མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ལུག་ཚང་དཔལ་ཡོན་དྲ་ཚོམས་སྒོ་བརྒྱབ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་པར་དབང་སོགས་ལ་ཁ་གཡར་ནས་མི་ལོ་ ༡༡ རིང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དག་གི་རྩོམ་ཡིག་སྤེལ་སའི་ལུག་ཚང་དཔལ་ཡོན་དྲ་ཚོམས་སྒོ་བརྒྱབ་བཅུག་ཡོད་འདུག

ལུག་ཚང་དྲ་ཚོམས་དང་འབྲེལ་བའི་བརྡ་ཁྱབ། པར་སྤྱི་ཚོགས་དྲ་ལམ་ནས་བླངས།

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་གོང་ནས་བོད་ནང་དུ་བོད་ཡིག་བཀོལ་སྤྱོད་བྱེད་སའི་འཕྲིན་སྟེགས་དང་། དྲ་རྒྱ། དེ་བཞིན་མཉེན་ཆས་སོགས་བཀག་སྡོམ་དང་སྒོ་བརྒྱབ་བཅུག་གི་ཡོད་པ་ལྟར། ཉེ་ལམ་རྒྱ་ནག་གཞུང་གིས་ལུག་ཚང་དཔལ་ཡོན་གྱི་དྲ་རྒྱ་སོགས་སྒོ་བརྒྱབ་འཇུག་ཡོད་པ་མ་ཟད། དྲ་རྒྱ་དེའི་ངོས་ཀྱི་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་རྣམས་ནག་བསུབས་སུ་བཏང་ཡོད་འདུག

གནད་དོན་དེའི་ཐད་ལུག་ཚང་དཔལ་ཡོན་དྲ་རྒྱའི་འབྲེལ་ཡོད་མི་སྣས། འཕྲིན་ཕྲན་གཞུང་ཕྱོགས་ནས་ལུག་ཚང་དཔལ་ཡོན་གྱི་དྲ་སྒོ་ཡོངས་སུ་བཀག་སོང་བས། ངེད་ཀྱིས་ཞུ་འབོད་གནང་ངེས་ཀྱང་རེ་བ་ཆུང་། ལོ་དེ་ཤས་ཀྱི་ནང་དུ་ལུག་ཚང་དཔལ་ཡོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཀློག་པ་པོ་དང་རྩོམ་པ་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ལུག་ཚང་དྲ་ཚོམས་ཀྱི་དྲ་བདག་གིས་བརྡ་ཁྱབ་ཅིག་སྤེལ་བའི་ནང་དུ། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢ ཉིན་སྐད་འཕྲིན་གཞུང་ཕྱོགས་ནས་ལུག་ཚང་དྲ་ཚོམས་ཀྱི་ནང་དོན་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་དང་། དྲ་ཚོམས་དེའི་ནང་དུ་ཡིག་རིགས་གྲངས་འབོར་ཁྲི་གཅིག་བརྒལ་བ་ཡོད་ལ། དེ་སྔོན་དྲ་ཚོམས་དེའི་ནང་དུ་པར་དབང་རྩོད་གཞི་ཅན་གྱི་བརྩམས་ཆོས་རིགས་སྤེལ་བར་བརྟེན། སྐད་འཕྲིན་གཞུང་ཕྱོགས་ནས་ཀྱང་དྲན་སྐུལ་ཉེན་བརྡ་བཏང་། ཡིན་ནའང་། ང་ཚོས་སྐད་འཕྲིན་གཞུང་ཕྱོགས་ཀྱི་ཆ་རྐྱེན་ལ་བཅོས་སྒྲིག་བྱེད་ཐབས་མེད་སྟབས། ཁོ་ཚོའི་འབྲེལ་ཡོད་པར་དབང་གཏན་འབེབ་དང་འགལ་བ་རེད།  ཉེ་ལམ་ནས་ཞུ་གཏུག་བྱེད་མཁན་ཡང་རྒྱུན་དུ་བྱུང་བར་བརྟེན་ལེགས་བཅོས་དང་གཙང་གསུབ་དགོས་པ་རྣམས་བྱས་ཡོད། ལུག་ཚང་དྲ་ཚོམས་ཀྱི་ཆེ་མཐོང་དང་རིན་ཐང་སླར་གསོའི་ཆེད། ཉེ་སྔོན་ང་ཚོས་སྐད་འཕྲིན་གྱི་ཞུ་གཏུག་ཐབས་ལམ་བརྒྱུད་དྲ་ཚོམས་སླར་གསོའི་ལས་དོན་ཐད་སྙན་ཞུ་བརྒྱབ་ཟིན་པ་ཡིན། གལ་སྲིད་དྲ་ཚོམས་སླར་གསོ་ཐུབ་པ་བྱུང་ན། ང་ཚོས་གསར་རྩོམ་པ་རེ་རེའི་ཁེ་དབང་ལ་ནན་ཏན་གྱིས་བརྩི་བཀུར་བྱ་རྒྱུ་ཡིན། གལ་སྲིད་དྲ་ཚོམས་སླར་གསོ་མ་ཐུབ་ཚེ། དེང་སང་སྤུས་ཚད་ལྡན་པའི་བོད་ཡིག་དྲ་ཚོམས་གང་ཙམ་འདུག་པ་རྣམས་ལ་བསམ་བློ་བཏང་སྟེ། སྐད་འཕྲིན་གཞུང་ཕྱོགས་ཀྱི་ཐག་གཅོད་ཡོངས་སུ་དང་ལེན་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་གནད་དོན་འདིར་ཚད་བརྒལ་གྱི་ངོས་འཛིན་མི་གནང་བའི་རེ་བ་ཡོད་སྐོར་བརྗོད་འདུག

ཡང་བརྡ་ཁྱབ་ནང་། དུས་རྒྱུན་དུ་པར་དབང་དང་བརྩམས་ཆོས་ཀྱི་ཐོག་མའི་རིན་ཐང་ལ་བརྩི་སྲུང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་པར་དབང་དང་གསར་རྩོམ་པའི་བར་གྱི་གལ་ཆེའི་དོན་སྙིང་གསལ་པོ་ཤེས་ཀྱི་ཡོད། དེ་བས་དྲ་ཚོམས་ནང་དུ་ཞུགས་མཁན་རྣམས་ལའང་ཐོག་མའི་བརྩམས་ཆོས་དང་པར་དབང་ལ་སྲུང་སྐྱོབ་ཀྱི་འོས་འགན་ལ་སྲུང་བརྩི་གང་ལེགས་གནང་གནང་རོགས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༩ ནས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢ བར་འདས་པའི་ལོ་ངོ་ ༡༡ དང་ཉིན་གྲངས་ ༢༥ རིང་ང་ཚོས་ཚ་ཚ་འུར་འུར་གྱིས་བོད་སྐད་ཡིག་དང་རིག་གཞུང་ཐོག་ཐད་གཏོང་བྱེད་པའི་རྩ་ཆེའི་གོ་སྐབས་བསྐྲུན་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། ཞེས་བརྗོད་འདུག

ཕྱི་ལོ་ ༢༠༡༣ ལོར་ལུག་ཚང་དཔལ་ཡོན་དེ་དྲ་ཚིགས་ཀྱི་ངོ་བོའི་ཐོག་ནས་དབུ་འབྱེད་བྱས་ཡོད་ཅིང་། དེ་ནས་སྐད་འཕྲིན་གྱི་ངོས་སུ་འཕྲིན་སྟེགས་སུ་བསྒྱུར་ཏེ། འདས་པའི་མི་ལོ་བཅུ་གྲངས་རིང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་མང་དག་ཅིག་སྤེལ།  དེ་བཞིན་དྲ་ཚོམས་དེར་བོད་གཞས་དང་། ཡིག་བསྒྱུར་སོགས་ཀྱིས་མཚོན་པའི་རིག་གནས་ཀྱི་ཚན་པ་འགའ་ཡོད་ཀྱང་།  ད་ལན་རྒྱ་ནག་གཞུང་གིས་གློ་བུར་དུ་ལུག་ཚང་དཔལ་ཡོན་དྲ་ཚོམས་སྒོ་བརྒྱབ་པ་དེས། བོད་ཡིག་ལ་དགའ་མོས་བྱེད་མཁན་གྱི་ཀློག་པ་པོ་མང་པོ་ཞིག་གིས་བློ་ཕམ་ཆེན་པོ་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 1

  1. ཆབ་མདོ་ངག་ཕུན། says:
    ལོ་ 2 སྔོན།

    རྩོམ་ཡིག་སྤེལ་སའི་དྲ་ཚིགས་ཡག་པོ་དེ་རྒྱ་གཞུང་གིས་སྒོ་བརྒྱབ་པ་ལ་དཔེ་བློ་ཕམ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese