མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་རྩོམ་པ་པོ་གྲགས་ཅན་ཡང་ཧུན་ཅུན་ལ་དུས་འགྱངས་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཨོ་གླིང་གི་རྩོམ་པ་པོ་གྲགས་ཅན་ཡང་ཧུན་ཅུན་ (Yang Hengjun) ལ་དུས་འགྱངས་སྲོག་ཁྲིམས་བཅད་འདུག

Yang Hengjun has been detained in China since 2019

ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་ནག་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཨོ་གླིང་གི་རྩོམ་པ་པོ་གྲགས་ཅན་ཡང་ཧུན་ཅུན་ (Yang Hengjun) གྱིས་སོ་མྱུལ་བྱས་པའི་ཉེས་མིང་འོག་དུས་འགྱངས་སྲོག་ཁྲིམས་བཅད་འདུག རྩོམ་པ་པོ་ཁོང་ནི་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་ཀཱང་ཀྲུའུ་གནམ་ཐང་ནས་འཛིན་བཟུང་བྱས་ཏེ། ད་བར་རྒྱ་ནག་གཞུང་གིས་རྩོམ་པ་པོ་ཁོང་ལ་ཁྲིམས་ཐག་ཐེངས་གཉིས་བཅད་མྱོང་ཡོད་འདུག

དེའི་ཐད་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་ (Penny Wong) མཆོག་གིས། སྲོག་ཁྲིམས་ཐག་གཅོད་དེ་ལ་སེམས་འཚབ་བྱུང་ཡོད་སྐོར་དང་། ཨོ་གླིང་གཞུང་གིས་ཐག་གཅོད་དེར་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་མེད་པའི་ལངས་ཕྱོགས་བརྟན་པོ་ཡིན་པ་མ་ཟད། ཨོ་གླིང་གཞུང་གིས་རྩོམ་པ་པོ་ཁོང་ལ་དྲང་བདེན་གྱི་ཐག་གཅོད་དང་ཁོའི་བདེ་ཐང་ཐད་གང་ཐུབ་གནང་རྒྱུ་ཡིན་ལ། ཨོ་གླིང་མི་མང་རྣམས་ཀྱིས་ཁོང་དང་ཁོང་གི་ནང་མི་རྣམས་ལྷན་འཛོམས་ཡོང་བའི་རེ་འདོད་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་འདུག

སྤྱིར་རྒྱ་ནག་ནང་དུས་འགྱངས་སྲོག་ཁྲིམས་ཀྱི་ཐག་གཅོད་དེ་ལོ་གཉིས་ཀྱི་རྗེས་ནས་སྲོག་ཁྲིམས་ལག་བསྟར་དངོས་སུ་བྱེད་པའམ། ཡང་ན་ཚེ་བཙོན་ཏེ་བཙོན་ཁང་དུ་ལོ་ ༢༥ བསྡད་དགོས་པའི་གནས་སྟངས་ལ་འགྱུར་སྲིད་པ་ཡིན་སྟབས། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ཁོང་ལ་ལོ་གཉིས་ཀྱི་རྗེས་ནས་སྲོག་ཁྲིམས་ལག་བསྟར་དངོས་སུ་མ་བྱས་ཚེ། ཚེ་བཙོན་ཆགས་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

ཕྱི་ལོ་ ༢༠༡༩ ལོའི་མགོ་སྟོད་དུ་རྒྱ་ནག་ནང་དུ་ཡོད་པའི་ཨོ་གླིང་གི་རྩོམ་པ་པོ་གྲགས་ཅན་ཡང་ཧུན་ཅུན་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་དྲུག་ཙམ་ཕྱིན་རྗེས། ཁོང་གི་ནང་མི་ཚོས་རྩོམ་པ་པོ་ཡང་སོ་མྱུལ་བའི་ཉེས་མིང་འོག ཀཱང་ཀྲུའུ་གནམ་ཐང་ (Guangzhou airport) ནས་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། རྩོམ་པ་པོ་ཡང་ཧུན་ཅུན་ནི་རྒྱ་ནག་ནང་སྐྱེས་པའི་ཨོ་གླིང་གི་མི་སེར་ཞིག་ཡིན་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༥ པའི་ནང་རྒྱ་ནག་པེ་ཅིན་གྱི་ཁྲིམས་ཁང་ཞིག་གིས་ཡང་ཧུན་ཅུན་ལ་གསང་བའི་ལམ་ནས་ཁྲིམས་བཤེར་བྱས་ཡོད་ཀྱང་། ཁྲིམས་ཀྱི་བཅད་ཁྲ་དང་འབྲེལ་བའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད། ཡིན་ནའང་། རྩོམ་པ་པོ་ཡང་གིས་ཉེས་འཛུགས་དེ་ངོས་ལེན་མ་བྱས་པར་བསྐྱར་དུ་ཁྲིམས་གཏུགས་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese