མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་བརླགས་ནས་མི་ལོ་ ༡༡ ཕྱིན།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༦ ཚེས་ ༨ ཉིན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག  བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་ཆེད་བཞུགས་སྒར་དྷ་ས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཏེ། ནུབ་བྷང་གྷལ་གྱི་བོད་འཕགས་ས་མཚམས་ནས་བོར་བརླག་ཏུ་ཕྱིན་ནས་མི་ལོ་ ༡༡ སོང་བའི་ཉིན་མོ་སྲུང་གཙི་གནང་སོང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་རྗེས་དྲན་གྱི་མཛད་སྒོའི་ཐོག་སྤྱི་ཟུར་རྨོག་རུ་བསྟན་པ་རྒྱ་མཚོ་ལགས་ཀྱིས། སྤྱིར་དེ་རིང་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་འབྲེལ་བའི་གཏམ་གསར་པ་དང་། གནས་ཚུལ་གསར་པ་སོགས་ཅི་ཡང་བཤད་རྒྱུ་མེད། དེ་རིང་གི་ཉིན་མོ་འདིར་ཁོང་ཉིད་བོར་བརླག་ཏུ་གྱུར་ནས་མི་ལོ་ ༡༡ ཕྱིན་པའི་རྗེས་དྲན་བྱེད་ཀྱི་ཡོད་པ་རེད་ལ། ཟླ་ཚེས་དེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླིང་ཚ་ཀ་ལིང་པོག་ནས་བོར་བརླག་ཏུ་གྱུར་བའི་ཚེས་གྲངས་དེ་ཁེལ་ཡོད་ཀྱང་། ངས་ཚེས་གྲངས་དེ་ཏག་ཏག་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད། རྒྱུ་མཚན་གང་ཡིན་ཟེར་ན། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༡༡  ཉིན་གླིང་ཚ་སྒང་ཐོག་ཏུ་ཡོད་ཅེས་ཁ་པར་བསླེབས་སོང་། དེའི་རྗེས་ནས་གྲགས་འགུལ་གང་ཡང་མེད་པར་བོར་བརླག་ཏུ་གྱུར་བའི་གནས་ཚུལ་ཐོན་ཡོད་པས། དངོས་གནས་ཁོང་བོར་བརླག་ཏུ་གྱུར་བའི་ཚེས་གྲངས་དེ་ཕྱི་ཟླ་ ༦ ཚེས་ ༡༡ ལ་རེད། ཅེས་དང་། འདས་པའི་ལོ་ཤས་རིང་གླིང་ཚ་གང་དུ་ཡོད་རེད་དམ་ཞེས་པའི་དྲི་བ་དེ་ཚང་མར་ཡོད་པའི་ཁར། ཁ་ཤས་ཀྱིས་ཁོང་ཉིད་རྒྱ་གར་དམག་མིས་བཟུང་ཡོད་པ་དང་། ཡང་ལ་ཤས་ཀྱིས་བོད་ནང་དུ་ཡོད་པའི་དོགས་སློང་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ད་ལྟ་བོད་དང་རྒྱ་གར་དམག་མི་སོགས་ཀྱིས་འཛིན་བཟུང་བྱས་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་བདེན་དཔང་ཅི་ཡང་མེད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས། དེ་རིང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གླིང་ཚའི་གནད་དོན་དེ་གླེང་གི་ཡོད་ཀྱང་། དོན་དངོས་ཐོག་ཁོང་གིས་མི་རིགས་ཤིག་གི་སྐྱིད་སྡུག་དང་རང་དབང་འཐབ་རྩོད་སླད། རང་གི་ནང་མི་བུ་ཕྲུག་སོགས་བློས་གཏོང་གིས་ཞི་བའི་འཐབ་རྩོད་ཀྱི་ལམ་བུ་འདིར་བསྙེགས་པ་ཡིན་པས། བཙན་བྱོལ་བོད་མིའི་ཆབ་སྲིད་འཐབ་རྩོད་ཀྱི་གོ་རིམ་ཁྲོད་ནས་བོད་མི་ཡོངས་ཀྱིས་གླིང་ཚ་གླེང་དགོས་ཏེ། ཁོང་གིས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི་བོད་མི་ས་ཡ་དྲུག་གིས་རིང་ནས་སྙིང་ལ་བརྣགས་པའི་འདོན་འདུན་ཞིག་ཡིན་པ་ལས། གླིང་ཚ་མི་སྒེར་གྱི་དགོས་དོན་དོན་ཚན་ཞིག་གཏན་ནས་མིན་སྐོར་དང་། བཙན་བྱོལ་བོད་མིའི་ཚོགས་པ་ཁག་དང་མི་སྒེར་སོགས་ཀྱི་གླིང་ཚ་ཚ་གླེང་དང་འཚོལ་ཞིབ་བྱ་དགོས་ན། ཐོག་མར་ཁོང་གིས་བོད་དོན་ཞི་བའི་ལས་འགུལ་གྱི་དགོས་དམིགས་དང་། རྒྱབ་ལྗོངས། འཐབ་རྩོད་ཀྱི་གོ་རིམ། དགོས་འདུན་དོན་ཚན་དེ་དག་གི་ཐབས་ལམ་སོགས་ཀྱི་ཐད་ནས་ཞིབ་འཇུག་དང་འཚོལ་སྙེག་བྱ་རྒྱུ་ཧ་ཅང་གལ་ཅེན་ཡིན་སྐོར་སོགས་བརྗོད་སོང་།

བོད་དོན་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།

ཕྱི་ལོ ༢༠༡༢ ལོར་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་འདས་མོ་ལྡོམ་པོ་སྐྱིད། སྲིང་མོ་ལྷ་མོ་སྐྱིད་བཅས་ཀྱིས་གསུམ་བཅུའི་དུས་དྲན་ཉིན་དྷ་ས་ནས་མགོ་འཛུགས་ཏེ། བོད་དོན་ཆེད་ཞི་བའི་གོམ་བགྲོད་ཀྱིས་ཕ་ཡུལ་བོད་དུ་འགྲོ་འཆར་བྱས་ཏེ་བལ་ཡུལ་བརྒྱུད་བསྐྱོད་སྐབས། གླིང་ཚ་ཚེ་བརྟན་རྡོ་རྗེ་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཟླ་དགུའི་རིང་བཀག་ཉར་བྱས། ཁོང་བལ་ཡུལ་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས། ༢༠༡༣ ལོའི་གསུམ་བཅུའི་དུས་དྲན་ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགོས་འདུན་དོན་ཚན་ ༥ ཡི་འོག བཞུགས་སྒར་དྷ་རམ་ས་ལ་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་ ༢ པ་མགོ་འཛུགས་ཀྱིས་ཉིན་གྲངས་ ༨༩ རིང་རྒྱ་གར་མངའ་སྡེ་ ༦ཙམ་བརྒྱུད་དེ། ཁྱོན་སྤྱི་ལེ་ ༢༡༤༨ ཙམ་གྱི་སར་ཞི་བའི་གོམ་བགྲོད་གནང་རྗེས། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞོགས་པར། རྒྱ་གར་ནུབ་བྷིང་གྷིལ་(West Bengal)མངའ་སྡེའི་ཀ་ལོན་སྦུག་སྲད་རྒྱུད་གྲྭ་ཚང་ནས་རྐང་འཁོར་དང་ཅ་ལག་ཚང་མ་བཞག་སྟེ་གར་སོང་ཆ་མེད་ཆགས་ཡོད་ཅིང་། འདི་ལོར་བོད་དོན་ལས་འགུལ་བ་ཁོང་བོར་བརླག་ཏུ་གྱུར་ནས་མི་ལོ་ ༡༡ འཁོར་གྱི་ཡོད་འདུག

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་ཕྱིར་བོད་ནང་དུ་ཕེབས་སུ་འཇུག་དགོས། ཆ་རྐྱེན་གང་ཡང་མེད་པར་༧པན་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་ཀློད་གྲོལ་་གཏང་དགོས། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུར་རང་དབང་སྤྲད་དགོས། བོད་མིར་རང་ཡུལ་གྱི་ཆོས་གོས་དང་། གོམས་གཤིས་སོགས་རང་དབང་ཆ་ཚང་སྤྲད་དགོས། ད་ལྟ་བོད་ནང་དུ་སྡུག་སྦྱོང་དང་། མནར་གཅོད་གཏོང་མཁན་རྒྱ་ནག་གི་དམག་མི་ཡོངས་རྫོགས་བོད་ནས་ཕྱིར་འཐེན་བྱ་དགོས་པ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཆོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་དྲ་རྒྱ་དང་སྤྱི་ཚོགས་དྲ་གནས་ཁག་ཅིག དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཟླ་གཉིས་རིང་སྤྱི་ཚོགས་དྲ་ལམ་ལ་སྔར་ལས་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
སྒྱུ་རྩལ་འགྲེམས་སྟོན་ལ་ཁ་གཡར་ཏེ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་ངོ་རྒོལ་བྱས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༩།༢༤
Mobile App

སྒྱུ་རྩལ་འགྲེམས་སྟོན་ལ་ཁ་གཡར་ཏེ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་ངོ་རྒོལ་བྱས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་པ་མགོ་འཛུགས་གནང་།  

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལ་དོ་དབྱིངས་ཆེ་བའི་རྒྱ་རིགས་བུད་མེད་བོད་མིང་ལ་དབང་མཚོ་དང་རྒྱ་མིང་ལ་ཀྲང་ཡ་ཌི། སྐལ་བཟང་ཡར་འཕེལ་གྱི་པར།
Mobile App

བོད་མིར་དགའ་ཞེན་ཆེ་བའི་རྒྱ་རིགས་བུད་མེད་ཅིག་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར།

༢༠༢༥/༠༩/༢༣
ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ། ༢༠༢༥།༠༩།༢༢ ཐད་གཏོང་གི་པར།
Mobile App

དཔལ་ས་སྐྱའི་ཆབ་འབངས་ཡོངས་ཀྱི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༢
ཕྱི་ཚེས་ ༢༡ ནས་ ༢༨ བར་ཉིན་གྲངས་དགུའི་རིང་དྷ་རམ་ས་ལར་སྟོང་བཙན་རྐང་སྤོལ་རྩེད་འགྲན་འཚོག་གི་འདུག
Mobile App

སྟོང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་རྩེ་ཡི་འདུག

༢༠༢༥/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese