མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཕྲག་གཅིག་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབྱིན་ཡིག་ཕྱག་དེབ་བརྒྱ་ལྷག་འགྲེམས་སྟོན་གནང་གི་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

བདུན་གཅིག་རིང་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་གྱི་ནེག་སིའི་ཚོང་རར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབྱིན་ཡིག་ཕྱག་དེབ་བརྒྱ་ལྷག་འགྲེམས་སྟོན་གནང་སྟེ་༧མགོན་པོ་གང་ཉིད་ཀྱི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་ལ་གོ་རྟོགས་སྤེལ་གྱིན་འདུག

སེར་བྱེས་གྲྭ་ཚང་གི་དཔེ་འཁྲིད་སློབ་དཔོན་ཆེན་མོ་ཡ་མ་རིན་ཆེན་མཆོག་ཕྱག་དེབ་འགྲེམས་སྟོན་གྱི་ཡུལ་དངོས་སུ་ཕེབས་པ། ༢༠༢༣།༢།༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

སེར་བྱེས་སྒྲ་སྒྱུར་སྡེ་ཚན་དང་མཱེ་སོར་བོད་ཀྱི་སྡོད་ཁང་གཉིས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༡ ནས་བདུན་ཕྲག་གཅིག་རིང་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ནེག་སིའི་ཚོང་རར་(Nexus Centre City Mall  )། སེར་བྱེས་སྒྲ་སྒྱུར་སྡེ་ཚན་གྱི་ལོ་ཙཱ་བ་རྒན་པ་བསྟན་འཛིན་དར་རྒྱས་ལགས་དང་ཐུབ་བསྟན་མཐར་ཕྱིན་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་མཛད་པའི་དབྱིན་ཡིག་ཕྱག་དེབ་བརྒྱ་ལྷག་འགྲེམས་སྟོན་གནང་གི་ཡོད་པ་དང་བསྟུན། ༧མགོན་པོ་གང་ཉིད་ཀྱི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་ལ་གོ་རྟོགས་སྤེལ་གྱིན་ཡོད་འདུག

དེའི་ཐད་སེར་བྱེས་སྒྲ་སྒྱུར་སྡེ་ཚན་གྱི་ལོ་ཙཱ་བ་རྒན་པ་དང་སྙན་ངག་པ་ཁ་བའི་སྲས་སམ་བསྟན་འཛིན་དར་རྒྱས་ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་ཀྱི་གསར་འགོད་པར། འགྲེམས་སྟོན་འདིའི་དམིགས་ཡུལ་གཙོ་བོ་ནི་༧གོང་ས་མཆོག་གི་ཕྱག་དེབ་བརྒྱུད་ནས་ཁོང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་ལ་རྒྱ་གར་མང་ཚོགས་ཀྱིས་རྒྱུས་མངའ་ཟབ་ཏུ་ཡོང་ཕྱིར་དང་། ༧མགོན་པོ་གང་ཉིད་ནི་ཆོས་ལུགས་ཁོ་ན་མིན་པར། གོ་ལ་སྤྱི་ཡི་བདེ་སྐྱིད་དང་ཆོས་ལུགས་ཁས་ལེན་མིན་ཐམས་ཅད་ཀྱི་མགོན་སྐྱབས་དང་སློབ་སྟོན་པ་ཞིག་གི་སྟེང་ནས་རིན་ཐང་འཛིན་དགོས་པ་སོགས་ཀྱི་དམིགས་ཡུལ་བཟུང་ཡོད་ལ། དེ་དང་འབྲེལ་ནས་བོད་དོན་ཐད་དྲིལ་བསྒྲགས་དང་གོ་རྟོགས་ཀྱང་ཡག་པོ་སྤེལ་ཐུབ་ཀྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ང་ཚོས་དུས་རྒྱུན་༧གོང་ས་མཆོག་གི་མཛད་པ་རྣམ་ཐར་རྣམས་རྒྱ་གར་མང་ཚོགས་ཀྱིས་ཤེས་ཤག་ཤག་བྱེད་ཀྱི་ཡོད་ཀྱང་། རྒྱ་གར་གྱི་ཤེས་ཡོན་མི་སྣ་དང་ལས་ཀྱི་སྣེ་མོ་བ་ཁག་ཅིག་གིས་མ་གཏོགས་མང་ཚོགས་དཀྱུས་མའི་ཁྲོད་དུ་༧གོང་ས་མཆོག་དངོས་སུ་ཤེས་མཁན་ཉུང་ཉུང་ཡིན་པའི་ཚོར་སྣང་ཞིག་བྱུང་། ཡང་ཁག་ཅིག་གིས་༧གོང་ས་མཆོག་བོད་མིའི་དབུ་འཁྲིད་དང་བོད་ཀྱི་མི་སྣ་གལ་ཆེ་ཞིག་ཡིན་པ་ཤེས་ཙམ་ལས། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་མཁན་དང་ཚན་རིག་པ།  ཁོར་ཡུག་སྲུང་སྐྱོབ་པ། གོ་ལ་སྤྱི་ཁྱབ་ལ་ཐུགས་ཁུར་གནང་མཁན་ཞིག་ཡིན་པ་མ་ཟད། ཆོས་ལུགས་མཐུན་འབྲེལ་མཛད་པའི་མཛད་པ་རྣམ་ཐར་ཤེས་མཁན་ཉུང་ཉུང་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབྱིན་ཡིག་གི་ཕྱག་དེབ་འགྲེམས་སྟོན་དེའི་ཁྲོད། བདེ་སྐྱིད་ཀྱི་བསྟན་བཅོས་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད། སྟོང་ལོ་གསར་པའི་རྣམ་གཞག་དང་།  Healing for Anger ། Four Noble Truths ། The Book of Joy །  དེ་བཞིན་ Toward a True Kinship  of Faiths: How the World’s Religions Can Come Together སོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ་བརྒྱ་ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese