མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་རྒྱ་གར་གཉིས་ཀྱི་ཚོང་ལམ་སྒོ་འབྱེད་རྒྱུའི་རེ་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཚོང་འབྲེལ་བ་རྣམས་ཀྱིས་རྒྱ་ནག་པེ་ཅིན་གཞུང་གིས་ས་མཚམས་ཀྱི་ཚོང་འབྲེལ་སླར་ཡང་སྒོ་འབྱེད་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱ་ནག་དང་རྒྱ་གར་གྱི་ཚོང་ལམ་ལི་པུ་ལེག དྲ་ལམ་གྱི་པར།

ཉེ་ལམ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱི་ཚོང་ལམ་ལི་པུ་ལེག་ (Lipulekh pass) སྒོ་བརྒྱབ་ཡོད་པ་མ་ཟད། རྒྱ་ནག་ནང་ཡོད་པའི་རྒྱ་གར་གྱི་ཚོང་པ་རྣམས་བཙན་གྱིས་ཕྱིར་རྒྱ་གར་དུ་བཏང་ཡོད་འདུག

ཏོག་དབྱིབས་གཉན་རིམས་རྗེས་ནས་ད་བར་ཚོང་ལམ་སྒོ་བརྒྱབ་པའི་རྐྱེན་གྱིས་ཚོང་པའི་འཚོ་གནས་ལ་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། རིམ་པས་རྒྱ་ནག་དང་བལ་ཡུལ་བར་གྱི་ས་མཚམས་ཚོང་ལམ་ ༡༤ ཙམ་སྒོ་ཕྱེས་ཡོད་ཀྱང་། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཚོང་ལམ་སྒོ་བརྒྱབ་ནས་མི་ལོ་ལྔ་ཕྱིན་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་ཚོང་ལམ་སྒོ་ཕྱེས་མེད་པར་བརྟེན། རྒྱ་གར་གྱི་ཚོང་པ་དང་བལ་ཡུལ་གྱི་ཚོང་པ་མང་པོ་ཞིག་གིས་ཚོང་དོན་གཉེར་མ་ཐུབ་པའི་རྐྱེན་གྱིས་ས་གནས་མི་མང་གི་དཔལ་འབྱོར་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱི་ཡོད་པས། ཚོང་ལམ་དེ་བསྐྱར་དུ་སྒོ་འབྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

དེ་འབྲེལ་འཕགས་བོད་ས་མཚམས་ཀྱི་ཚོང་འབྲེལ་ཚོགས་པའི་ཚོགས་གཙོ་ཇི་ཝན་སིང་ (Jeewan Singh Rongkali) གིས། ད་བར་རྒྱ་གར་དབུས་གཞུང་ལ་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཚོང་ལམ་སྒོ་འབྱེད་དགོས་པའི་སྐོར་ལ་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་གྱི་ཡི་གེ་ཐེངས་ ༢༢ བཏང་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་ལན་འདེབས་གང་ཡང་སྤྲད་མེད་སྐོར་དང་། ཕྱི་ལོ་ ༢༠༡༩ ལོར་ཚོང་ལམ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་གར་གྱི་གདོད་མའི་ཚོང་པ་ ༤༥༠ ལྷག་གི་ཅ་དངོས་རྣམས་རྒྱ་ནག་ནང་ལྷག་ཡོད་པ་དང་། ཅ་དངོས་དེ་དག་གི་གནས་སྟངས་གང་འདྲ་ཡོད་མེད་ཤེས་རྟོགས་གང་ཡང་མེད་སྐོར་སོགས་བརྗོད་འདུག

ད་ལྟའི་ཆར་བོད་དང་རྒྱ་གར་དབར་ལ་སྐམ་སའི་ཚོང་ལམ་གསུམ་ཡོད་པའི་ཁྲོད་ནས། ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་རྗེས་ཆེས་ཐོག་མར་ཕྱེས་པའི་ཚོང་ལམ་དེ་ནི། ཕྱི་ལོ་ ༡༩༩༢ ལོར་བསྐྱར་གསོ་བྱུང་བའི་བོད་མངའ་རིས་སྤུ་ཧྲེང་རྫོང་དང་རྒྱ་གར་གྱི་བྱང་ཕྱོགས་ཨུ་ཏ་ར་ཁན་ཌི་ (Uttarakhand) མངའ་སྡེའི་དྷར་ཅུ་ལ་ (Darchula) རྫོང་གི་ས་མཚམས་སུ་ཆགས་པའི་ལི་པུ་ལེག་ (Lipulekh) ཅེས་པ་དེ་ཡིན་ཞིང་། དེ་ནི་གནའ་སྔ་མོ་ནས་ཚོང་ལམ་ཙམ་དུ་མ་ཟད་རྒྱ་གར་གྱི་ཧིན་དྷུའི་ཆོས་ལུགས་རྗེས་འབྲང་བ་རྣམས་གངས་རིན་པོ་ཆེར་གནས་མཇལ་དུ་སྐྱོད་པའི་ལམ་བུ་གཙོ་བོ་ཞིག་ཡིན་པ་རེད། ཚོང་ལམ་གཉིས་པ་ནི་སྲིབ་སྐྱིད་ལའི་ཚོང་ལམ་ (Shipki La) དེ་ཕྱི་ལོ་ ༡༩༩༤ ལོར་བསྐྱར་གསོ་བྱུང་བ་དང་། ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་གནས་སྐབས་ཚོང་ལམ་སྒོ་བརྒྱབ་ནས་ ༢༠༢༣ ལར་སླར་ཡང་སྒོ་ཕྱེས་འདུག གསུམ་པ་ནི་ལོ་ངོ་ ༤༤ རིང་སྒོ་བརྒྱབ་རྗེས་མཐར་ཕྱི་ལོ་ ༢༠༠༦ ལོར་བསྐྱར་གསོ་བྱས་པའི་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་དང་བོད་ཀྱི་གྲོ་མོ་དང་ས་འབྲེལ་ཡིན་པའི་རྣ་ཐོས་ལ་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ བར་རྣ་ཐོས་ལ་དེ་ཉིད་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་ཤིག་དང་། རྒྱ་གར་གྱི་གངས་རིན་པོ་ཆེ་གནས་མཇལ་བ་རྣམས་ཀྱི་བགྲོད་ལམ་དུའང་གཏན་འབེབ་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese