ་ལས་བྱེད་བཅས་ལྷན་འཛོམས་ཀྱིས། རྒྱ་གར་གྱི་རྒྱལ་གླུ་གྱེར་འདོན་དང་སྲིད་ཚབ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ། རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༧༥ འཁོར་བའི་དུས་དྲན་ཉིན་མོ་སྲུང་གཙི་གནང་སོང་།

སྐབས་དེར་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས། དེ་རིང་རྒྱ་གར་གྱི་དམངས་གཙོ་དུས་དྲན་ཐེངས་ ༧༥ སྲུང་གཙི་བྱེད་པའི་ཉིན་མོར་འདིར། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། སྙིང་ཐག་པ་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱ་གར་གཞུང་མང་གཉིས་ནི་བཙན་བྱོལ་བོད་མི་རྣམས་ཧ་ཅང་བཀའ་དྲིན་ཆེན་པོ་རེད། བཀའ་དྲིན་ཆེན་པོ་ཡིན་པ་བོད་མིའི་སེམས་སུ་ཚོར་བ་ཤུགས་ཆེན་ཡིན་པ་དང་། བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད་པ་དེ་ཡིན།ཞེས་གསུངས་སོང་།

རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་དང་འབྲེལ་བོད་ཀྱི་དམངས་གཙོའི་སྐོར་ལ་སྲིད་ཚབ་མཆོག་གིས།

ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་བཟུང་རྒྱ་གར་དམངས་གཙོའི་ཉིན་མོ་སྲུང་གཙི་མགོ་ཚུགས་པ་རེད། དམངས་གཙོའི་ལམ་ལུགས་ནང་དུ་ཡག་ཤོས་ཤིག་ནི་མི་མང་ཚང་མར་ལས་འགན་དང་ཐོབ་ཐང་གཅིག་པ་ཡོད། ཐོབ་ཐང་ཡོད་པ་བཞིན་དུ་ལས་འགན་སྒྲུབ་དགོས་པའང་ཧ་ཅང་གལ་གནད་ཆེན་པོ་རེད། བོད་མི་རྣམས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་བ་དང་།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་ལམ་ལུགས་གསོལ་རས་གནང་བ་རེད། འཛམ་གླིང་གི་ལོ་རྒྱུས་གང་དུ་བལྟས་ཀྱང་དམངས་གཙོའི་ལམ་ལུགས་ཐོབ་ཆེད་མི་མང་གི་དཀའ་ངལ་དང་འཐབ་རྩོད་མང་པོ་བྱས་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ཚེ། ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་བོད་ཀྱི་དམངས་གཙོའི་ལམ་ལུགས་ཀྱང་ཕྲུ་གུ་ཆུང་ཆུང་བཞིན་དུ། དང་པོ་གོམ་པ་རྒྱག་སྟངས་དང་། དེ་ནས་རྒྱུག་ཤར་བྱེད་སྟངས་སོགས་ཀྱི་ཐོག་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་དབུས། སྐབས་དེའི་སྲི་ཞུ་བ་རྣམས་ཀྱིས་སྐུ་ངལ་མང་པོ་བསྐྱོན་པར་བརྟེན། ད་ལྟ་ང་ཚོའི་དམངས་གཙོའི་ལམ་ལུགས་ཚད་ལྡན་ཆགས་ཡོད་ལབ་ཚེ་མ་འགྲིག་པ་གང་ཡང་མེད། དམངས་གཙོའི་ལམ་ལུགས་ནང་དུ་ཐོབ་ཐང་ལེན་པ་དང་ལས་འགན་འཁུར་མ་ཤེས་ཚེ་ཏག་ཏག་ཅིག་ཁྱོན་ནས་བསྡད་ཀྱི་མེད་པ་རེད། བོད་པ་མི་རེ་ངོ་རེ་ནས་ལས་འགན་འཁུར་བ་ཡིན་ཚེ། ༧གོང་ས་མཆོག་ནས་གསོལ་རས་གནང་བའི་དམངས་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཚད་ལྡན་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇིའི་འོག་ནས་རྒྱ་གར་ལ་རང་བཙན་ཐོབ་སྟེ། ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དམངས་གཙོའི་ལམ་ལུགས་ཀྱི་རྩ་ཁྲིམས་གཏན་འབེབ་དང་། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་གྱིས་གཞུང་འབྲེལ་ཐོག་དམངས་གཙོ་དབུ་བརྙེས་པའི་ཉིན་མོར་སྲུང་གཙི་གནང་གི་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

སྐར་མ ༥༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༢ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese