མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཤཱ་ཤི་ཐ་རུར་ལགས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཀོང་རི་སི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཤཱ་ཤི་ཐ་རུར་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་འདུག

རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་ (Congress) གྲོས་ཚོགས་འཐུས་མི་དང་རྩོམ་པ་པོ་གྲགས་ཅན་ཤཱ་ཤི་ཐ་རུར་ (Shashi Tharoor) ལགས་ཀྱིས་་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། ༢༠༢༤།༠༥།༣༠ ཕོ་བྲང་གི་སྐུ་པར།

དེ་རིང་ཞོགས་པར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་ (Congress) གྲོས་ཚོགས་འཐུས་མི་དང་རྩོམ་པ་པོ་གྲགས་ཅན་ཤཱ་ཤི་ཐ་རུར་ (Shashi Tharoor) ལགས་ཀྱིས་་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་མོལ་གནང་ཡོད་འདུག

རྩོམ་པ་པོ་གྲགས་ཅན་ཤཱ་ཤི་ཐ་རུར་ལགས་ཀྱིས། དེ་རིང་བསྐྱར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བར་དགའ་པོ་ཞེ་དྲགས་བྱུང་། དེ་སྔ་ཕྱི་ལོ་ ༡༩༧༩ ཡང་ན་ ༡༩༨༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་འཇུ་རྒྱུའི་གོ་སྐབས་ཐེངས་དང་པོ་བྱུང་། དུས་དེ་ནས་བཟུང་ང་རང་༧མགོན་པོ་གང་ཉིད་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐེངས་གསུམ་ཡང་ན་བཞི་ཙམ་བྱུང་། དེ་རིང་ཁོང་གིས་བྱམས་སྙིང་རྗེ་དང་ཤེས་རབ། ཆོས་ལུགས་ཕན་ཚུན་འཆམ་མཐུན་དགོས་པའི་སྐོར་དང་། རྒྱ་གར་དུ་ལོ་ངོ་ ༥༠ ལྷག་བཞུགས་པ་དང་རྒྱ་གར་ལ་བརྩི་མཐོང་ཆེན་པོ་གནང་གི་ཡོད་པ། ཚན་རིག་པ་དང་ལྷན་དུ་གྲོས་མོལ་གནང་རྒྱུའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་སོང་། ༧མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་ཞིང་། བྱམས་སྙིང་རྗེ་དང་ཤེས་རབ་ཀྱི་སྐོར་ལ་བཀའ་སློབ་མང་པོ་གནང་རྒྱུའི་གསོལ་འདེབས་ཞུ་ཡི་ཡོད། ཁོང་ཉིད་ཀྱི་བྱིན་རླབས་ཡོད་པའི་ཁ་བཏགས་འདི་གནང་བྱུང་། ངའི་སེམས་པ་ཞེ་དྲགས་ཚིམས་སོང་། ཞེས་གསུངས་འདུག

ད་དུང་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་མཇལ་ཁ་ཞུ་སྐབས་ཁོང་ཉིད་ཀྱིས་སྒྲོན་མེ་སྤར་བ་ལྟ་བུའི་ཚོར་སྣང་བྱུང་། ངས་ཁོང་ཉིད་ལ་ང་ཚོའི་ཚོགས་པའི་ནང་ཁ་ཆེ་བ་གཉིས་དང་ཡི་ཤུ་བ་ ༡། ཧིན་རྡུ་ ༢ ཡོད་ཅེས་ཞུས་པ་ཡིན། ང་ཚོས་ཀྱང་བྱམས་སྙིང་རྗེ་དགོས་པ་དང་ང་ཚོའི་སྤྱི་ཚོགས་ནང་ཆོས་ལུགས་མཐུན་འབྲེལ་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་ཉིད་ཀྱིས་ང་ཚོར་བྱིན་རླབས་གནང་བར་དགའ་པོ་ཞེ་དྲགས་བྱུང་། ཞེས་གསུངས་འདུག

མཇལ་ཁར་བཅར་བའི་སྐོར་ལ་ཁོང་གིས་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱིན་རླབས་འཐོབ་རྒྱུ་དང་། ཁོང་ཉིད་མཇལ་ཁ་ཞུ་རྒྱུའི་ཆེད་དུ་ཡིན། འདས་པའི་ལོ་ཁ་ཤས་ནང་ང་རང་ལ་༧མགོན་པོ་གང་ཉིད་མཆོག་ཐེངས་བཞི་ཡང་ན་ལྔ་ཙམ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་། ལོ་མང་པོ་ཕྱིན་པའི་རྗེས་སུ་སླར་ཡང་དེ་འདྲའི་གོ་སྐབས་བྱུང་བར་རྩ་ཆེན་པོ་ཞེ་དྲགས་ཆགས་ཀྱི་ཡོད་པ་རེད། ཁོང་ཉིད་ཀྱིས་འཛམ་བུ་གླིང་ལ་མང་པོ་ཞིག་གནང་ཡོད་པ་རེད། ཅེས་བརྗོད་འདུག

རྩོམ་པ་པོ་གྲགས་ཅན་ཤཱ་ཤི་ཐ་རུར་ལགས་ནི་ཕྱི་ལོ་ ༡༩༥༦ ཟླ་ ༣ ཚེས་ ༩ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ (London) དུ་སྐྱེས། རྒྱ་གར་ཏ་མིལ་ན་ཌུ་ (Tamil Nadu) ཡི་གྲོང་སྡེ་ཡར་ཁོ་ཌི་ (Yercaud) རུ་ཡོད་པའི་མོན་ཧྥོར་ཌི་སློབ་གྲྭ་ (Monfort School) རུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༦༢ ལོར་མོམ་བྷེ་རུ་རྟེན་གཞི་བྱས་པའི་ཀེམ་པི་ཡོན་སློབ་གྲྭ་རུ་སློབ་སྦྱོང་བྱས་རྗེས། ལྡི་ལི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་རྒྱུས་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། དེ་ནས་ཨ་རིར་ཡོད་པའི་ (Tufts University) མཐོ་སློབ་ཏུ་རྒྱལ་སྤྱིའི་འབྲེལ་ལམ་དང་། ཁྲིམས་ལུགས་དང་ཕྱི་སྲིད་ལས་དོན་གྱི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། དེ་བཞིན་རྒྱལ་སྤྱིའི་འབྲེལ་ལམ་དང་ལས་དོན་གྱི་འབུམ་རམས་པ་དང་སྨན་པའི་ལག་འཁྱེར་ཐོབ།

ཕྱི་ལོ་ ༡༩༧༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་རྟོག་ཞིབ་ཚོགས་པའི་ (UN High Commissioner for Refugees) ཚོགས་མིའི་ནང་ཕྱག་ལས་གནང་། དེ་ནས་ཕྱི་ལོ་ ༡༩༨༩ ལོར་ཆབ་སྲིད་ལས་དོན་གྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པའི་ལས་རོགས་དང་། ༢༠༠༢ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་ཀོང་རེ་སི་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་དབུས་ཕྱི་སྲིད་དང་ཤེས་རིག་བློན་ཆེན་ཟུར་པའི་ཕྱག་ལས་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༧ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese