མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་མགོ་འཛིན་གཞོན་པ་ཝང་ཡུང་ལ་ཞིབ་བཤེར་བྱེད་ཀྱི་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་སྒྲིག་ཁྲིམས་ལ་གནོད་འཚེ་བཏང་ཡོད་ལུགས་བཤད་ནས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་མི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཝང་ཡུང་ཟེར་བར་ཞིབ་བཤེར་བྱེད་ཀྱི་ཡོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་མི་མང་སྲིད་གཞུང་གི་མགོ་འཛིན་གཞོན་པ་ཝང་ཡུང་། དྲ་ལམ་གྱི་པར།

ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་བ་ནས་བཟུང་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བའི་ལས་ཀ་བྱས་ཡོད་ལུགས་བརྗོད་དེ་ནག་ཉེས་གཡོགས་ཡོད་པ་ལྟར།  ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ལྟ་ཞིབ་ལྷན་ཁང་(Central Commission for Discipline Inspection) གིས། བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཝང་ཡུང་(Wang Yong) ཟེར་བ་ཞིག་གིས་རྒྱ་ནག་དམར་ཤོག་གཞུང་གི་ཁྲིམས་སྒྲིག་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་ལུགས་བརྗོད་དེ་ཞིབ་བཤེར་བྱེད་ཀྱིན་ཡོད་པའི་གནས་ཚུལ་བསྒྲགས་འདུག  

ཝང་ཡུང་(Wang Yong) ཟེར་བ་དེས་ཕྱི་ལོ་ ༢༠༢༡ ཟླ་ ༤ ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པར་བསྐོ་གཞག་བྱས་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་འབྲེལ་དྲ་ལམ་འགར་ཁོས་རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་ལ་གཏོར་བརླག་བཏང་ཡོད་ལུགས་བསྙད་པ་ཙམ་ལས། དོན་དངོས་ནག་ཉེས་ག་རེ་བསགས་ཡོད་མེད་ཐད་གསལ་ཁ་གང་ཡང་མི་འདུག 

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༣ ལོ་གཅིག་པུར་གཏན་འབེབས་དོན་ཚན་བརྒྱད་ཟེར་བ་དང་འགལ་བའི་ཉེས་མིང་འོག མི་གྲངས་ ༡༥༣༦༦༢ ལ་ཞིབ་བཤེར་བྱས་ཡོད་པའི་ཁྲོད། མི་གྲངས་ ༡༠༨༦༩༥ ལ་ཉེས་ཆད་བཅད་ཡོད་འདུག་ལ། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཉེས་མེད་དཔོན་རིགས་རྣམས་ལ་ནག་ཉེས་སྣ་ཚོགས་གཡོགས་ཀྱིན་ཡོད་པ་མ་ཟད། སྟག་རྒན་ཞེས་པའི་མིང་ཐོག་ནས་ཞི་ཅིན་ཕིན་གྱི་བསམ་བློ་དང་མི་མཐུན་པ་རྣམས་འབུར་འཇོམས་བཏང་དང་གཏོང་གིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཟེར་བའི་མགོ་འཛིན་གཞོན་པ་ཟུར་པ་ཧོ་ཤིང་ཞང་གིས་ལྐོག་རྔན་བླངས་པ་དང་། སྒྲིག་སྲོལ་ལས་འགལ་ཏེ་དངུལ་རྩའི་འཛིན་ཡིག་སྤྲད་པ། ཁྲིམས་འགལ་གྱིས་དངུལ་བུན་བཏང་བ། མངའ་ཁོངས་ཕྱིའི་བཅོལ་དངུལ་སྦས་སྐུང་བྱས་པའི་ནག་ཉེས་གཡོགས་ནས།  ཁོ་ལ་ལོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག གཞན་ཡང་།  ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཧྲན་ཞི་ཞིང་ཆེན་གྱི་ཞི་ཨན་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགན་འཛིན་གཞོན་པ་ཟུར་པ་ཀྲང་ཡུང་ཙེ་ཟེར་བས། ལྐོག་རྔན་རྒྱ་སྒོར་ཁྲི་ ༥༡༨༡ བླངས་པའི་ནག་ཉེས་བཙུགས་ཏེ་མི་ལོ་ ༡༤ ལ་བཙོན་འཇུག་ཁྲིམས་ཐག་དང་།  རྒྱ་སྒོར་ས་ཡ་ལྔས་ཆད་པ་བཅད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese