མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་མཆོག་ནས་ས་ག་ཟླ་བར་ནང་པ་ཡོངས་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕོ་བྲང་དཀར་པོའི་ནང་རྒྱལ་ཁབ་བཅུ་ལྷག་གི་གཞུང་ཚབ་པ་ལྷན་འཛོམས་ཐོག་ནང་པའི་དུས་ཆེན་ཆེ་ཤོས་ས་ག་ཟླ་བ་སྲུང་གཙི་གནང་འདུག

Celebrating Vesak at the White House in Washington D.C. on May 5, 2023.

ཕྱི་ཚེས་ ༢༣ སྟེ་ས་ག་ཟླ་བའི་ཚེས་ ༡༥ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་དུས་ཆེན་གསུམ་འཛོམས་གྱི་དུས་ཆེན་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་དེའི་ཐོག་བལ་ཡུལ་དང། རྒྱ་གར། སིངྒ་ལ། བྷང་ལ་དྷེ་ཤི།  ཁེམ་བྷོ་ཌི་ཡ།  ཨིན་ཌོ་ནེ་ཤི་ཡ། ཐའེ་ལན་ཌི།  སིངྒ་པུར།  སོག་པོ། ལའོ་སི་བཅས་ཀྱི་གཞུང་ཚབ་ཁང་ཁག་གི་འཐུས་མི་སོགས་ཀྱིས་མཉམ་ཞུགས་གནང་འདུག

དེའི་ཐད་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷའེ་ཌན་མཆོག་གིས། ང་དང་ (Jill) གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཉིན་མོར། ཨ་རི་དང་འཛམ་གླིང་ཡོངས་སུ་ཡོད་པའི་ནང་པ་རྣམས་ལ་འཚམས་འདྲི་ཞུ་ཡི་ཡོད། ཨ་རིའི་ནང་དུ་ཡོད་པའི་ནང་པ་རྣམས་ཀྱིས་ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ་ནང་དུ་ལེགས་བཅོས་བྱས་ཡོད་པ་དང་། ང་ཚོ་ཚང་མས་གཅིག་སྒྲིལ་གྱིས་འབྱུང་འགྱུར་དོན་ལྡན་གྱི་མི་ཚེ་ཞིག་ཡོང་བར་བྱ་དགོས། ཞེས་གསུངས་འདུག

མཛད་སྒོ་དེའི་ཐོག་ཨ་རིའི་སྲིད་གཞོན་པ་ཀ་མ་ལ་ཧེ་རི་སི་མཆོག་གི་སྐུ་ཟླ་སྐུ་ཞབས་ཨིམ་ཧོབ་ལགས་ཀྱིས།  ང་ཚོས་ཕྱི་ལོ་ ༢༠༢༡ ལོར་དུས་ཆེན་འདི་ཕོ་བྲང་དཀར་པོའི་ནང་ཐེངས་དང་པོ་མི་ཉུང་ཤས་ཤིག་ལས་མེད་པའི་ཐོག་ནས་སྲུང་གཙི་ཞུས་ཡོད།  དེ་རིང་འདིར་ཕོ་བྲང་དཀར་པོའི་ནང་དུས་ཆེན་སྲུང་གཙི་བྱ་རྒྱུའི་གོ་སྐབས་ཐོབ་པ་རེད།  ཤིན་ཏུ་ཡིད་སྨོན་སྐྱེས་དགོས་པ་ཞིག་རེད་ལ། ད་ཆ་དེ་འཕེལ་རྒྱས་འགྲོ་མུས་ཡིན་པའི་ཁར། ལོ་རེ་བཞིན་མཛད་སྒོ་འདིར་མཉམ་ཞུགས་གནང་མཁན་གྱི་སྐུ་ཚབ་ཇེ་མང་དུ་འགྲོ་ཡི་ཡོད་པས།  ང་ཚོས་སྤྱི་ཚོགས་འདྲ་མིན་གྱི་མཛེས་སྡུག་དེ་གསལ་སྟོན་བྱེད་ཀྱི་ཡོད།  ཅེས་གསུངས་འདུག

President Joe Biden Thursday marked the Buddhist holiday of Vesak, recognizing the contributions of American Buddhists. He said Vesak is a time to reflect on values, including the need to work for peace and justice. Photo by Bonnie Cash/UPI | License Photo

ཡང་ཁོང་གིས། ང་རང་གིས་འཛམ་གླིང་ས་ཆ་འདྲ་མིན་གྱི་མགོ་ཁྲིད་ལ་ཐུག་མྱོང་ཡོད། ཁོ་ཚོ་དང་འབྲེལ་འདྲིས་དམ་ཟབ་ཡོད་པའི་ཚོར་བ་ཡང་བྱུང་།  ང་ཚོས་འཁོན་འཛིན་མེད་པ་བཟོ་སླད་གཅིག་སྒྲིལ་བྱ་དགོས། གང་ཡིན་ཟེར་ན། ད་ལྟ་ང་ཚོ་གཅིག་སྒྲིལ་མེད་པར་ཁ་བྲལ་བའི་དཀའ་ངལ་མང་དག་ཅིག་འཕྲད་མུས་ཡིན། རྒྱུན་དུ་ང་ཚོ་ཚང་མ་བདེ་བ་འདོད་མཁན་ཤ་སྟག་ཡིན་པའི་འདུ་ཤེས་དེ་བརྗེད་མི་རུང་བ་ཡིན། ཞེས་གསུངས་འདུག

ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་དར་ཐང་རིན་པོ་ཆེའི་སྲས་མོ་ཀུན་བཟང་དབང་མོ་ལགས་ཀྱིས། དེ་རིང་ནི་དུས་ཚིགས་འདི་སྲུང་གཙི་ཞུས་པ་ཐེངས་བཞི་པ་དེ་ཡིན་པ་དང་། ཐེངས་དང་པོའི་སྐབས་ང་ཚོ་མི་ཉུང་ཤས་ལས་མེད་པས། ད་ཆ་འདི་འདྲ་ཞིག་ཏུ་གྱུར་བ་ནི་ཆེས་ཡིད་སྨོན་བྱ་འོས་པ་ཞིག་རེད་ལ། སྐུ་ཞབས་ཨིམ་ཧོབ་ལགས་ཀྱི་བཀའ་དྲིན་ཁོ་ནར་བརྟེན་ནས་ང་ཚོས་ཕོ་བྲང་དཀར་པོའི་ནང་ས་ག་ཟླ་བ་སྲུང་གཙི་བྱུ་རྒྱུའི་གོ་སྐབས་ཤིག་བྱུང་བ་རེད། ཨ་རི་ནི་ཐེག་ཆེན་དང་ཉན་ཐོས། རང་རྒྱལ་སོགས་འཛོམས་པའི་ནང་པའི་དགོན་པ་ ༣༠༠༠ ལྷག་ཡོད་པའི་རྒྱལ་ཁབ་ཅིག་རེད། དེ་དག་གིས་སོ་སོའི་ལྟ་བ་སོགས་རྒྱུད་འཛིན་བྱེད་ཀྱི་ཡོད་པ་རེད། བདག་ཅག་གི་སྟོན་པས་ཆོས་དེ་དྲང་དོན་དང་ངེས་དོན་གཉིས་ཀྱི་ཐོག་ནས་གསུངས་ཡོད་ལ། སྟོན་པས་དེང་སྐབས་འཛམ་གླིང་འདིར་འཕྲད་མུས་ཡིན་པའི་དཀའ་སྡུག་མང་དག་ཅིག་གླེགས་བམ་དེ་དག་ཏུ་གསུངས་ཟིན་པ་རེད། དེ་རིང་འདིར་སྤར་བའི་མཆོད་མེ་འདི་ནི་ད་ཆ་འཛམ་གླིང་ནང་འཕྲད་བཞིན་པའི་དམག་འཁྲུག་དང་དཀའ་ངལ་དེ་དག་ལས་ཞི་འཇམ་ཡོང་བའི་རེ་སྨོན་གྱི་སླད་དུ་ཕུལ་བ་ཡིན། ཞེས་འགྲེལ་བརྗོད་གནང་འདུག

ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་དར་ཐང་རིན་པོ་ཆེ་མཆོག་ནས་ཐེངས་དང་པོ་ཕོ་བྲང་དཀར་པོའི་ནང་ས་ག་ཟླ་བ་སྲུང་གཙི་གནང་སྐབས་མར་མེ་ཞལ་འབྱེད་གནང་བཞིན་པ།༢༠༢༡།༠༥།༢༦

ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ སྟེ་ས་ག་ཟླ་བའི་ཚེས་ཆེན་ ༡༥ ཉིན་ཨ་མེ་རི་ཀའི་ཕོ་བྲང་དཀར་པོའི་ནང་དུ་ཐེངས་དང་པོ་མར་མེ་མཆོད་འབུལ་གནང་སྟེ་ས་ག་ཟླ་བ་སྲུང་གཙི་གནང་ཡོད་པ་མ་ཟད། སྲིད་འཛིན་མཆོག་ནས་དུས་ཆེན་གྱི་འཚམས་འདྲི་དང་སྦྲགས། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་སྙིང་རྗེ་དང་གུས་ཞབས། རང་ཤེད་མེད་པ། བཟོད་སྒོམ་གྱི་སྐོར་ལ་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད། ཉིན་མོ་འདིར་ཨ་རིའི་ནང་དུ་ཡོད་པའི་ནང་པ་རྣམས་ཀྱིས་ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ་ནང་དུ་ལེགས་བཅོས་བྱས་ཡོད་པ་དང་། ང་ཚོ་ཚང་མས་གཅིག་སྒྲིལ་གྱིས་འབྱུང་འགྱུར་མི་ཚེ་ལེགས་པོ་ཡོང་བའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

ཚེ་རིང་རྣམ་རྒྱལ་གྱིས་བྲིས།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese