མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་བསྩལ།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དང་སང་ཉིན་ཉིན་གྲངས་གཉིས་རིང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་བཀའ་དྲིན་བསྩལ་གནང་གི་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱང་བཞིན་པ། ༢༠༢༤།༦།༣ དུས་བབ་ཀྱི་པར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་ཆུང་ཆུང་སྐབས་སུ་བློ་རྟགས་ཀྱི་སྡོམ་གཉིས་པོ་བློ་ལ་འཛིན་པ་རེད། སྔོན་གྱི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་ཚོས་ཡུན་རིང་པོའི་དོན་དག་ལ་དགོངས་པ་བཞེས་ཏེ། བོད་རིགས་ཚོ་བློ་རིག་དང་རྟགས་རིགས་བལྟ་རྒྱུ་ཞིག་དང་། དེ་ཡང་ཆོས་ཀློག་པ་ལྟ་བུ་མིན་པར་བློ་རྟགས་ཀྱི་སྡོམ་དེ་བློ་ལ་འཛིན་གྱི་ཡོད་པ་རེད། ངོས་རང་ལ་ཆ་བཞག་ན། ཆུང་ཆུང་སྐབས་ནས་བློ་རྟགས་ཀྱི་སྡོམ་གཉིས་པོ་ཟིན་ཡོད་པ་རེད། ཉིན་རེར་ཉིན་རེར་སྐྱོར་གྱི་ཡོད། གང་ལྟར་དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། ང་ཚོ་བོད་པས་ནང་ཆོས་སློབ་སྦྱོང་བྱ་རྒྱུ་དེ་བླ་མས་བཀའ་ཆོས་གནང་སྟེ་སྐྱབས་སུ་མཆིས་ཟེར་བསྡད་པ་མིན་པར་གཞུང་གལ་ཆེ་བ་དེ་དག་དང་བློ་རྟགས་ཀྱི་སྡོམ་བློ་ལ་ཟིན་ནས་སྐྱོར་གྱི་ཡོད་པ་རེད། སྔོན་གྱི་དགེ་རྒན་ཚོའི་ཕྱག་ལས་ཡག་པོ་ཞེ་དྲགས་རེད་འདུག དོན་དག་སྔོན་ལ་མ་ཤེས་ནའང་ཚིག་འདི་བློ་ལ་ཟིན་ནས་སྐྱོར་རྒྱུ་ཡོད་པ་དང་། རིམ་པས་ག་ལེར་ག་ལེར་དགེ་རྒན་གྱིས་ཚིག་འདི་འགྲེལ་བཤད་བསྐྱོན་པ་སོགས་ཡག་པོ་ཞེ་དྲགས་རེད་འདུག ཅེས་གསུངས།

༧མགོན་པོ་གང་ཉིད་ཀྱིས། ང་ཚོ་བཙན་བྱོལ་བ་ཆགས་ནས་བསྡད་ཡོད་རེད། ཆེ་ས་ནས་བཤད་པ་ཡིན་ན། འཛམ་བུ་གླིང་འདིའི་སྒང་ལ་ནང་ཆོས་ལ་དོ་སྣང་དེ་ཙམ་མེད་པ་དང་། ང་ཚོ་བོད་རིགས་ལ་ཆ་བཞག་ནའང་གཞུང་ཆེན་བལྟ་རྒྱུར་དེ་ཙམ་གྱིས་དོ་སྣང་མེད་པའི་ཟོལ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་དུས་ཚོད་ལ་ང་ཚོ་འདིར་བཙན་བྱོལ་བ་ཉུང་ཤས་ཤིག་ཡོད་པ་དེ་དག་གིས་ང་ཚོས་ལོ་སྟོང་ཕྲག་གི་རིང་ལ་བདག་པོ་བརྒྱབ་པའི་རིགས་ལམ་གྱི་གཞུང་དེ་དག་སློབ་གཉེར་བྱེད་པ་ཙམ་མིན་པར་ཚིག་དེ་དག་བློ་ལ་བཟུང་ནས་སྐྱོར་རྒྱུ་ཡོད་པ་དེ་ཡག་པོ་ཞེ་དྲགས་རེད་འདུག སྔ་མོ་རྒྱ་ནག་ལའང་དཔེ་ཆ་བལྟ་རྒྱུ་ཡག་པོ་ཡོད་ས་རེད། ཝི་ཐི་ནམ་ལའང་ཡོད་ཀྱི་རེད་དེ། ང་རང་ཚོ་བོད་པ་ཚོས་ཆུང་ཆུང་སྐབས་ནས་བློ་རིག་དང་རྟགས་རིགས་བལྟ་རྒྱུ་དང་། བློ་རྟགས་ཀྱི་སྡོམ་བློ་ལ་བཟུང་ནས་མིག་དཔེ་ཡག་པོ་ཞེ་དྲགས་རེད་འདུག ངོས་རང་ལ་ཆ་བཞག་ནའང་། ཆུང་ཆུང་སྐབས་ནས་བློ་རྟགས་ཀྱི་སྡོམ་ཉིན་ལྟར་སྐྱོར་གྱི་ཡོད། བློ་རིག་གི་སྡོམ་དང་རྟགས་རིགས་ཀྱི་སྡོམ་གྱིས་ང་ཚོའི་བློའི་རིགས་དེ་གང་འདྲ་ཡིན་མིན་དང་། བློའི་གཏན་ཚིགས་ཀྱི་རིག་པ་བཀོལ་ནས་འགྲོ་དགོས་པ་དེ་དག་རྟགས་རིགས་ཡག་པོ་ཞེ་དྲགས་རེད་འདུག ང་ཚོ་ཆུང་ཆུང་སྐབས་ནས་བློ་རྟགས་ཀྱི་སྡོམ་བློ་ལ་བཟུང་ནས་ཉིན་ལྟར་སྐྱོར་གྱི་ཡོད། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་བོད་ཀྱི་ཆོས་ཀྱི་རིག་གཞུང་བདག་པོ་རྒྱག་སྟངས་དེ་འདོན་པ་བཏོན་པ་དང་སྨོན་ལམ་རྒྱག་པ་གཅིག་པུ་མིན་པར་གཞུང་དེ་དག་བློ་ལ་བཟུང་ནས་བལྟ་རྒྱུ་དེ། དངོས་གནས་དྲང་གནས་ང་ཚོ་བོད་པའི་མིག་ལྟོས་ཡག་པོ་ཞེ་དྲགས་རེད་འདུག ཅེས་གསུངས།

མང་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཉན་བཞིན་པ། ༢༠༢༤།༦།༣ དུས་བབ་ཀྱི་པར།

ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་ལ་ཆ་བཞག་ནའང་། ཏཱ་ལའི་བླ་མ་རེད་ཟེར་ནས་བཞུགས་ཁྲིའི་སྒང་ལ་སྡོད་ཀྱི་ཡོད་རེད་དེ། དཔེ་ཆ་སྐྱོར་དུས་བློ་རིག་གི་སྡོམ་དང་རྟགས་རིགས་ཀྱི་སྡོམ་དེ་དག་ཧུར་ཐག་འབད་ཐག་སྐྱོར་གྱི་ཡོད། ཕན་ཐོགས་ཆེན་པོ་དང་ཡག་པོ་འདུག དེ་དུས་དོན་དག་གང་ཡང་ཤེས་ཀྱི་མེད། དོ་སྣང་ཡང་མེད་པ་རེད། དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ནང་ཆོས་ཀྱི་སེམས་ཁམས་རིག་པའི་འགྲོ་སྟངས་དེ་དག་ལ་དོ་སྣང་གསར་པ་བསླེབས་ཡོང་དུས། ཆུང་ཆུང་སྐབས་ནས་བློ་རིག་དང་རྟགས་རིགས་བློ་ལ་འཛིན་པ་དང་ཉིན་ལྟར་བཏོན་པ་དེ་དངོས་གནས་དྲང་གནས་ཀྱིས་ཕན་ཐོགས་ཡོད་པ་དང་དགོས་པ་རྒྱུ་མཚན་ཡོད་པ་ཞིག་མཐོང་གི་འདུག ང་ཚོ་བོད་ལ་དེ་འདྲའི་སྲོལ་ཡོད་པ་དེ་ཡག་པོ་ཞེ་དྲགས་རེད་འདུག ཆུང་ཆུང་སྐབས་སུ་དོན་དག་གང་ཡང་ཤེས་ཀྱི་མེད་རེད་དེ་ཚིག་དེ་དག་བཟུང་ནས་རིམ་པས་དོན་དག་དེ་དག་ལ་བསམ་བློ་གཏོང་དུས་དངོས་གནས་དྲང་གནས་ཀྱིས་བློའི་འགྲོ་སྟངས་དང་གཏན་ཚིགས་རིག་པའི་འགྲོ་སྟངས་དེ་དག་བློ་རིག་དང་རྟགས་རིགས་ཀྱི་སྡོམ་གཉིས་པོའི་ཐོག་ནས་ཡག་པོ་ཞེ་དྲགས་ཤེས་ཀྱི་འདུག ངོས་རང་ཆུང་ཆུང་སྐབས་ནས་བློ་རྟགས་ཀྱི་སྡོམ་དེ་འཛིན་གྱི་ཡོད། ཆུང་ཆུང་སྐབས་དོ་སྣང་གང་ཡང་མེད་པ་རེད། ག་ལེར་ག་ལེར་དཔེ་ཆ་ལྟ་དུས་ཆུང་ཆུང་སྐབས་ནས་འཛིན་པ་དེ་དག་གོ་བ་ལེན་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད་འདུག ཅེས་གསུངས།

ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་ཆུང་ཆུང་སྐབས་སྐུ་འབུམ་གྱི་ཚོགས་ཆེན་ལ་འགྲོ་དུས་རོགས་པ་དེ་ཚོས་ཨ་ར་པ་ཙ་བགྲངས་པ་གསལ་པོ་ཞེ་དྲགས་དྲན་གྱི་འདུག ཆུང་ཆུང་སྐབས་ནས་གོམས་འདྲིས་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཨ་ར་པ་ཙ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་རེད། ངོས་རང་ལ་ཆ་བཞག་ནའང་སྐལ་བ་བཟང་པོ་ཡིན་བསམ་གྱི་འདུག ཆུང་ཆུང་སྐབས་ནས་ཨ་ར་པ་ཙ་བགྲང་གི་ཡོད། ང་ཚོ་བོད་པ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཡག་པོ་འདུག ཁྱེད་རང་ཚོ་སློབ་ཕྲུག་ཚོས་ཤེས་རབ་ཆེ་བ་དང་གསལ་བ། མྱུར་བ་དེ་དག་དོ་སྣང་བྱེད་ན་སློབ་ཚན་ག་རེ་བསླབ་པ་ཡིན་རུང་མགྱོགས་པོ་ཤེས་པ་ཙམ་དུ་མ་ཟད། ཚིག་རེ་རེའི་དོན་དག་ཟབ་པོ་བསམ་བློ་གཏོང་ཐུབ་པ་ཞིག་དང་། དེ་ཡིན་ན་དེ་ཡིན་དགོས་ཀྱི་རེད་ཟེར་བའི་བསམ་བློ་དེ་གལ་ཆེན་པོ་ཞེ་དྲགས་རེད། ང་རང་ཚོ་བོད་པའི་སློབ་གྲྭར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་རྒྱུ་དང་། ཨ་ར་པ་ཙ་བགྲངས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ན། ང་ཚོའི་བློ་གྲོས་ཆེ་བ་དང་གསལ་བ། མྱུར་བ། ཟབ་པ་སོགས་ཡག་པོ་ཞེ་དྲགས་ཡོང་ཐུབ་ཀྱི་རེད། ཁྱེད་རང་ཚོས་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ། ཨ་ར་པ་ཙ་ཡག་པོ་བགྲོངས། ཧུར་ཐག་བྱོས་ཤོག་ཨ། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

སྐར་མ ༢༣ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese