མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཕྱོགས་ཀྱི་ལམ་སྟོན་རྣམས་ཉམས་ལེན་བྱས་ན་ལུས་བདེ་བ། སེམས་སྐྱིད་པ། ངག་འཇམ་པ་ཡོང་བའི་ཆ་རྐྱེན་ཞིག་ཡོད།

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་རིགས་རྣམས་གཙོ་བོར་གྱུར་བའི་དད་ལྡན་དོན་གཉེར་ཅན་རྣམས་ལ་ཆོས་འབྲེལ་མཛད་སྐབས་རྒན་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་ཡོང་བར་སྐུལ་མ་གནང་གི་ཡོད་སྐོར་གསུངས་སོང་།

ཐེག་ཆེན་གཙུག་ལག་ཁང་དུ་སོག་རིགས་རྣམས་གཙོ་བོར་གྱུར་བའི་དད་ལྡན་དོན་གཉེར་ཅན་ལ་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས་བསྩལ། ༢༠༢༤།༠༤།༢༠ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཟླ་འདིའི་ཕྱི་ཚེས་ ༡༩ དང ༢༠ ཉིན་གཉིས་རིང་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྷ་བརྒྱ་མའི་ཆོས་འགྲེལ་མཛད་ཡོད་པ་ལྟར། དེ་རིང་རེས་གཟའ་སྤེན་པའི་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་ལན་གཞུང་ཆེན་འཁྲིད་མཁན་སོག་པོ་རྒན་དངོས་གྲུབ་ཚོགས་གཉིས་ལགས་ཀྱི་བཀའ་དྲིན་དྲིན་གཟོའི་སླད་སོག་རིགས་ཚོར་ཆོས་འགྲེལ་མཛད་རྒྱུའི་སྐལ་བ་བྱུང་བར་ཐུགས་མཉེས་པོ་བྱུང་སྐོར་སོགས་གསུངས་སོང་།

དེ་རིང་གསུང་ཆོས་ཀྱི་ཉིན་གཉིས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེང་སྐབས་འཛམ་གླིང་ཡུལ་གྲུ་གཞན་དག་ནས་སངས་རྒྱས་ཀྱི་ཆོས་མཛོད་ཟབ་པ་དང་རྒྱ་ཆེ་བ། གཏིང་ཟབ་པོ་དེར་དོ་སྣང་ཡོད་མཁན་ཡོང་གི་ཡོད། དེ་སྔ་སངས་རྒྱས་ཀྱི་ཆོས་མཛོད་དེར་དོ་སྣང་དེ་འདྲ་ཡོད་མ་རེད། དེང་སྐབས་སློབ་སྦྱོང་བྱེད་པའི་གོ་སྐབས་རག་པའི་སྐབས་འདིར་སངས་རྒྱས་པའི་ཆོས་དེ་དམིགས་བསལ་ཞིག་སྟེ། རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏང་རྒྱུ་ཡོད་པ་ཞིག་དང་། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་སངས་རྒྱས་ཀྱི་ཆོས་ཀྱི་བསླབ་བྱ་དེས་སེམས་རྒྱུད་འདུལ་རྒྱུ་དང་། སྤྱི་ཚོགས་ཞི་བདེ། འཛམ་གླིང་ཞི་བདེ་ཡོང་རྒྱུར་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་དོ་སྣང་གསར་པ་ཞིག་ཡོང་གི་འདུག ངོས་རང་ལ་ཆ་བཞག་ན་ཆུང་དུས་ནས་སེམས་སྐྱེད་དང་། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་བསམ་བློ་གཏོང་གི་ཡོད། ངོས་རང་གི་མི་ཚེ་ཡར་ལོངས་ཡོང་དུས། ཆུང་དུས་ནས་བསམ་བློ་བཏང་པའི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཡིས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཆེན་པོ་ཡོད་པའི་ཉམས་མྱོང་ཡོང་གི་འདུག་ལ། དེ་དང་འབྲེལ་ནས་ངོས་རང་གི་ངོ་ཤེས་རོགས་པ་ཚོར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཀྱི་སྐོར་ལ་བཤད་ཡོང་དུས། དོ་སྣང་གསར་པ་བསླེབས་པ་དང་སེམས་ཀྱི་དབུས་ནས་དགའ་མོས་ཤུགས་ཆེན་བྱེད་ཀྱི་འདུག ཅེས་གསུངས་སོང་། 

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེང་སྐབས་བོད་ལ་མཚོན་ན་ཕྱི་ནང་གི་བགེགས་རྐྱེན་མང་པོ་ཞིག་གིས་ཟིན་ཡོད་ཀྱང་། ལོ་ངོ་སྟོང་ཕྲག་གི་གོང་ནས་བོད་མི་ཚོར་ཡོད་པའི་གོམས་གཤིས་བཟང་པོ་སྟེ་སེམས་པ་བཟང་པོ་བྱ་རྒྱུ་དང་། གཞན་ལ་ཕན་སེམས་བྱ་རྒྱུ་དེ་ཡག་པོ་ཞེ་དྲགས་རེད་འདུག་པས། ང་ཚོ་བོད་གཞིས་ལུས་རྒྱ་ཆེ་མི་མང་གིས་དངོས་གནས་དྲང་གནས་མཁན་ཆེན་ཞི་བ་འཚོ་ནས་མར་བརྒྱུད་པའི་ཆོས་བརྒྱུད་དེ་དག་ལ་ལྷག་བསམ་གཡོ་བ་མེད་པ་དང་དད་འདུན་རྩེ་གཅིག་དང་། ཞོར་དུ་ངོས་རང་ལའང་དགའ་མོས་དང་ཡིད་ཆེས་རྩེ་གཅིག་རེད། དེ་བཞིན་རྒྱ་ནག་ནང་དུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོས་བོད་ལ་ཡོད་པའི་ཆོས་ཀྱི་གོམས་གཤིས་བཟང་པོ་དེར་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག ངོས་རང་གིས་བོད་ལ་དཀའ་ངལ་མང་པོ་འཕྲད་པ་རེད་དེ་བོད་ལ་ཡོད་པའི་རྒྱ་ཆེ་གཏིང་ཟབ་པའི་རིག་གཞུང་དེས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བསྒྲུབས་ཐུབ་ཡོད་པ་ཞིག་མཐོང་གི་འདུག ཅེས་གསུངས་སོང་།

ཐེག་ཆེན་གཙུག་ལག་ཁང་དུ་སོག་རིགས་རྣམས་གཙོ་བོར་གྱུར་བའི་དད་ལྡན་དོན་གཉེར་ཅན་ལ་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས་བསྩལ། ༢༠༢༤།༠༤།༢༠ དགའ་ལྡན་ཕོ་བྲང་གི་སྐུ་པར།

༧མགོན་པོ་གང་ཉིད་ཀྱིས།  བོད་ཀྱི་སངས་རྒྱས་པའི་ཆོས་དེ་སེམས་ཁམས་རིག་པ་དང་འདྲེས་ནས་ཡོད་པས། ཚན་རིག་པ་ཚོས་ཀྱང་དོ་སྣང་གསར་པ་བྱ་རྒྱུ་ཞིག་ཆགས་ཡོང་གི་འདུག ཆོས་དད་མེད་མཁན་ཚོས་ཀྱང་བོད་ཀྱི་ཆོས་ཀྱི་བསམ་བློ་གཏོང་ཐབས་དེ་འཕྲལ་དུ་སེམས་ལ་ཞི་བདེ་ཡོང་ཐབས་དང་། སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ལུས་ཀྱི་འཕྲོད་བསྟེན་ཡོང་རྒྱུའི་ཐོག་ལ་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག ངོས་རང་གིས་ཀྱང་ཉིན་རེར་བཞིན་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཤུགས་ཆེན་པོ་སྒོམ་གྱི་ཡོད་པས། ལུས་ཀྱི་འབྱུང་བ་སྙོམས་པ་དང་སེམས་ལྷོད་ལྷོད་ངང་གཉིད་ཀྱང་ཡག་པོ་ཞིག་ཁུག་གི་འདུག་པས། ཞི་བདེ་ཡོང་རྒྱུར་བསམ་བློ་གཏོང་སྟངས་དེ་གཙོ་བོ་ཞིག་རེད་འདུག ཅེས་དང་། ཚན་རིག་པ་ཚོ་ཆོས་ལ་དོ་སྣང་ཡོད་མ་རེད་དེ། དེང་སང་ཚན་རིག་པའི་ཁོངས་ནས་སངས་རྒྱས་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་གསུངས་པ་དེར་དམིགས་བསལ་གྱི་དོ་སྣང་བྱས་ནས་ངོས་རང་ལ་ཐུག་ཏུ་ཡོང་མཁན་མང་པོ་ཞིག་འདུག ཅེས་གསུངས་སོང་། 

ཡང་མགོན་པོ་གང་ཉིད་ཀྱིས། ང་ཚོ་བོད་དང་སོག་པོའི་བར་ལོ་སྟོང་ཕྲག་གི་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་དང་། བོད་ནས་སོག་པོའི་མཁས་པ་མང་པོ་ཞིག་བྱུང་ཡོད་པས། བོད་དང་སོག་པོའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ངོས་རང་སྒེར་ལ་མཚོན་ནའང་ངོས་ཀྱི་གཞུང་ཆེན་འཁྲིད་མཁན་གཙོ་བོ་རྒན་དངོས་གྲུབ་ཚོགས་གཉིས་སོག་པོ་རེད། དཔེ་བཀའ་དྲིན་ཆེན་པོ་ཡིན་གདའ། ཡོངས་འཛིན་དམ་པ་གཉིས་བཀའ་དྲིན་ཆེན་པོ་རེད་དེ། གཞུང་ཆེན་དེ་དག་རྟགས་གསལ་བཏང་ནས་ཁྲིད་རྒྱུ་དེ་རྒན་དངོས་གྲུབ་ཚོགས་གཉིས་ཀྱིས་གཙོ་བོ་གནང་བ་རེད། དངོས་གནས་དྲང་གནས་བཀའ་དྲིན་ཆེན་པོ་ཡིན། བྱས་ཙང་ངོས་རང་གིས་བཀའ་དྲིན་རྗེས་དྲན་གྱི་དྲིན་ལན་གཟོ་རྒྱུ་དེ། ག་ཚོད་ཐུབ་ཐུབ་ཀྱིས་མི་མང་སྤྱི་དང་ལྷག་པར་སོག་རིགས་ཚོ་ལ་སྐུལ་མ་བྱ་རྒྱུའི་གོ་སྐབས་འདུག་ལ། དེ་ཡང་རྒན་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཞུ་ཡི་ཡོད། ཆོས་ཞེས་པ་དེ་ཚིག་ཙམ་གྱི་སྐད་ཆ་མ་རེད། སོ་སོའི་སྒོ་གསུམ་གྱི་སྤྱོད་པ་དེའི་ཐོག་ནས་ཆོས་ཕྱོགས་ཀྱི་ལམ་སྟོན་གནང་བཞག་པ་དེར་ཉམས་ལེན་བྱས་ནས། ལུས་བདེ་བ། སེམས་སྐྱིད་པ། ངག་འཇམ་པ་ཡོང་བའི་ཆ་རྐྱེན་ཞིག་ཡོད་པ་རེད་ལ། སོ་སོས་ལག་ལེན་བསྟར་ན་ཚང་ཐུབ་པ་ཞིག་རེད། ཅེས་གསུངས་སོང་། 

དགའ་ལྡན་ཕོ་བྲང་གི་དྲ་རྒྱར་སྤེལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ ཚེས ༡༨ ཉིན་ལ་ཀར་ལུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོའི་རྗེས་གནང་དང་། ཕྱི་ཟླ་ ༦ ཚེས་ ༣ དང་ ༤ ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེའུ་མིག་གི་ཆོས་འབྲེལ། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese