མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་ཚོགས་ཆེན་ཐོག་བོད་ཀྱི་གཙང་གསུམ་མགོ་ཁོངས་སུ་ཞིབ་འཇུག་བྱ་དགོས་པའི་གྲོས་གཞི་བཏོན། 

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་མི་མང་འཐུས་མིའི་ལོ་འཁོར་ཚོགས་ཆེན་སྐབས་བོད་ཁུལ་གྱི་འཐུས་མིས་བོད་ཀྱི་གཙང་གསུམ་མགོ་ཁོངས་སུ་རྒྱལ་ཁབ་སྤྱི་གླིང་ཟེར་བ་གསར་འཛུགས་བྱས་པ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཇི་ཙམ་གཏོང་གི་ཡོད་མེད་ཐད་ཞིབ་འཇུག་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༥ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ་མགོ་འཛུགས་བྱེད་སྐབས།

ཟླ་འདིའི་ཕྱི་ཚེས་ ༥ ནས་ ༡༡ བར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། སྐབས་བཅུ་བཞི་པའི་རྒྱ་ནག་དམར་ཤོག་གཞུང་གི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་འཚོག་བཞིན་ཡོད་པ་དང་བསྟུན། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ ༢༠༢༤ ལོར་རྒྱ་ནག་གཞུང་གིས་དམག་དོན་སྔོན་རྩིས་བརྒྱ་ཆ་ ༧།༢ སྤར་ཏེ་སྔར་ལས་དམག་དོན་ཐོག་ཤུགས་སྣོན་བརྒྱག་རྒྱུ་དང་། བོད་ཀྱི་གཙང་གསུམ་མགོ་ཁོངས་སུ་རྒྱ་ནག་གིས་ཁོར་ཡུག་ལ་གནོད་འཚེ་ཇི་ཙམ་ཐེབས་ཡོད་མེད་ཞིབ་འཇུག་ཚད་ལྡན་བྱ་དགོས་སྐོར་གླེང་སློང་བྱས་ཡོད་འདུག 

ཚོགས་ཆེན་སྒོ་འབྱེད་སྐབས་སྲིད་བློན་ལི་ཆང་གིས། རྒྱ་ནག་གཅིག་གི་སྲིད་ཇུས་ཀྱི་འོག་ནས་ཐའེ་ཝན་དེ་རྒྱ་ནག་གི་རང་སྐྱོང་ས་ཚིགས་ཀྱི་ངོ་བོའི་ཐོག་ནས་དམ་དྲག་དང་ནང་འགྲིག་ཡོང་ཐབས་བྱ་རྒྱུ་དང་། ཚོང་དོན་དང་དཔལ་འབྱོར་གོང་འཕེལ་གྱི་དམིགས་ཚད་བཟུང་ཡོད་སྐོར་སོགས་བཤད་ཡོད་ཅིང་། འདི་ལོར་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་སླད་སྔོན་རྩིས་བརྒྱ་ཆ་ ༧།༢ སྤར་གྱི་ཡོད་འདུག་ལ། དེ་ནི་ཕྱི་ལོ་ ༢༠༡༥ རྗེས་རྒྱ་ནག་གིས་དམག་དོན་ཆེད་དངུལ་འབོར་གཏོང་ཐེངས་ཆེས་མང་ཤོས་དེ་ཡིན་ཞིང་། དེའི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༢༢༢ གཏང་འཆར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ཏུ་དབང་ཤུགས་སྐྱེད་ཐབས་དང་ཨ་རི་གཙོས་དམངས་གཙོའི་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་སླད་དམག་དོན་གྱི་ནུས་པ་ཇེ་ཆེར་གཏང་འཆར་འདུག་ལ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་ཚད་ཇེ་མགྱོགས་ལ་དམིགས་ནས་ཕྱོགས་ཡོངས་ནས་ཚོང་དོན་གྱི་ནུས་པ་སྔར་ལྷག་འཕེལ་རྒྱས་གཏང་རྒྱུ་དང་། གྲོང་ཁྱེར་ཁག་ཏུ་ལས་མི་ས་ཡ་ ༡༢ ལ་ལས་གནས་སྟེར་རྒྱུ། མིས་བཟོས་རིག་ནུས་ཚུད་པའི་འཕྲུལ་ལས་རིག་པ་དང་། དེང་རབས་འཕྲུལ་ཆས་ཀྱི་ལས་རིགས་གོང་མཐོར།  དེ་བཞིན་མ་འོངས་པར་གཞོན་སྐྱེས་རྣམས་ལ་ལས་རིགས་གང་མང་སྤྲད་འཆར་ཡོད་འདུག

སྤྱིར་རྒྱ་ནག་ཏུ་ཏོག་དབྱིབས་རིམས་ནད་མཆེད་སྐབས་དང་། ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ཟེར་བའི་ཐོག་ནས་བཀག་རྒྱ་བསྡམས་རྗེས། ཚོང་དོན་ཚུད་པའི་དཔལ་འབྱོར་ལ་ཉམས་ཆག་ཆེན་པོ་ཕྱིན་པ་མ་ཟད། རྒྱ་ནག་གི་ཚོང་ཤག་ཆེ་ཤོས་སུ་གྱུར་བའི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་དང་ཚོང་གི་འབྲེལ་ལམ་ཇེ་ཆུང་དུ་ཕྱིན་ཡོད་ལ། ཕྱི་ལོ་ ༡༩༩༡ ལོ་ནས་ཕྱི་ལོ ༢༠༡༡ ལོ་བར་དུ་ལོ་རེར་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ ༡༠ དང་ཕྱེད་ཀ་རེ་འཕར་ཡོད་ཀྱང་།  རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་དུས་ཡུན་ནང་དཔལ་འབྱོར་འཕེལ་ཚད་དལ་དུ་ཕྱིན་ཏེ། ཕྱི་ལོ ༢༠༢༡ ལོ་བར་གྱི་ལོ་བཅུ་ཕྲག་གཅིག་གི་རིང་ལ་ཆ་སྙོམས་ཀྱི་བརྒྱ་ཆ་དྲུག་ཚེག་བདུན་ཡས་མས་དང་། ཕྱི་ལོ་ ༢༠༢༣ ལོའི་དཔལ་འབྱོར་གྱི་ཆ་སྙོམས་བརྒྱ་ཆ་ ༥།༢ ཡིན་ཡང་། འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གི་གྲངས་རིག་གཞུང་དོན་ལས་ཁུངས་ (National Bureau of Statistics of China) ཀྱིས་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་དཔལ་འབྱོར་གྱི་ཆ་སྙོམས་ཀྱི་བརྒྱ་ཆ་ ༤།༦ ཟགས་ཡོད་ཚུལ་བསྒྲགས་ཏེ། འདི་ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་ཆ་སྙོམས་བརྒྱ་ཆ་ ༥ ལ་ཟིན་རྒྱུའི་རེ་བ་བཅང་གི་ཡོད་ཀྱང་། རྒྱལ་སྤྱིའི་ཊམ་ཀའི་ཐེབས་རྩ་ཁང་(International Monetary Fund ) གིས་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་ནང་ཐོན་སྐྱེད་ཞན་པ་དང་རྒས་འཁོགས་སུ་འགྱུར་མུས་ཡིན་པའི་མི་སེར་ཇེ་མང་དུ་འགྲོ་མུས་ཡིན་པའི་དབང་གིས། དཔལ་འབྱོར་ཉམས་ཉེས་སུ་ཕྱིན་ནས་ཕྱི་ལོ ༢༠༢༨ ལོར་བརྒྱ་ཆ་ ༣།༥ ལ་བསླེབ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད།

