མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤-༢༠༢༥ ལོའི་༧གོང་ས་ཏཱ་ལའི་བླ་མའི་སློབ་ཡོན་གསལ་བསྒྲགས་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པས། ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གསལ་བསྒྲགས་གནང་ཡོད་པའི་ནང་། འདི་ལོར་ཡུ་རོབ་དང་ཨ་རི། ཨོ་གླིང་། རྒྱ་གར་ཕུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཏུ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་མཁན་གྱི་བོད་པའི་སློབ་མ་རྣམས་ལ་སློབ་ཡོན་སྤྲོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། དེ་སྔོན་སློབ་ཡོན་ཐོབ་ཟིན་པ་དག་གིས་ཀྱང་བསྐྱར་དུ་སློབ་ཡོན་ཞུ་ཆོག་གི་ཡོད་འདུག

His Holiness the Dalai Lama posing for a group photo with the students of Summer Camp program 2019,Photo/Tenzin Choejor/Office of His Holiness the Dalai Lama.

སློབ་ཡོན་དེ་བརྒྱུད་ནས་ཕྱི་རྒྱལ་ཁག་ཏུ་སློབ་གཉེར་བྱེད་མཁན་གྱི་བོད་ཀྱི་སློབ་མ་རྣམས་ལ་ཤེས་ཡོན་གྱི་ཐད་ནས་རོགས་འདེགས་བྱས་ཏེ། བོད་པའི་སྤྱི་ཚོགས་དང་གོ་ལའི་སྤྱི་ཚོགས་སུ་ནུས་པ་གང་ཡོད་ཀྱིས་ཞབས་འདེགས་ཞུ་རྒྱུའི་དམིགས་འབེན་བཟུང་ཡོད་ཅིང་། སློབ་ཡོན་སྤྲོད་པའི་སློབ་ཚན་དེ་དག་གི་ཁོངས་སུ་སྐྱེས་དངོས་ཕྲ་རག་གི་དཔྱད་རིག་(Microbiology) དང་། སྨན་སྦྱོར་རིག་པ་(Pharmacology)། རིམས་ནད་དཔྱད་རིག་(Epidemiology) སོགས་ཚུད་པའི་ཁྲིམས་ལུགས་དང་། ཚོང་དོན་རིག་པ། གློག་ཀླད་ཚན་རིག རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སོགས་ཡོད་འདུག

སློབ་ཡོན་དེའི་ཁོངས་སུ་མཉམ་ཞུགས་བྱེད་འདོད་མཁན་རྣམས་ཀྱིས། རང་ཉིད་ལ་ཨ་རི་དང་། ཨོ་གླིང་། ཡུ་རོབ་སོགས་ཀྱི་མཐོ་སློབ་ཁག་ནང་སློབ་འཇུག་ཟིན་པའི་དཔང་ཡིག་དང་། རང་ཉིད་བོད་མི་ཡིན་པའི་ར་སྤྲོད་ཀྱི་ཡིག་ཆ་དེ་(www.dalailamafoundation.org)བརྒྱུད། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༧ གོང་དུ་བསྐུར་ཟིན་པ་དགོས་ཤིང་། འདི་ལོའི་༧སྐུའི་འཁྲུངས་སྐར་ཉིན་སློབ་ཡོན་དེའི་ཁོངས་སུ་ཚུད་པའི་སློབ་མ་དག་གི་སྒེར་ལ་བརྡ་ལན་གཏང་རྒྱུ་ཡིན་འདུག་ལ། ཕྱི་ལོ་ ༢༠༢༢ ལོར་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་ཆེད་སྙན་ཞུ་འབུལ་མཁན་སློབ་མ་གྲངས་ ༧༥ བྱུང་བ་ལས་སློབ་ཕྲུག་གྲངས་ ༤༥ ལ་སློབ་ཡོན་ཐོབ་སྟེ།  ཨ་རི་དང་ཁེ་ན་ཌ། ཡུ་རོབ། ཨེ་ཤ་ཡ་བཅས་ཀྱི་ནང་ཆེས་མཐོའི་གཙུག་ལག་སློབ་ཁང་ཁག་ཏུ་སློབ་གཉེར་བྱས་དང་བྱེད་མུས་ཡིན་འདུག

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་སློབ་ཡོན་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་འབུལ་གྱི་ཡོད་ཅིང་། སློབ་ཡོན་གྱི་ལས་གཞིའི་དགོས་དམིགས་ནི། བོད་པའི་སློབ་མ་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ཏེ་གཙུག་ལག་རབ་འབྱམས་པའི་སློབ་ཚན་ལ་ཆེད་སྦྱོང་བྱེད་པ་བརྒྱུད་བོད་མིའི་ནུས་སྟོབས་ཀྱི་རྩ་བ་གོང་སྤེལ་དང་། འགྲོ་བ་མིའི་རིགས་དང་ཤེས་ཡོན་ལ་མཐུན་འགྱུར་གང་ཐུབ་གནང་རྒྱུའི་བརྒྱུད་ལམ་བསྐྲུན་པ་ཞིག་ཡིན་འདུག དེ་ཡང་ད་བར་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པས་བོད་རིགས་སློབ་མ་ ༢༠༠ ལྷག་ལ་ཨ་སྒོར་ས་ཡ་ ༢་༥ ༼ས་ཡ་གཉིས་དང་ཕྱེད་ཀ་༽ ཙམ་ཁ་གསབ་སློབ་ཡོན་དུ་ཕུལ་ཡོད་པ་མ་ཟད། སློབ་ཡོན་འདི་དག་ནི་སློབ་མ་རང་རང་གི་བདམས་པའི་སློབ་ཚན་ཐོག་རྩེ་ཕུད་སོན་པའི་སློབ་མ་རྣམས་ལ་འབུལ་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༤༣ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese