མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ། 

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མ་འོངས་པར་རྒྱལ་ཁབ་གཞན་དག་ཏུའང་རྒྱལ་ཁབ་སོ་སོའི་གནས་བབ་དང་བསྟུན་ནས་ཁྲིམས་འཆར་དང་གྲོས་ཆོད་སོགས་གཞག་ཐུབ་རྒྱུར་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་གནང་དགོས་སྐོར་སོགས་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བཟོ་སྒྲིག་བྱས།

ཁ་སང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་མག་ལེ་(Jeff Merkley) ལགས་དང་། སྐུ་ཞབས་ཊོ་ཌི་ཡང་ (Todd Young) ལགས་རྣམ་གཉིས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (S.138 Promoting a Resolution to the Tibet-China Dispute Act)་ངོ་སྤྲོད་གནང་བ་ལྟར། གྲོས་ཚོགས་གོང་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག བོད་དོན་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བསྐྱར་དུ་ཁུར་ནས་བསྐྱར་བཅོས་ཚིག་བརྗོད་ལ་མང་མོས་རྒྱབ་སྐྱོར་ཐོབ་རྗེས། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།

དེའི་ཐད་སྐུ་ཞབས་ཇེ་ཧྥི་མག་ལེ་ལགས་ཀྱིས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་ཐད་ཀྱི་ཁྲིམས་འཆར་བཏོན་པ་ནི་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པའི་སྲིད་ཇུས་ལ་ཐད་ཀར་བརྡ་ལན་གཏོང་བའི་ཆེད་དུ་ཡིན་ལ། ཁྲིམས་འཆར་ནང་ད་ལྟའང་འབྱུང་མུས་ཡིན་པའི་བོད་རྒྱའི་བཀའ་རྙོག་དང་། རྒྱ་ནག་གཞུང་གིས་བོད་དང་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་མུས་ཡིན་པའི་གནད་དོན་ཐད་རྒྱབ་སྐྱོར་མཚོན་བྱེད་ཀྱི་ཁྲིམས་འཆར་ཞིག་ཡིན་སྐོར་སོགས་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་དང་འབྲེལ་ནས་སྐར་མ་དགུ་དང་སྐར་ཆ་སོ་ལྔ་ཅན་གྱི་གསུང་བཤད་ཅིག་གནང་བའི་ནང་། དེ་རིང་ཞོགས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ་ཞིག་ཐོན་པ་རེད། ད་ལྟ་གྲོས་ཚོགས་འོག་མ་དང་། གོང་མའི་འཛིན་སྐྱོང་དང་ལྷན་ཚོགས་གཉིས་ཀ་ནས་རྒྱབ་སྐྱོར་ཐོབ་ཟིན། གྲོས་ཚོགས་འོག་མའི་ཚིག་བརྗོད་ནང་བསྐྱར་བཅོས་ཐུང་ཐུང་གཉིས་བྱས་ནས་འགྱུར་བ་ཏོག་ཙམ་ཞིག་བཏང་ཡོད་པ་རེད། ནང་དོན་ལ་འགྱུར་བ་གང་ཡང་བཏང་མེད་ནའང་། ཡིག་ཆ་དེ་གཉིས་མཐུན་པོ་བཟོ་སླད་གྲོས་ཚོགས་འོག་མར་བསྐུར་ཏེ། ཡིག་ཆ་གཅིག་གི་ངོ་བོའི་སྒང་ནས་འགྲོ་དགོས་དུས། དེར་ཉིན་གྲངས་ག་ཚོད་འགག་མིན་ད་ལྟ་ཤེས་རྟོགས་ཐུབ་ཀྱི་མ་རེད་དེ། སྲིད་འཛིན་མཆོག་གི་གསོལ་ཅོག་སྟེང་གང་མགྱོགས་འབུལ་ཐུབ་པའི་རེ་བ་ཞུ་ཡི་ཡོད། ཅེས་དང་། ད་བར་ཚང་མས་ཧུར་ཐག་འབད་ཐག་གནང་བ་རེད། འཛིན་སྐྱོང་བཀའ་ཤག་གིས་ལས་ཀ་ག་རེ་བྱས་ནའང་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་གཏོང་གིན་ཡོད་པ་དང་། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡོང་བ་ཞིག་ཡིན་པ་ལས་ཀ་བྱེད་ཀྱིན་བྱེད་ཀྱིན་ཇེ་གསལ་ཇེ་གསལ་དུ་འགྲོ་ཡི་འདུག་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་གཙོ་བོར་གཞི་བཞག་པའི་ཐོག་ནས། ང་ཚོས་ཆབ་སྲིད་དང་། འཛིན་སྐྱོང་། སྤྱི་ཚོགས་བདེ་དོན་སོགས་ཀྱི་ཐད་ལས་ཀ་གཉེར་རྒྱུའི་ཆོད་སེམས་བརྟན་པོ་ཡོད། མང་ཚོགས་ནང་དུའང་ཕན་ཚུན་ལ་རྩོད་མི་དགོས་པར། ཁྲིམས་འཆར་དེ་ཕྱིན་པ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་རྒྱ་ནག་གིས་འཁྱོག་བཤད་བྱེད་ཀྱི་ཡོད་པར་གདོང་ལེན་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ད་ལན་གྱི་ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་ཡིན་ན། རྒྱལ་ཁབ་གཞན་དག་ཏུའང་རྒྱལ་ཁབ་སོ་སོའི་གནས་བབ་དང་བསྟུན་ནས། ཁྲིམས་དང་། བསྒྲགས་གཏམ། གྲོས་ཆོད་སོགས་གཞག་ཐུབ་རྒྱུར་མཉམ་རུབ་ཀྱིས་འབད་བརྩོན་གནང་དགོས། ཞེས་གསུངས་སོང་།

ཁྲིམས་འཆར་དེའི་ནང་། ཨ་རིའི་གཞུང་འབྲེལ་གྱི་སྲིད་ཇུས་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གམ་ཁོང་གི་དམིགས་བསལ་སྐུ་ཚབ། དེ་བཞིན་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་པའི་མགོ་ཁྲིད་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་གནང་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རམ་འདེགས་གནང་རྒྱུ། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་སོགས་བོད་མི་མང་གི་མངོན་འདོད་བཞིན་སྦྱང་སྤྱོད་བྱེད་དུ་འཇུག་དགོས་པ་དང་། རྒྱ་ནག་གིས་གནའ་ནས་ད་བར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་དག་ལོ་རྒྱུས་ཀྱི་ཐོག་ནས་དྲང་བདེན་མིན་པ་གསལ་འདོན་གནང་རྒྱུ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དགའ་ལྡན་ཕོ་བྲང་ཚུད་པའི་བོད་ཀྱི་སྒྲིག་འཛུགས་ཁག་གི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་མཚམས་འཇོག་དགོས་པའི་སྐོར་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ཚང་མ་བོད་ཀྱི་མངའ་ཁོངས་ཡིན་པ་སོགས་གསལ་སྟོན་གནང་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁྲིམས་འཆར་འདི་ལ་རྒྱབ་སྐྱོར་ཐོབ་ཡོད་པ་རེད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་མག་ལེ་ (Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡང་ (Todd Young) མཆོག་བཅས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ (A Resolution to the Tibet-China Conflict Act [H.R. 533]) བཏོན་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ཉིན་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༣༩༢ ཀྱིས་རྒྱབ་སྐྱོར་དང་། འཐུས་མི་གྲངས་ ༢༨ ཀྱིས་འགག་བྱ་གནང་སྟེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༦ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese