དེ་རིང་སྔ་དྲོར་ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོ ད་ལེན་པ་དང་དབུ་ཁྲིད་སྐུ་ཞབས་ མར་ཊིན་ལུ་ཐར་ཀིང་ (Dr Martin Luther King) གི་ནང་མིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་འཚེ་མེད་ཞི་བའི་ཐབས་ ལམ་སྤེལ་ཐབས་དང་ནང་སེམས་ཀྱི་ཞི་བདེ་གོང་མཐོར་གཏོང་སླད་བཀའ་སློབ་ལམ་སྟོན་ཞུས་གནང་ཡོད་འདུག
༧གོང་ས་མཆོག་གིས་ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོད་ལེན་པ་མར་ཊིན་ལུ་ཐར་ཀིང་མཆོག་གི་ནང་མིར་མཇལ་ཁ་བསྩལ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་པར། ༡༨།༠༣།༢༠༢༤
དེ་རིང་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོ ད་ལེན་པ་དང་དབུ་ཁྲིད་སྐུ་ཞབས་ མར་ཊིན་ལུ་ཐར་ཀིང་ (Dr Martin Luther King) མཆོག་གི་བུ་དང་ནང་མི་རྣམས་ཀྱིས་ བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ ལ་མཇལ་ཁ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་འགྲོ་ བ་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོ ག་ནས་སྤྱི་ཚོགས་ཕན་བདེ་སྒྲུབ་ དགོས་སྐོར་སོགས་བཀའ་སློབ་སྩལ་ཡོ ད་འདུག
དེ་རིང་ཉིན་རྒྱབ་ཏུ་དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་༧གོང་ས་མཆོག་གིས་ཁོང་རྣམས་ལ་མཇལ་ཁ་སྩལ་བའི་བརྙན་ཞིག་གི་ནང་༧གོང་ས་ རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་གིས་ཐེར་འབུམ་བདུན་ནས་ བརྒྱད་བར་ཡོད་པའི་མི་ཚང་མ་གཅིག་ མཚུངས་སུ་ངོས་འཛིན་གནང་གི་ཡོད། ང་ཚོ་ཚང་མས་མི་སྒེར་གྱི་ནང་སེ མས་ཀྱི་ཞི་བདེ་བརྒྱུད་ནས་འཛམ་གླི ང་ཞི་བདེ་ཡོང་ཐབས་ལ་བསམ་བློ་ གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་རེད། ཆོས་ལུགས་དང་དབྱེ་འབྱེད་བྱེད་པ་ ནི་མི་སྒེར་གྱི་གནད་དོན་ཞིག་ཡི ན་པ་ལས། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་གཅིག་ མཚུངས་རེད། ང་ཚོའི་སྐྱེས་ཚུལ་གཅིག་པ་ཡིན་ལ། ནམ་ཞིག་གི་ཚེ་ང་ཚོའི་འཆི་ཚུལ་ ཡང་གཅིག་མཚུངས་ཡིན་པས། ང་ཚོ་འཚོ་ཞིང་གནས་པའི་རིང་ལ་གཅེ ན་གཅུང་གི་འདུ་ཤེས་ཐོག་ནས་དོན་ དམ་གྱི་མི་ཚེ་ཞིག་སྐྱེལ་དགོས། ཞེས་གསུངས་སོང་།
ཡང་༧མགོན་པོ་གང་ཉིད་ཀྱིས་གཞོན་སྐྱེ ས་རྣམས་ལ་བཀའ་སློབ་སྩལ་བའི་ནང་། ངེས་པར་དུ་བློ་རིག་བེད་སྤྱད་ ནས་ལྟ་ཞིབ་དགོས་ཏེ། འདས་སོང་གི་དཀའ་དག་མང་དག་ཅིག་ནི ་ང་ཚོ་འགྲོ་བ་མི་རྣམས་ཀྱིས་ཆོས་ ལུགས་དང་རིགས་རུས་མི་འདྲ་བ། ལོ་རྒྱུས་སོགས་ཀྱི་རྐྱེན་དུ་ བཟོས་པ་ཤ་སྟག་ཡིན་པས། ད་ནི་འགྲོ་བ་མི་གཅིག་མཚུངས་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ བཅས་ཀྱི་ཐད་ལ་བསམ་བློ་གཏོང་རྒྱུ་ གལ་ཆེན་རེད། ཅེས་གསུངས་སོང་།
མཇལ་ཁ་གྲུབ་མཚམས་མར་ཊིན་ལུ་ཐར་ ཀིང་གི་བུ་(Martin Luther King III)ཡིས་འདི་གའི་གསར་འགོ ད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ གིས་འཛམ་གླིང་མི་མང་གིས་རང་གི་ མ་འོངས་པའི་བུ་ཕྲུག་དེ་དག་གི་ཆེ ད་ཇི་ལྟར་དོན་དང་ལྡན་པའི་འཇིག་ རྟེན་ཞིག་མུ་མཐུད་དུ་བསྐྲུན་དགོ ས་པའི་དགོངས་ཚུལ་སྐོར་ལ་བཀའ་སློ བ་སྩལ་སོང་ལ། ང་དང་ངའི་བཟའ་ཟླ། དེ་བཞིན་བུ་མོ་བཅས་ཀྱིས་༧གོང་ས་ རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ ཞུས་ནས་བཀའ་མོལ་ཞུ་རྒྱུ་བྱུང་ བར་དགའ་ཚོར་ཆེན་པོ་བྱུང་། ཞེས་བརྗོད་བྱུང་།
ཡང་ཁོང་གི་སྐུ་ཟླ་(Arndrea Waters King)ལགས་ཀྱི ས། ང་ཚོ་དྷ་རམ་ས་ལར་ཡོང་ནས་༧གོང་ས་ རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུ གས་སྒར་དུ་མཇལ་ཁ་ཞུ་རྒྱུ་བྱུང་ བར་དགའ་ཚོར་ཆེན་པོ་བྱུང་། འདིར་ཡོད་བའི་བོད་མི་དང་སྣེ་ལེ ན་ཡག་པོ་གནང་བྱུང་བས་ཐུགས་རྗེ་ ཆེ་ཞུ་རྒྱུ་ཡིན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ ་མཆོག་གིས་ང་ཚོ་ཆོས་ལུགས་དང་། ཤ་མདོག་སོགས་ཀྱིས་དབྱེ་བ་ཕྱེ་ཡོ ད་པ་མཐོང་གི་ཡོད་ཀྱང་། དེ་དག་གི་གནད་དོན་ཞིག་གཏན་ནས་མི ན་པར་ང་ཚོ་ཚང་མ་གཅིག་གྱུར་ཡིན་ པའི་འདུ་ཤེས་དེ་གལ་གནད་ཡིན་པ་ དང་། ཚང་མས་བྱམས་བརྩེ་ལྡན་པའི་འཇིག་ རྟེན་ཞིག་གསར་སྐྲུན་བྱེད་དགོས་པའི ་བཀའ་སྩལ་སོང་། ཞེས་བརྗོད་བྱུང་།
གནད་དོན་དེ་དང་འབྲེལ་ནས་སྐུའི་ གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟ ན་སྦྱིན་པ་ལགས་ཀྱིས། ཁོང་ཅག་ད་ལན་བཞུགས་སྒར་དུ་ཕེབས་ ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོ ག་ལ་མཇལ་ཁ་ཞུ་དགོས་དོན་གཙོ་བོ་ ནི། སྐུ་ཞབས་མར་ཊིན་ལུ་ཐར་ཀིང་གི་ བསྟི་གནས་ཁང་དང་། ཁེ་ན་ཌའི་ཝན་ཁོ་བར་ཡོད་པའི་ཏཱ་ ལའི་བླ་མའི་ལྟེ་གནས་ཁང་གཉིས་ཟུ ང་འབྲེལ་གྱི་ཐོག་ནས། འཛམ་གླིང་གཞོན་སྐྱེས་རྣམས་ལ་ བཟང་སྤྱོད་གོང་མཐོར་གྱི་ཚོགས་ འདུ་ཞིག་འཚོགས་ཀྱི་ཡོད་པ་དང་བསྟུ ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ དང་མར་ཊིན་ལུ་ཐར་ཀིང་མཆོག་རྣམ་ གཉིས་ཀྱི་འཚེ་མེད་ཞི་བའི་ཐབས་ ལམ་སྤེལ་ཐབས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ གིས་ནང་སེམས་ཀྱི་ཞི་བདེ་ནང་ནས་ འཚོལ་དགོས་པའི་སྐོར་ལ་གསུང་གིན་ ཡོད་པ་དག་གོང་མཐོར་སླད་འདིར་ཕེ བས་ཡོད་སྐོར་སོགས་གསུངས་བྱུང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས། དཔལ་ལྡན།