མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཚད་མའི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ཐེངས་བདུན་པའི་ཐོག་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་བརྒྱུད་ཁག་ལ་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་དུས། རང་རྒྱལ་གཞན་ཕམ་གྱི་བློ་ཡོངས་སུ་དོར་སྟེ་བགྲོ་གླེང་གནང་དགོས་སྐོར་གསུངས་འདུག

ཁམས་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ་འཚོག་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།༢༠༢༤།༠༦།༠༣

དེ་རིང་ཕྱི་ཚེས་ ༣ ནས་ཉིན་གྲངས་བཞི་རིང་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ།  བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ཐེངས་བདུན་པ་འཚོག་བཞིན་ཡོད་ཅིང་།  ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཁམས་སྤྲུལ་དཔལ་ལྡན་ངེས་དོན་ཉི་མ་འཇིགས་མེད་མཆོག་དང་། དམིགས་བསལ་སྐུ་མགྲོན་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། སྤྲུལ་སྐུ་སྤོབས་པ་རབ་འབྱམས་མཆོག དོན་རྒྱལ་དགའ་ཚལ་གླིང་གི་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་མཆོག  ཆོས་བརྒྱུད་ཁག་ནས་བགྲོ་གླེང་གནང་མཁན་དགེ་འདུན་པ་དང་བཙུན་མ་གྲངས་ ༡༨ དང་། ཕྱོགས་མཐའ་ཁག་གི་དགོན་སྡེ་གྲངས་ ༣༢ ནས་ཚོགས་བཅར་བ་གྲངས་ ༢༥༠ ལྷག    དགོན་པ་དེའི་གྲྭ་མང་འདུས་སྡེ་བཅས་གདན་འཛོམས་བྱུང་ཡོད་འདུག

ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་ཀྱིས། བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༡ པའི་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཕེབས་པའི་དགོངས་དོན་བཞིན། བཤད་སྒྲུབ་བསྟན་པ་གོང་འཕེལ་གྱི་ཚོགས་འདུ་འཚོག་མགོ་བཙུགས་པ་དང་བསྟུན། ཕྱི་ལོ་ ༢༠༡༥ ནས་བཟུང་ཆོས་བརྒྱུད་རིས་མེད་ཐོག་བསྐོར་བ་བརྒྱབ་སྟེ་བགྲོ་གླེང་ཚོགས་འདུ་འཚོག་པའི་ལམ་སྲོལ་ཞིག་ཆགས་པ་རེད། ད་ལན་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་ཁོངས་ཁམས་པ་སྒར་དུ་འཚོགས་པའི་གོ་སྐབས་ཐོབ་ཡོད། བགྲོ་གླེང་ཚོགས་འདུ་འདིའི་བརྒྱུད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་གོང་དུ་འཕེལ་བ་དང་། ལྷག་པར་བོད་ནང་སོ་སོའི་ཆོས་བརྒྱུད་ཀྱི་བཤད་སྒྲུབ་བསྟན་པ་གོང་སྤེལ་གཏོང་བ་མ་གཏོགས། ཆོས་བརྒྱུད་ཕན་ཚུན་བར་འབྲེལ་བ་ཞེ་དྲགས་ཡོང་གི་མེད་པ་རེད། འདིར་གཡུང་དྲུང་བོན་དང་བཅས་པའི་རིས་མེད་ཆོས་བརྒྱུད་ཁག་ས་གནས་གཅིག་ཏུ་གདན་འཛོམས་ཏེ་བགྲོ་གླེང་གནང་བའི་གོ་སྐབས་ཐོབ་ཡོད་པས། ཆོས་བརྒྱུད་ཕན་ཚུན་བར་གྱི་དམ་ཚིག་དང་། འབྲེལ་ལམ་དམ་ཟབ་ཡོང་བའི་དགེ་མཚན་ཆེན་པོ་ཡོད། ཅེས་བརྗོད་སོང་།

སྐྱབས་རྗེ་ཁམས་སྤྲུལ་དཔལ་ལྡན་ངེས་དོན་ཉི་མ་འཇིགས་མེད་མཆོག་གིས། སྔོན་གྱི་དུས་སུ་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བདེན་པ་བཞི་བསྐོར་བ་ནས་བཟུང་། རྒྱ་གར་གྱི་པཎ་གྲུབ་གྲངས་ལས་འདས་བ་བྱུང་ནས་མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེན་དར་རྒྱས་བྱུང་བ་དང་། རིམ་བཞིན་བོད་གངས་ཅན་གྱི་ལྗོངས་ཀྱི་ལོ་ཙཱ་བ་དང་མཁས་གྲུབ་སོགས་ཀྱི་འཆད་རྩོད་རྩོམ་གསུམ་བརྟེན་ནས་བསྟན་པ་རིན་པོ་ཆེ་ཉི་མ་བཞིན་དུ་ཤར་བ་རེད། བར་ལམ་དུས་ཀྱི་འཕོ་འགྱུར་དབང་གིས་བོད་ནང་གི་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པར་ཉམས་ཆག་བྱུང་ཡོད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་འཕྲིན་ལས་དང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་བླ་མ་དགེ་བའི་བཤེས་གཉེན་སོགས་ཀྱིས་དཀའ་བ་དང་དུ་བླངས་ཞིང་། ངལ་བ་ཁྱད་དུ་བསད་དེ་བཤད་སྒྲུབ་ཀྱི་བསྟན་པའི་ཐོག་ཐོས་བསམ་སྒོམ་གསུམ་གནང་བར་བསྟུན། ད་ལྟའི་ཆར་བསྟན་པ་གོང་དུ་སྤེལ་ཏེ་ང་ཚོས་མཐོང་ཆོས་སུ་གྱུར་བ་ཞིག་ཏུ་ཆགས་ཡོད་པ་རེད། མ་འོངས་པའི་རྒྱལ་བའི་བསྟན་པ་ཅི་འདྲ་ཆགས་རྒྱུ་དེའང་ད་ལྟའི་རང་རིགས་རྣམས་ཀྱི་འགན་འཁུར་ཆགས་ཡོད། ཅེས་གསུངས་སོང་།

གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ་འཚོག་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༦།༠༣

ཡང་ཁོང་གིས། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་ཐུགས་བསམ་བཞེས་རྒྱུ་གལ་ཆེན་པོ་རེད། དེང་སྐབས་དུས་ཀྱི་དབང་དུ་ཕྱེ་ན་དུས་སྙིགས་མར་ཁེལ་ཡོད་པར་བརྟེན། སངས་རྒྱས་ཀྱི་བསྟན་པ་སྤེལ་བར་ཆགས་སྡང་ཕྱོགས་རིས་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་པར། འཛམ་བུ་གླིང་གི་འགྲོ་བར་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཆེད་དུ། བཤད་སྒྲུབ་སོགས་ཀྱི་སྒོ་ནས་གཅེས་སྤྲས་བྱེད་པའི་གསོལ་བ་འདེབས་རྒྱུ་ཡིན། སྐབས་སུ་བབ་པའི་གཞུང་ཆེན་རིས་མེད་བགྲོ་གླེང་གི་བརྗོད་གཞི་ནི་ཚད་མའི་སྐོར་རེད་ལ། འདི་ཡང་སློབ་དཔོན་ཕྱོགས་གླང་དང་། སློབ་དཔོན་ཆོས་གྲགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་གཞུང་ཞིག་ཆགས་ཡོད། སངས་རྒྱས་ཀྱི་བསྟན་པའང་ཧ་ཅང་ཟབ་ཞིང་རྒྱ་ཆེ་བ་ཞིག་ཡིན་པས། དེ་ཡང་གོ་ཐོས་ཙམ་དང་འོལ་ཚོད་ཀྱི་རྗེས་སུ་མི་འབྲངས་བར་ཐོས་བསམ་དཔྱིས་ཕྱིན་པ་བྱས་ཏེ། སྒྲོ་འདོགས་བཅད་ནས་བསྟན་པར་དག་ཐེར་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། བོད་བརྒྱུད་ནང་བསྟན་གྱིས་ནང་པ་སངས་རྒྱས་པའི་བསྟན་པ་སྤྱིའི་ངོ་བོ་ཉམས་སུ་ལེན་བཞིན་ཡོད་ཀྱང་། རིས་མེད་ཀྱི་ཆོས་བརྒྱུད་ཁག་ལ་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་དུས། བློ་གྲོས་ཀྱི་སྒོ་ཡོངས་སུ་ཕྱེ་བའི་ཐོག་རང་རྒྱལ་གཞན་ཕམ་གྱི་བསམ་པ་ཡོངས་སུ་དོར་སྟེ། བགྲོ་གླེང་སྐབས་ཆོས་བརྒྱུད་ཕན་ཚུན་བར་གྱི་ལྟ་གྲུབ་ལ་བགྲོ་གླེང་ལྷུག་པོ་གནང་དགོས། ཞེས་གསུངས་སོང་།

གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ནི་ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༡ ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༣ ལོའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་དུ་བཞག་འདུག ཕྱི་ལོ་ ༢༠༡༥ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དང་པོ་འཚོགས་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ལོར་བཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཚོགས་ཐེངས་གཉིས་པ་འཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དཔལ་ལྡན་ས་སྐྱའི་མཐོ་སློབ་ཏུ་ཚོགས་ཐེངས་གསུམ་པ་འཚོགས།  ཕྱི་ལོ་ ༢༠༡༩ ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཚོགས་ཐེངས་བཞི་བ་འཚོགས། ཕྱི་ལོ་ ༢༠༢༠ ལོར་སྔ་འགྱུར་རྙིང་མའི་གདན་ས་ཐེག་ཆེན་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཚོགས་ཐེངས་ལྔ་བ་འཚོགས། ཕྱི་ལོ་ ༢༠༢༣ ལོར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཐེངས་དྲུག་པ་བཅས་འཚོགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese