མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༠ ལོར་ས་གནས་གཞན་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་འབྲེལ་མཛད་པ།

བོད་ཀྱི་དུས་བབ།
༢༠༢༤/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་སུ་་དུས་ཡུན་ཉིན་གྲངས་ ༤༥ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༧གོང་ས་མཆོག་ནས་ལ་དྭགས་ཁུལ་དུ་ཆོས་འབྲེལ་རྒྱ་ཆེར་བསྐྱངས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༡ ཉིན་གྱི་ཆུ་ཚོད་  ༩ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཆུ་ཚོད་ ༡༠ །༣༠ ཡོལ་ནས་ལ་དྭགས་སུ་ཞབས་སོར་བདེ་བར་བཀོད་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ཁྱོད་ཚོས་ང་མཐོང་ན་དགའ་བོ་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་ཁྱོད་ཚོ་སེར་སྐྱ་ཚང་མས་དགའ་དད་སྤྲོ་གསུམ་ཤུགས་ཆེན་པོ་བྱེད་ཀྱི་འདུག་པས་འདིར་ཡོང་ནས་ཡུལ་མི་ཚོ་དང་དགེ་འདུན་པ་ཚོར་ཐུག་ན་ཧ་ཅང་དགའ་བོ་འདུག ཅེས་སོགས་བཀའ་སློབ་གནང་སོང་། ཕྱི་ཟླ་ ༧ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ལ་དྭགས་ཀྱི་རྒྱལ་ས་གླེའི་ཇོ་ཁང་དུ་ཆིབས་བསྒྱུར་གྱིས་ཇོ་བོ་ཐུགས་རྗེ་ཅན་གྱི་སྐུ་མདུན་དུ་ཐུགས་སྨོན་མཛད། ཕྱི་ཟླ་ ༧ ཚེས་ ༢༡ ཉིན་ནས་ཉིན་གསུམ་རིང་ལ་དྭགས་གླེའི་ཞི་བའི་ཚལ་གསུང་ཆོས་ར་བ་རུ། དད་ལྡན་མང་ཚོགས་ཁྲི་ཕྲག་འགར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བྱ་རྒྱུད་ལུགས་ཀྱི་བཀའ་དབང་བསྩལ། ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་པའི་ཚོགས་འདུ་གཙོས། ལ་དྭགས་སུ་གནས་སྡོད་བོད་མི་དང་དད་ལྡན་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཟླ་ ༧ ཚེས་ ༢༦ ཉིན་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཐང་ཆེན་དུ། ལ་དྭགས་བོད་རིགས་རྣམས་ལ་དམིགས་བསལ་བཀའ་སློབ་གནང་སྐབས། བོད་པའི་སྐད་ཡིག་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག དེ་རིང་ཁ་སང་ནང་པའི་ལྟ་གྲུབ་ཀྱི་ཐོག་ལ་འགྲེལ་བཤད་རྒྱག་པའི་སྐད་ཡག་ཤོས་དེ་བོད་སྐད་རེད་འདུག བྱས་ཙང་ཁྱེད་རང་ཚོ་སློབ་ཕྲུག་ཚང་མས་དོ་སྣང་བྱོས། ཞེས་བཀའ་སློབ་བསྩལ། དེ་བཞིན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཚོགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སྐབས་དང་པོའི་མཐར་ཕྱིན་སློབ་མའི་ཤེས་ཡོན་ཉམས་གསོག་གི་དགེ་ལས་སློབ་ཕྲུག་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞི་བའི་ཚལ་གྱི་དུས་འཁོར་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་བ་དང་།  དབུས་གཙང་ཆོལ་ཁའི་འགན་ལྷན་ཐེངས་བཅུ་དྲུག་པའི་ཚོགས་བཅར་བ་རྣམས་ལ་བཀའ་སློབ། དེ་བཞིན་ལ་དྭགས་ཏོག་ཡུལ་གྱི་སྟོན་པའི་སྐུ་བརྙན་ཆེན་མོར་མཆོད་མཇལ་དང་།  མི་མང་ལ་བཀའ་སློབ་བསྩལ་རྗེས་ཏོག་རྒྱལ་པོ་ཚང་གིས་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་དུ་ལྷ་ས་ཁ་ཆེ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

ཕྱི་ཟླ་ ༨ ཚེས་ ༡ ཉིན་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་དུ།༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷ་ས་ཁ་ཆེ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་ཅིང་། ༧གོང་ས་མཆོག་ནས་ཁོང་སྐུ་ན་ཆུང་དུས་ཁ་ཆེའི་ཕྲུ་གུ་ཆུང་ཆུང་མཉམ་དུ་སྐུ་རྩེད་མང་པོ་གནང་གི་ཡོད་ལ་ལྷ་ས་ཁ་ཆེ་བ་རྣམས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སེམས་སུ་བཅངས་ཡོད་པར་བཀའ་དྲིན་ཆེ་ཞེས་གསུངས་འདུག ཕྱི་ཟླ་ ༨ ཚེས་ ༢ ཉིན་ལ་དྭགས་གླེ་ཞི་བའི་ཕོ་བྲང་དུ། ཐའེ་ཝན་གྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། ཕྱི་ཟླ་ ༨ ཚེས་ ༧ ཉིན་ལ་དྭགས་གླེ་ལམ་སྒྲོན་དཔེ་གསར་སློབ་གྲྭའི་ལྔ་བཅུའི་དུས་དྲན་དང་ལམ་སྒྲོན་དབྱར་སྟོན་ཆེན་མོའི་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་བཅུ་བཞི་པ་ཆེན་པོའི་རྩེད་ཐང་དང་། ལམ་སྒྲོན་གཞི་རིམ་འོག་མའི་ཀམ་པུ་ཊར་ལས་ཁང་དབུ་འབྱེད། འཇམ་དབྱངས་བསྟོད་པ་གང་བློ་མ། བློ་སྦྱོང་ཚིགས་བརྒྱད་མ་གཉིས་ཀྱི་བཤད་ལུང་བསྩལ། ཕྱི་ཟླ་ ༨ ཚེས་ ༡༠ ཉིན་ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལ་དྭགས་དབུ་སྐྱོང་དང་ཨ་རུ་ན་ཅལ་སཱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ། ཕྱི་ཟླ་ ༨ ཚེས་ ༡༢ ཉིན་ལ་དྭགས་ཁ་ཆེའི་ཆོས་ལུགས་ཞིས་འ་(Shia)དང་། སུན་ནི་(sunni)ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གདན་ཞུས་ལྟར། ཆུ་ཞོལ་འོག་མའི་ཨེ་མམ་བྷར་གྷ་(Imam Bargah)ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་གྱིས་ཉིན་གུང་གསོལ་ཚིགས་ཕུལ།

༧མགོན་པོ་གང་ཉིད་ཀྱིས་ལ་དྭགས་ཀྱི་གཤམ་ལྗོངས་མཁར་རྩེ་ཁུལ་དུ་ཆོས་འབྲེལ་རྒྱ་ཆེར་བསྐྱངས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ལ་དྭགས་གླེ་སེང་གེ་གཙང་བོའི་འགྲམ་སིན་དུ་གྷ་ཊ་རུ། ལ་དྭགས་དབུས་འཛིན་སྐྱོང་མངའ་གཞུང་གི་གོ་སྒྲིག་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་འདུག ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ལ་དྭགས་ཀྱི་གཤམ་ལྗོངས་མཁར་རྩེའི་དད་ལྡན་སེར་སྐྱ་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནམ་ལམ་བརྒྱུད་མཁར་རྩེ་རུ་ཞབས་སོར་བདེ་བར་བཀོད་དེ། ཟེར་ཐང་གསུང་ཆོས་ར་བ་དང་ཟེར་ཐང་རྒྱལ་བའི་ཕོ་བྲང་གསར་བཞེངས་དབུ་འབྱེད་མཛད་དེ་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཕེབས་བསུའི་དགའ་སྟོན་ཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༡༩ ཉིན་མཁར་རྩེ་ཟེར་ཐང་གསུང་ཆོས་ར་བ་རུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་གྲུབ་རྗེས། གཤམ་ལྗོངས་ཡུལ་ནས་ཐད་འཕུར་གནམ་གྲུར་བཞུགས་ཏེ་གླེའི་ཞི་བའི་ཚལ་གྱི་ཕོ་བྲང་དུ་ཞབས་སོར་བདེ་བོར་བཀོད། ཕྱི་ཟླ་ ༨ ཚེས་ ༢༡ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ནས་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་མཇལ་ཁ་བསྩལ། ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ལ་དྭགས་གླེ་དཔེ་ཐུབ་དགོན་པའི་ཉེ་འགྲམ་རྨོ་རྨོའི་སྤང་དུ། ལ་དྭགས་དགོན་ཚོགས་དང་ནང་ཚོགས་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕེབས་སྐྱེལ་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་བོད་ལ་དཀའ་ངལ་ཞིག་འཕྲད་དེ་ངོས་རང་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་རེད། ཡིན་ནའང་། ས་ཁུལ་འདི་ནས་བཟུང་ཤར་མོན་བར་དུ་མི་མང་ཚོས་ངོས་ལ་སེམས་ཐག་ཉེ་པོ་བྱས་ཏེ་དགའ་པོ་བྱེད་པ་ལ་འགྱུར་བ་ཁྱོན་ནས་མེད་པ་དེ་ལྟར་རེད་ཅེས་བཀའ་སློབ་བསྩལ། ཕྱི་ཟླ་ ༨ ཚེས་ ༢༥ ཉིན་གླེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་ཞབས་བསྐྱངས་བ་དང་། ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་བཀོད།

མི་ལོ་བཅོ་བརྒྱད་ཀྱི་རྗེས་སུ་འབྲས་མོ་ལྗོངས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ།

འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁུལ་དེའི་སེར་སྐྱ་མི་མང་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བསྩལ།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པི་རེམ་སིང་རྟ་མང་ (Prem Singh Tamang) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་དགེ་འདུན་པའི་འཐུས་མི་བླ་མ་བསོད་ནམས་ལགས། སྤྱི་ཁྱབ་དྲུང་ཆེ་པཱ་ཌག་ (V.B. Pathak) ལགས་སོགས་ཀྱིས་མཇལ་བཅར་ཞུས།  ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ། འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁུལ་དེའི་སེར་སྐྱ་མི་མང་ཁྲི་ ༤ ལྷག་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། འབྲས་ལྗོངས་མངའ་སྡེ་གཞུང་དང་སྒང་ཏོག་བོད་མིའི་ས་གནས་མགོ་འཛིན་ལས་ཁུངས་ནས་བརྟན་བཞུགས་བསྟར་འབུལ་ཞུས། བཀའ་ཆོས་སྐབས་༧གོང་ས་མཆོག་ནས་ཉེ་ཆར་འབྲས་ལྗོངས་ནང་ཆུ་ལོག་གི་གནོད་རྐྱེན་ཁྲོད་འདས་གྲོངས་སོང་བ་དང་ད་ལྟ་དཀའ་ངལ་འཕྲད་བཞིན་པའི་མི་མང་གི་ཆེད་དུ་དམིགས་བསལ་ཐུགས་སྨོན་མཛད་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་འབྲས་ལྗོངས་མངའ་སྡེའི་བློན་ཆེན་གྱི་ཚོགས་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབྲས་ལྗོངས་མངའ་སྡེ་གཞུང་ནས་ཆེ་བསྟོད་གསོལ་ཚིགས་འདེགས་འབུལ་ཞུས།

རྒྱ་གར་ནུབ་བྷང་གྷལ་ས་ལུ་སྒར་སྲད་རྒྱུད་གྲྭ་ཚང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་བསྐྱངས། ༢༠༢༣།༡༢།༡༤ དགའ་ལྡན་ཕོ་བྲང་གི་པར།

ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༤༥ ཐོག་འབྲས་ལྗོངས་སྒང་ཏོག་ནས་རྒྱ་གར་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེམས་བསྐྱེད་ཀྱི་གསུང་ཆོས་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་ངོས་རང་རྒྱ་གར་ཤར་ཕྱོགས་འབྲས་ལྗོངས་ཁུལ་དུ་ཕྱིན་པ་ཡིན། ཡུལ་མི་རྣམས་ལ་དངོས་གནས་དད་པ་འདུག ནང་པའི་ཆོས་ཟེར་དུས་ཞབས་བརྟན་བྱེད་པ་དང་། རྔ་བརྡུང་བ།སྦུགས་དཀྲོལ་བ་སོགས་མ་རེད། སངས་རྒྱས་ཀྱི་ཆོས་ཟེར་དུས་བསམ་བློ་བཏང་ནས་ཡོང་རྒྱུ་ཞིག་རེད། བློ་སྦྱངས་ཏེ་སེམས་ལ་མ་རུང་བ་བྱེད་མཁན་གྱི་ཉོན་མོངས་དུག་གསུམ་ངོ་ཤེས་དགོས་པ་དང་། ཉོན་མོངས་པའི་ལྡོག་ཕྱོགས་ཀྱི་བློ་ལ་རིམ་བཞིན་གོམས་ཏེ། ཉོན་མོངས་ཤུགས་ཆུང་དུ་གཏོང་བ་ནི་སངས་རྒྱས་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ཤིག་རེད། དེང་སང་འཛམ་གླིང་དུའང་ཕན་ཐོགས་ཀྱི་འདུག དེང་སྐབས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་ཞིག་བཤད་ཀྱི་ཡོད། ང་ཚོ་མིའི་སྤྱི་ཚོགས་ནང་དུ་སྡོད་སྐབས་བརྩེ་བ་ཡོད་ན་ཕན་ཚུན་འཆམ་མཐུན་དང་། དཀའ་ངལ་སེལ་རོགས་བྱ་རྒྱུ་གལ་ཆེན་པོ་རེད། ངོས་ཀྱིས་རྟག་པར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་དེ་བོད་པའི་སྤྱི་ཚོགས་གཅིག་པོའི་ནང་དུ་མིན་པར་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུའང་དེ་ལྟར་བཤད་ཀྱི་ཡོད། ཆོས་དད་ཡོད་མེད་ལ་མ་བལྟས་པར་སེམས་པ་བཟང་པོ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཐམས་ཅད་རྣལ་འབྱོར་གྱི་ཆོས་འབྲེལ་དང་། མ་ཎིའི་ལྗགས་ལུང་བཀའ་ཆོས་བཀའ་དྲིན་བསྩལ་ཏེ། ཉིན་གུང་ལྗགས་སྨིན་གྲུབ་རྗེས་ཤྲི་ཀུ་རི་ལ་ཆིབས་བསྒྱུར་གྱིས་བཞུགས་ཞག་མཛད། 

གནས་མཆོག་རྡོ་རྗེ་གདན་དུ་དུས་ཡུན་ཟླ་གཅིག་ལྷག་རིང་ཆོས་འབྲེལ་མཛད་པ།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནུབ་བྷང་གྷལ་ཤྲི་ཀུ་རི་ནས་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བ་རུ། ༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་བསྩལ། ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་༸གོང་ས་རྒྱལ་བ་རིན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་འགྲམ་དུ་འཚོགས་པའི་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས། ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ནང་ཆོས་ངོ་སྤྲོད་དང་། ཆོས་དབྱིངས་བསྟོད་པའི་བསྡུས་དོན། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྐྱངས། ཕྱི་ཚེས་ ༣༡ ཉིན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གི་བཀའ་དབང་བསྩལ་བ་དང་བསྟུན། སྟོན་པའི་གཟུངས་སྔགས་དང་། སྨན་ལྷའི་གཟུངས་སྔགས། དེ་བཞིན་བཛྲ་གུ་རུའི་གཟུངས་སྔགས་སོགས་ཀྱི་ལྗགས་ལུང་སྩལ་གནང་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་སོགས་ཀྱི་ཚོགས་མགོན་དུ་ཕེབས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༠ ནས་ ༢༢ ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་ཁང་དུ། དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་ལས་ཁུངས་སོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ ༣༣ ནས་ཕེབས་པའི་བླ་སྤྲུལ་མཁན་པོ་དང་། མཁས་དབང་། ཉམས་ཞིབ་པ་སོགས་ཚོགས་བཅར་བ་ ༢༠༠༠ ལྷག་མཉམ་ཞུགས་གནང་བཞིན་ཡོད་འདུག  སྐབས་དེར་༧གོང་ས་མཆོག་ནས་སེམས་ཁོང་ཁྲོའི་དབང་གིས་འདོད་ཆགས་ཀྱི་གཞན་དབང་དུ་ཕྱིན་ནས་ཁ་འདོན་དགེ་སྦྱོར་བྱས་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་རྒྱུ་ཁག་པོ་ཡིན་པས་གཙོ་བོ་སེམས་རྒྱུད་འདུལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ།

གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་འབྲེལ་རྒྱ་ཆེར་བསྐྱངས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༤ ཟླ་  ༡ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག  དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པ་དགེ་འདུན་པ་གྲངས་ ༤༡༣ ལ་ཕྱག་ཁྱེར་གནང་། ཕྱི་ཟླ་ ༡ ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༥༠ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། སྒེར་གྱི་ངོས་ནས་བཤད་ན་སྟོན་པ་ཐུབ་པའི་དབང་བའི་གནས་ཁྱད་པར་ཅན་འདིར་ང་ཚོ་ལྷན་འཛོམས་བྱུང་ནས་སྨོན་ལམ་རྒྱག་ཐུབ་པ་ཧ་ཅང་སྐལ་བ་བཟང་པོ་ཡིན། ཞེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད།  ཕྱི་ཟླ་ ༡ ཚེས་ ༡༩ ཉིན་རྡོར་གདན་ནས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་བ་དང་། ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་བཀོད།

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༢ ཉིན་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་བྱམས་པ་ཚེ་རིང་གིས་ཕྱོགས་སྒྲིག་བྱས་ཏེ་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༤༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese