མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྲིད་འཛིན་མཆོག་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ཅིག་མཉམ་འབྲེལ་གྱིས་ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་མཆོག་གིས་ཞི་ཅིན་ཕིང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

French President Emmanuel Macron with Chinese leader Xi Jinping in Bali in 2022 (photo: Ministry of Foreign Affairs of the People’s Republic of China). Human rights groups are calling on Macron to put human rights—particularly in Tibet—front and center when Xi visits France May 6 and 7.

ཧྥ་རན་སི་དང་རྒྱ་ནག་བར་ཚོང་འབྲེལ་བཙུགས་ཏེ་མི་ལོ་ ༧༠ འཁོར་གྱི་ཡོད་པ་དང་བསྟུན། སང་ཉིན་ཕྱི་ཚེས་ ༥ དང་ ༦  ཉིན་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་ཧྥ་རན་སིའི་ནང་ཕྱིན་ཏེ། ཡུལ་དེའི་སྲིད་འཛིན་མེག་ཁོ་རོན་མཆོག་ལ་མཇལ་འཕྲད་ཞུ་འཆར་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཉམ་འབྲེལ་མཐུན་ཚོགས་( the International Federation for Human Rights)དང་།   རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་པ་(the French Ligue des droits de l’Homme)སོགས་མཉམ་འབྲེལ་ཐོག ཡུལ་དེའི་སྲིད་འཛིན་མེག་ཁོ་རོན་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དཀྱིལ་སྙིང་དུ་བཟུང་བའི་ཐོག་ནས་བོད་དང་ཡུ་གུར་སོགས་ཀྱི་གནད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་ཇུས་སྐོར་གྱི་འགན་འཛིན་ཝིན་སེན་མི་ཊིན (Vincent Metten) ལགས་ཀྱིས། སྲིད་འཛིན་གཉིས་ཀྱི་མཇལ་འཕྲད་སྐབས་ཡུ་ཁེ་རིན་གྱི་གནད་དོན་དང་དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་སོགས་རྒྱལ་སྤྱིའི་ཐོག་གི་དཀའ་རྙོག་མང་པོ་ཞིག་གླེང་སློང་དགོས་ཀྱི་ཡོད་པ་གསལ་པོ་ཡིན་ཡང་། རྒྱལ་ཁབ་དང་དེ་བཞིན་ཧོང་ཀོང་། ཤར་ཊུར་ཀི་སི་ཐན། བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་དགོས་ལ། བོད་ནང་འདས་པའི་མི་ལོ་ ༦༠ ལྷག་རིང་བྱུང་དང་འབྱུང་བཞིན་པའི་དཀའ་རྙོག་གིས་ས་གནས་ས་ཐོག་དང་རྒྱལ་སྤྱིའི་བདེ་འཇགས་ལའང་ཉེན་ཁ་བཟོ་ཡི་ཡོད་སྐོར་བརྗོད་འདུག

ཧྥ་རན་སིའི་(French NGO ligue des  droits de I Homme) ཚོགས་པའི་ཚོགས་གཙོ་པེ་ཊི་རིཀ་  (Patrick Baudouin) ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་དེ་ཧྥ་རན་སིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དཀྱིལ་སྙིང་དུ་འཛིན་པར་ཧྥ་རན་སི་དང་རྒྱ་ནག་དབར་གྱི་འབྲེལ་བ་བསྐྱར་བཅོས་བྱ་རྒྱུ་གལ་ཆེན་པོ་རེད། ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་ཐོག་ནས་རྒྱ་ནག་ནང་དང་ཧྥ་རན་སིའི་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཏེ། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་སྲུང་སྐྱོབ་པ། ཧོང་ཀོང་བ། དེ་བཞིན་ཡུ་གུར་བ་དང་བོད་མི་བཅས་ལ་གནོན་ཤུགས་སྤྲོད་བཞིན་པའི་གནད་དོན་དེའི་ཐད་སྲིད་འཛིན་མེག་ཁོ་རོན་མཆོག་ནས་ངེས་པར་དུ་སྐྱོན་བརྗོད་དྲག་པོ་བྱེད་དགོས། ཞེས་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ལས་འགུལ་ཁང་གིས། ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་དུ་བོད་ནང་གི་ཆབ་སྲིད་རང་དབང་གི་གནས་བབ་དེ་བརྒྱ་ཆ་བཞི་བཅུ་ནས་གོར་ཐིག་མན་གྱི་གཉིས་ལ་ཟགས་ཡོད་པ་དང་། མི་མང་གི་རང་དབང་བརྒྱ་ཆ་ ༦༠ ནས་གཉིས་ཙམ་དུ་མར་ཟགས་ཏེ་བོད་ནང་གི་རང་དབང་གནས་སྟངས་བརྒྱ་ཆ་ ༡༠༠ ནས་ཀླད་ཀོར་དུ་གྱུར་བ་དེ་ནི་འདས་པའི་ལོ་ ༨ ནང་གི་ཆེས་སྡུག་ཤོས་ཀྱི་གནས་སྟངས་ཆགས་ཡོད་སྐོར་དང་། དེ་བཞིན་ཨ་རིའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་སྐོར་གྱི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་གཏན་འཇགས་སློབ་གྲྭར་བཅུག་སྟེ་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་པའི་གནད་དོན་ཐེར་འདོན་བྱས་ཡོད་པ་སོགས་ལུང་འདྲེན་བྱས་འདུག

ཐེངས་འདིའི་མཇལ་འཕྲད་སྐབས་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་། དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག  ཚོང་དོན་གྱི་དཀའ་ངལ། ཚན་རིག་དང་། རིག་གཞུང་། རྩེད་རིགས་མཉམ་ལས་སོགས་ཚུད་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ཐོག་གྲོས་མོལ་བྱ་རྒྱུ་ཡིན་འདུག་ལ། སྔ་ལོའི་ཕྱི་ཟླ་ ༤ པའི་ནང་ཧྥ་རན་སི་དང་རྒྱ་ནག་བར་འབྲེལ་ལམ་བཙུགས་ཏེ་མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་ཆེད་ཧྥ་རན་སིའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་ཕེབས་ཡོད་པ་རེད།

ཚེ་རིང་རྣམ་རྒྱལ་གྱིས་བསྒྱུར།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

ཆུ་ཚོད་ ༧ སྔོན་ལ།
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

ཆུ་ཚོད་ ༧ སྔོན་ལ།
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

ཆུ་ཚོད་ ༩ སྔོན་ལ།
མོན་རྟ་དབང་རྟ་དབང་རྫོང་ཁྱོན་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ངོ་དེབ་ལས་བླངས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese