ཟླ་འདིའི་ཕྱི་ཚེས་ ༤ ནས་ ༢༡ བར་ཉིན་གྲངས་ ༡༧ རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་བ་དང་ཨ་རི་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་འདུག
ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་དེའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌ་དང་ཨ་རི་གཉིས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལ། བསམ་མཛོད་ལྟེ་གནས་ཁང་དུ་འཚོག་འཆར་ཡོད་པའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། བོད་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག
སྲིད་སྐྱོང་མཆོག་གི་མཛད་རིམ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ནས ༡༡ བར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ (Toronto) དང་མོན་ཊེ་རེལ་ (Montreal) དུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༡༩ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ (Washington D.C.) ཁུལ་དང་། མངའ་སྡེ་ཝར་མོན་ཌི་ (Vermont)། བྷོ་སི་ཊོན་ (Boston) གྲོང་ཁྱེར་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འཆར་ཡོད་འདུག
གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།