ད་ལན་ཚོགས་ཆེན་ཐོག་བོད་ཁུལ་ནས་ཡོང་བའི་འཐུས་མི་ཁག་ཅིག་གིས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་གཙང་གསུམ་གྱི་མགོ་ཁུངས་སུ་ལྟ་ཞིབ་དང་ཚད་ལྡན་ཞིབ་འཇུག་དགོས་སྐོར་དང་། བོད་མཐོ་སྒང་གི་སྲོག་ཆགས་དང་ཁོར་ཡུག དེ་བཞིན་རྩ་ཆེའི་དཔེ་རྙིང་རིགས་ལ་སྲུང་སྐྱོབ་དགོས་པ་སོགས་ཀྱི་གྲོས་གཞི་བཏོན་ཡོད་པ་དང་།  བོད་ཀྱི་གཙང་གསུམ་མགོ་ཁོངས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་དགོས་སྐོར་གྱི་གྲོས་གཞིའི་ནང་དུ། བོད་ཀྱི་འབྱུང་ཁམས་ཉམས་གསོའི་ལས་གྲྭས་ཡུན་རིང་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས་པ་དང་།  གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་ས་ཁུལ་བདམས་ནས་ཚོད་ལྟ་བྱ་དགོས་པ། གཙང་གསུམ་ཆུ་མགོའི་ཁུལ་གྱི་འབྱུང་ཁམས་ལྟ་ཞིབ་ཤུགས་སྣོན་བརྒྱབ་ནས། རང་བྱུང་ཐོན་ཁུངས་དང་ནགས་རྩྭ། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འགུལ་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་མཉམ་སྤྱོད་ཐུབ་པ་བྱ་དགོས་པ། བོད་ས་མཐོའི་འབྱུང་ཁམས་ཉམས་ཞན་ཁུལ་ཁག་གི་འབྱུང་ཁམས་སླར་གསོ་དང་སྲུང་སྐྱོང་ལས་གྲྭའི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱག་དགོས་པ། ལས་གཞི་དེ་དག་ལ་རྒྱ་ནག་གི་འབྱུང་ཁམས་བདེ་འཇགས་ཚོད་ལྟའི་ཚུལ་དུ་རྒྱབ་སྐྱོར་བྱེད་དགོས་སྐོར་སོགས་གསལ་འདུག 

འདས་པའི་ལོ་མང་རིང་བོད་གཙོས་རྒྱ་ནག་གིས་བཙན་འཛུལ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ཚད་ལྡན་གྱི་ཆོས་དད་རང་དབང་དང་མི་མང་སོ་སོར་མགོ་ཁྲིད་གདམ་རྒྱུ་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། འཐུས་མི ༢༠༥ ལས་གྲུབ་པའི་སྐབས་ཉི་ཤུ་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་ཁོངས་སུ་བོད་མི་གཅིག་ལས་མེད་པ་དང་། ཟླ་འདིའི་ཕྱི་ཚེས་ ༤ ནས་པེ་ཅིན་དུ་བསྡུ་མུས་ཡིན་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་ཚོགས་ཆེན་གཉིས་ཀྱི་ཁོངས་སུ་ཚོགས་གཞོན་གྱི་གོ་གནས་ཡོད་པའི་བོད་མི་གཉིས་ལས་མེད་པ་གསལ་སྟོན་བྱས་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་མགོ་ཁྲིད་བཞག་ཡོད་པའི་དྲིལ་བསྒྲགས་ལས་ལྡོག་ཟླར་འགྱུར་ཡོད་ཅིང་། ཕྱོགས་ཡོངས་ནས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་རྒྱ་ནག་དམར་ཤོག་ཚོགས་པས་མགོ་ཁྲིད་ཐད་ཀར་འདེམས་ནས་མངག་གཏོང་བྱེད་ཀྱི་ཡོད་པ་རེད། 

ད་ལན་གྱི་རྒྱ་ནག་གི་ཚོགས་ཆེན་དང་འབྲེལ་ནས་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ལོ་འཁོར་ཚོགས་ཆེན་ཐོག་རྒྱ་ནག་གི་དཔལ་འབྱོར་གྱི་དར་རྒུད་སྐོར་མང་དག་ཅིག་བཤད་ནས། དཔལ་འབྱོར་འཕེལ་རྒྱས་ཟེར་བ་གཞིགས་ཏེ་དམག་དོན་འཕེལ་རྒྱས་གཏོང་གིན་ཡོད་པ་ལས། དཔལ་འབྱོར་ཉམས་ཉེས་སུ་ཕྱིན་པར་ཕྱི་ནང་གཉིས་ནས་གླེང་སློང་བྱ་དགོས་པའི་གནད་དོན་ཆེན་པོ་ཞིག་མིན་ཏེ། རྒྱ་ནག་ནི་འཛམ་གླིང་གི་ཚོང་གི་ལྟེ་གནས་ཆེ་ཤོས་གཉིས་པ་དེ་ཡིན་པས། རིམ་པས་དཔལ་འབྱོར་དང་ཚོང་དོན་འཕེལ་རྒྱས་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག 

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 2 སྔོན།

    གཙང་གསུམ་མགོ་ཁོངས་ཟེར་ན་གང་རེད་འབྲེལ་བཤད་གནང་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese