མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱ་དཀར་ནག་དང་བོད་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ཞི་བའི་ལམ་ནས་ཐག་གཅོད་བྱས་ན་རྒྱ་དཀར་ནག་གི་ས་མཚམས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག

Tibetan spiritual leader Dalai Lama releasing the book on the Tibetan struggle for autonomy at Mc Leodganj, Dharmasala, Himachal Pradesh | Photo Credit: By Arrangement

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་དཀར་ནག་དང་བོད། རང་སྲིད་རང་སྐྱོང་གི་འཚོལ་སྙེག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་བསྐྱང་གནང་ཡོད་ཅིང་། དེབ་དེའི་ནང་བོད་མི་ཚོས་རང་སྲིད་རང་སྐྱོང་གི་ཆེད་དུ་འཐབ་རྩོད་བྱས་པའི་འབྱུང་ཁུངས་དང་།  རང་སྲིད་རང་སྐྱོང་ངམ་རང་བཙན་གྱི་ཆེད་དུ་ཞི་བའི་ལས་འགུལ་སྤེལ་བའི་རིམ་པ་སྣ་ཚོགས་གླེང་ཡོད་པ་མ་ཟད།  རྩོམ་པ་པོས་བོད་དོན་ཞི་བའི་ལམ་ནས་ཐག་གཅོད་བྱས་ན་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་ཡིན་པའི་རྒྱུ་མཚན་བཀོད་ཡོད་འདུག

དེབ་དེའི་ནང་འཛམ་གླིང་གི་ཡང་རྩེར་གནས་པའི་བོད་མི་ཚོས་རང་སྲིད་རང་སྐྱོང་ངམ་རང་བཙན་གྱི་ཆེད་དུ་ལོ་ངོ་བདུན་ཅུའི་རིང་ལ་ཞི་བའི་འཐབ་རྩོད་བྱས་པའི་སྐོར་དང་བོད་ཀྱི་དེང་རབས་ལོ་རྒྱུས་སྐོར་ལ་འགྲེལ་བརྗོད།  བོད་དེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ཆགས་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཡོད་ཅིང་། ཕྱི་ལོ་  ༡༩༥༠  ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་པ་དང་།  ལྷག་པར་དུ་རྒྱ་གར་དང་རྒྱ་ནག་ལ་མཚོན་ན་ས་ཁམས་ཐབས་ཇུས་ཀྱི་གལ་ཆེའི་གནད་དོན་དང་འབྲེལ་བའི་ཐོག་ནས་བོད་མིའི་རང་སྲིད་རང་སྐྱོང་གི་ཤུགས་རྐྱེན་ལ་དཔྱད་པ་དང་།   བོད་ལ་རང་སྲིད་རང་སྐྱོང་སྤྲོད་རྒྱུ་ནི་རྒྱ་དཀར་ནག་གཉིས་བར། ཧི་མ་ལ་ཡའི་ཁུལ་གྱི་རྒྱལ་སྤྱིའི་འབྲེལ་ལམ་ཀུན་གྱི་གཞི་རྩའི་གནས་བབ་དང་འབྲེལ་འདྲིས་ཡོད་སྐོར་སོགས་གླེང་སློང་བྱས་ཡོད་འདུག

དཔེ་དེབ་དེ་ནི་རྒྱ་གར་གྱི་སི་རེ་ན་རཱ་ཡ་ནཱ་(Sree Narayana) མཐོ་སློབ་ཀྱི་འབུམ་རམས་པའི་སློབ་དཔོན་ཆེན་མོ་གཞོན་པ་ལྕམ་ར་ཀེའུ་ (Rakhee Viswambharan) ལགས་ཀྱིས་བརྩམས་ཤིང་། ཨ་རིའི་ནོ་ཝ་ (Nova) གཙུག་ལག་སློབ་ཆེན་གྱིས་པར་སྐྲུན་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese